ཡུ༌དཱའེ༌ ཆོགས༌ནེ༌ ཆག༌བྲིས༌།
ཡུ༌དཱའེ༌ ཆོགས༌ནེ༌ ཆག༌བྲིས༌སི༌ སྐོར༌།
འི༌ ཆག༌བྲིས༌ བྲིའ༌ ཛད༌ཁན༌ནི༌, ཁོ༌རང༌ ཡ༌ཀོབ༌ ༼ཀ༌བོ༌ ཡེ༌རུ༌ཤ༌ལེམ༌མི༌ ཆོས༌ཚོགས༌སི༌ འུ༌སྐྱོང༌ ཨིན༌པིན༌༽ ཁོའེ༌ ནོ༌ དང༌ ཡེ༌ཤུའི༌ ཞབ༌སྟོག༌པ༌ ཨིན༌ ཟེར༌དུག༌། ཆོས༌སི༌ ནང༌ང༌ ཁས༌པ༌ མང༌པོའེ༌ འི༌ ཡུ༌དཱ༌ ནི༌ ཡེ༌ཤུའི༌ ནོ༌ ཨིན༌ནོག༌ ཟེར༌ར༌ནོག༌། ༼ཀ༌བོ༌ མད༌ཐཱའེ༌ 13:55 ཡང༌ མར༌ཀུས༌སི༌ 6:3 ནང༌ང༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌༽།
ཁས༌པ༌གུན༌ནི༌ འི༌ ཆག༌བྲིས༌པོ༌ ཡེ༌ཤུའི༌ སྐུ༌ཚབས༌གུན༌ སོན༌ཏེའ༌ ཡོད༌དི༌ ཏུས༌, ཀ༌བོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌, ལོ༌ 33 ནེ༌ 47 ནི༌ པར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌ ཟེར༌ར༌ནོག༌།
ཡུ༌དཱའེ༌ འི༌ ཆག༌བྲིས༌ བྲི༌ཅེས༌སི༌ གྱུན༌ཚན༌བོ༌ ཏད༌པ༌ཅན༌གུན༌ལ༌ ཟུས༌མའེ༌ ལོབ༌པོན༌ དང༌ ཁོང༌ གུན༌ནི༌ ལབ༌ཞ༌གུན༌ནེ༌ སྤང༌པུད༌ཅེས༌ དང༌ སྔུན༌ལ༌ ཏད༌པ༌ ཕངས༌ཁན༌གུན༌ལ༌ ཆད༌པ༌ ཕོག༌ཁན༌གུན༌ ཨིད༌ཏུ༌ སྐུལ༌ཅེས༌པོ༌ ཨིན༌པིན༌། ཁོང༌ངི༌ འི༌ ཆག༌བྲིས༌ སིལ༌ཁན༌གུན༌ལ༌ མི༌གུན༌ མ༌ཤི༌ཀའེ༌ ཏད༌པའེ༌ ནང༌ང༌ ཁྱོང༌ཅེས༌པོ༌ ཁག༌ཅན༌, ཡང༌ དཀོན༌མཆོག༌གི༌ སྐྱོབ༌བ༌ ཛད༌ཅེས༌པོ༌, ཁོང༌གུན༌ལ༌ ཨིད༌ཏུ༌ སྐུལ༌ཅེས༌སི༌ དོད༌པ༌ ཉམ༌པོ༌ བྲིའ༌ ཛདས༌།།
1
ཡུ༌དཱའེ༌ ཆོགས༌ནེ༌ ཇུ༌།
1:1 ནེ༌ 2
1 ཇུ༌ལེ༌, ང༌ ཡུ༌དཱ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ དང༌ ཡ༌ཀོབ༌བི༌ ནོ༌ ཨིན༌།
ངའེ༌ འི༌ ཨི༌གེ༌བོ༌, བོད༌ད༌ ཛད༌ཁན༌, དཀོན༌མཆོག༌ ཡབ༌བི༌ སྙིང༌ནེ༌ ཅེས༌པ༌ ཛད༌ཁན༌ ཡང༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཕིའ༌ སྐྱོབས༌ཏེ༌ བོར༌ར༌ ཛད༌ཁན༌ གུན༌ལ༌ བྲིའད༌།
2 ངའེ༌ མོས༌ལམ༌ ཞུའད༌, དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ སྙིང༌རྗེ༌, ཞི༌དེ༌ དང༌ ཅམས༌པ༌ གུན༌, མང༌ནེ༌ མང༌ང༌ སལ༌ཤིག༌།
ལོབ༌པོན༌ ཟུས༌མ༌གུན༌ནི༌ ཇིགས༌ནང༌།
1:3 ནེ༌ 16
3 ཅེས༌པའེ༌ སྤུན༌གུན༌, ཞན༌ཏ༌ ང༌ ཁྱོ༌ཞ༌གུན༌ལ༌ ང༌དང༌ ཚང༌མའ༌ ཐོབ༌ཅེས༌སི༌ ཐར༌པའེ༌ སྐོར༌ལ༌ བྲི༌ཅེས༌ལ༌ རིངས༌ཨིན༌ ཡོད༌, ཨིན༌ནའང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ ལན༌ཅིག༌ ཏུས༌གྱུན༌ནི༌ ཕིའ༌ ཁོང༌ངི༌ དམ༌པ༌ མི༌གུན༌ནི༌ ལག༌ག༌ སྟད༌ད