22
ཨབ༌ར༌ཧམ༌མི༌ ཏད༌པའ༌ ཚོད༌ལྟ༌།
ལོ༌ ཁ༌ཅིག༌གི༌ སྟིང༌ནེ༌ དཀོན༌མཆོག༌གི༌ ཨབ༌ར༌ཧམ༌མི༌ ཏད༌པའ༌ ཚོད༌ལྟ༌ ཛདས༌། ཁོང༌ངི༌ ཁོའ༌ བོད༌ད༌ ཛདས༌, "ཨབ༌ར༌ཧམ༌།"
ཨབ༌ར༌ཧམ༌མི༌ ཟེརས༌, "ང༌ འི༌ཀ༌ནེ༌ ཡོད༌ལེ༌།"
དཀོན༌མཆོག༌གི༌ མོལས༌, "ཁྱོ༌རང༌ངི༌ བུ༌ཚ༌ ཅིག༌ཅིག༌ ཨི༌སཱག༌ ཀ༌བོའ༌ ཁྱོ༌རང༌ངི༌ མའ༌ ཡ༌ཤ༌ ཅོའད༌, ཁྲིད༌ཏེ༌ མོ༌རའཧ༌ ཡུལ༌ཇོངས༌ལ༌ སོང༌། ཏེ༌རུ༌ ངའེ༌ ལྟན༌ཁན༌ནི༌ རི༌ཀ༌ ཁྱོ༌རང༌ངི༌ ཁོའེ༌ སྲོག༌ ངའེ༌ ཕིའ༌ ཆོད༌པ༌ ཕུལ༌ཏེ༌ མེའ༌ སྲོག༌།"
ཐོ༌རེ༌ཟུག༌པོ༌ ང༌ཏོག༌ ང༌མོ༌ནེ༌ ཨབ༌ར༌ཧམ༌མི༌ བུང༌བུའ༌ གྱབ༌ཆ༌ སྟདས༌ ཡང༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ ཤིང༌ ཅད༌ཏེ༌ ཀལས༌། ཨི༌སཱག༌ དང༌ ཞང༌ ཡོག༌པོ༌ ཉིས༌ ཁོ༌རང༌ ཉམ༌པོ༌ ཁྲིད༌ཏེ༌ དཀོན༌མཆོག༌གི༌ མོལ༌ཁན༌ནི༌ ནས༌ས༌བོའ༌ ཆ༌ཅེས༌ གོ༌ཟུག༌། ཞག༌ སུམ༌པའེ༌ ཞག༌ག༌ ཨབ༌ར༌ཧམ༌མི༌ ཏེ༌ ནས༌ས༌བོ༌ ཐག༌རིང༌ཞིག༌ནེ༌ ཐོང༌། ཏེ༌ནེ༌ ཁོའེ༌ ཡོག༌པོ༌གུན༌ལ༌ ཟེརས༌, "ཁྱོ༌ཞའ༌ འི༌ཀ༌ བུང༌བུ༌ ཉམ༌པོ༌ དུག༌, བུ༌ཚ༌ དང༌ ངའ༌ འ༌ཀ༌ སོང༌ཏེ༌ དཀོན༌མཆོག༌ག༌ ཅོལ༌ཨིན༌, ཅོལ༌ ཚར༌ཏེ༌ སྟིང༌ནེ༌ ང༌ཞའ༌ ལོགས༌ཏེ༌ ཡོང༌ཨིན༌།"
ཨབ༌ར༌ཧམ༌མི༌ ཨི༌སཱག༌ག༌ ཆོད༌པ༌ ཕུལ༌ཅེས༌སི༌ ཤིང༌བོ༌ ཁུར༌ཅུགས༌, ཡང༌ ཁོའེ༌ གྲི༌ དང༌ སྤར༌ཅེས༌སི༌ ཕིའ༌ སོལ༌ལེ༌ མེ༌ ཁུར༌ཏེ༌ ཁོང༌ ཉིས༌ཀོ༌ གྲུལ༌ཨིན༌ ཆའ༌ ཟ༌ནེ༌, ཨི༌སཱག༌གི༌ ཟེརས༌, "ཨ༌བ༌ལེ༌?"
ཁོའེ༌ ལན༌སལས༌, "ཅི༌ སོང༌ ངའེ༌ བུ༌ཚ༌?"
ཨི༌སཱག༌གི༌ ཏྲིས༌, "ང༌དང༌ངི༌ ལག༌ག༌ མེ༌ དང༌ ཤིང༌ ཡོད༌ཏེ༌ ཨིན༌ནོག༌ ཨིན༌ནའང༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ ལུ༌གུ༌ ཀ༌རེ༌?"
ཨབ༌ར༌ཧམ༌མི༌ ལན༌ཏངས༌, "དཀོན༌མཆོག༌ ཁོང༌རང༌ངི༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ ལུ༌གུ༌ སལ༌ལ༌ ཛད༌ཨིན༌" ཡང༌ ཁོང༌ ཉིས༌ཀོ༌ གྲུལ༌ཨིན༌ ཆའད༌པིན༌།
ཁོང༌གུན༌ དཀོན༌མཆོག༌གི༌ མོལ༌ཁན༌ནི༌ ནས༌སའེ༌ཀ༌ ལེབ༌བ༌ཅིག༌, ཨབ༌ར༌ཧམ༌མི༌ ཆོད༌ཁྲི༌ཞིག༌ རྩིགས༌ ཡང༌ ཤིང༌གུན༌ ཏེ༌ཀ༌ རིགས༌། ཏེ༌ནེ༌ ཁོའེ༌ ཁོ༌རང༌ངི༌ བུ༌ཚ༌ ཨི༌སཱག༌ ལྡམས༌ཏེ༌ ཆོད༌ཁྲི༌ཀ༌ ཤིང༌གུན༌ནི༌ ཁེ༌ཐོག༌ག༌ བོརས༌། 10 ཏེ༌ནེ༌ ཁོའེ༌ ཁོ༌རང༌ངི༌ བུ༌ཚ༌ སད༌ཅེས༌ལ༌ གྲི༌བོ༌ ལེནས༌། 11 ཨིན༌ནའང༌ ཏེན༌ན༌ ཏུས༌ལ༌ ནམ༌ཁའ༌ནེ༌ ཡ༌ཝའེ༌ ཕོ༌ཉའེ༌ ཁོའ༌ བོད༌ད༌ ཛདས༌, "ཨབ༌ར༌ཧམ༌, ཨབ༌ར༌ཧམ༌། ཁོའེ༌ ལན༌ཏངས༌, "ང༌ འི༌ཀ༌ནེ༌ ཡོད༌ལེ༌།"
12 ཁོང༌ངི༌ མོལས༌, "བུ༌ཚའ༌ ལག༌པ༌ མ༌རྩེ༌ ཡ༌ ནོད༌ མ༌སྐྱལ༌། ཁྱོ༌རང༌ངི༌ དཀོན༌མཆོག༌གི༌ ཇིགས༌ དང༌ རྩི༌ཝའེ༌ ནང༌ང༌ མི༌ཚེ༌ ཕུད༌ཁན༌བོ༌ ངའ༌ ཧ༌གོ༌ ཅིའ༌ཟེར༌ན༌ ཁོ༌རང༌ངི༌ རང༌ངི༌ བུ༌ཚ༌ ཅིག༌ཅིག༌པོའང༌ ངའེ༌ ཕིའ༌ ཏང༌ཅེས༌ལ༌ ཐེ༌ཚོམས༌ མ༌ཅོས༌།"
13 ཨབ༌ར༌ཧམ༌མི༌ ཀེན༌ལ༌ ལྟས༌, ཁོའ༌ ལུག༌ཕོ༌ ཞིག༌གི༌ ར༌ཅོ༌ ཚེར༌མང༌ངི༌ ནང༌ང༌ ཁད༌ཏེ༌ ཐོང༌། ཏེ༌ནེ༌ ཁོའེ༌ ལུག༌ཕོ༌ ཁྱོངས༌ཏེ༌ ཁོ༌རང༌ངི༌ བུ༌ཚའེ༌ ཚབས༌ལ༌ སྲོག༌ཆོད༌ལ༌ ཏངས༌། 14 ཨབ༌ར༌ཧམ༌མི༌ ཏེ༌ ནས༌ས༌བོའ༌ "ཡ༌ཝའེ༌ སལ༌ལ༌ ཛད༌ཨིན༌" ཟེར༌ཏེ༌ མིང༌ ཏགས༌། ཡང༌ དང༌དི༌རིང༌ངའང༌ མི༌གུན༌ནི༌, "ཡ༌ཝའེ༌ ཨིན༌ཁན༌ནི༌ རི༌ཀ༌ ཁོང༌ངི༌ སལ༌ལ༌ ཛད༌ཨིན༌" ཟེར༌ར༌ནོག༌།
15 ཏེ༌ནེ༌ ནམ༌ཁའ༌ནེ༌ ཡ༌ཝའེ༌ ཕོ༌ཉའེ༌ ཨབ༌ར༌ཧམ༌མ༌ ལན༌ ཉིས༌པ༌ བོད༌ད༌ ཛད༌ཏེ༌ 16 མོལས༌, "ཡ༌ཝའེ༌ མོལས༌, 'ཁྱོ༌རང༌ངི༌ རང༌ངི༌ བུ༌ཚ༌ ཅིག༌ཅིག༌པོའང༌ ངའེ༌ ཕིའ༌ ཏང༌ཅེས༌ལ༌ ཐད༌ པ༌སང༌ ངའེ༌ ང༌རང༌ངི༌ མིང༌ངི༌ ནང༌ང༌ ནའ༌ ཁུར༌ཏེ༌ ཁ༌ཆད༌ ཅོའད༌, 17 ངའེ༌ ཁྱོ༌རང༌ང༌ ཏན༌ཏན༌ལ༌ ཅིན༌ལབས༌ ཏང༌ཨིན༌, ཁྱོ༌རང༌ངི༌ པུར༌གྱུད༌ ནམ༌མི༌ སྐར༌མ༌ ཡང༌ ཚོའེ༌ ཐའ༌མའེ༌ པེ༌མ༌ ཙོགས༌ མང༌པོ༌ གྱུར༌ཨིན༌། ཁྱོ༌རང༌ངི༌ པུར༌གྱུད༌གུན༌ནི༌ ཁོ༌རང༌གུན༌ནི༌ གྲ༌འོའེ༌ གྱལ༌ས༌གུན༌ ངའ༌ཡོག༌ག༌ ཁྱོང༌ཨིན༌། 18 ཁྱོ༌རང༌ངི༌ པུར༌གྱུད༌ གྱུད༌ཏེ༌ གྱལ༌ཁམས༌ ཚང༌མ༌ལ༌ ཅིན༌ལབས༌ ཐོབ༌ཨིན༌, ཅིའ༌ཟེར༌ན༌ ཁྱོ༌རང༌ངི༌ ངའེ༌ བཀའ༌ ཁའ༌ ཉནས༌།' "
19 ཏེ༌ནེ༌ ཁོང༌གུན༌ ཁོང༌རང༌ངི༌ ཡོག༌པོ༌གུན༌ ཡོད༌ས༌ ལོགས༌ཏེ༌ སོང༌ ཡང༌ ཁོང༌ ཚང༌མ༌ བེར༌ཤེ༌བའ༌ ལོགས༌ཏེ༌ སོང༌ ཀ༌རུ༌ ཨབ༌ར༌ཧམ༌ ནས༌ཏེ༌ དུགས༌།
ན༌ཧོར༌རི༌ བུ༌ཚ༌གུན༌
20 ཏུས༌བན༌ཤིག༌གི༌ སྟིང༌ནེ༌ ཨབ༌ར༌ཧམ༌མ༌ ཁོའེ༌ ནོ༌ ན༌ཧོར༌ལ༌ མིལ༌ཀ༌ གྱུད༌ཏེ༌ ཕྲུ༌གུ༌ ཇོར༌ཁན༌བོ༌ གྱུས༌སོང༌། 21 གོ༌སྐྱེས༌ བུ༌ཚ༌ ཨུཟ༌, ཁོའེ༌ ནོ༌ བའས༌, ཀེ༌མུའེལ༌ ཨ༌རམ༌མི༌ ཨ༌བ༌, 22 ཀེ༌སིད༌, ཧ༌ཟོ༌, པིལ༌དེས༌, ཇིད༌ལབ༌ དང༌ བེ༌ཐུལ༌། 23 བེ༌ཐུལ༌ ར༌བེ༌ཀའེ༌ ཨ༌བ༌ གྱུར༌། མིལ༌ཀ༌ གྱུད༌ཏེ༌ ཨབ༌ར༌ཧམ༌མི༌ ནོ༌ ན༌ཧོར༌ལ༌ ཏེ༌ བུ༌ཚ༌ རྒྱད༌ཀོ༌ ཇོར༌ཏེ༌ ཨིན༌པིན༌། 24 རིའུ༌མ༌ ཟེར༌ཁན༌ནི༌ ཚེ༌ཡོག༌ ན༌མ༌ གྱུད༌ཏེ༌ ན༌ཧོར༌ལ༌ ཏེ༌བ༌, ག༌ཧམ༌, ཏ༌ཧཤ༌ དང༌ མའེ༌ཀ༌ ཟེར༌ཁན༌ནི༌ བུ༌ཚ༌གུན༌ ཇོར༌།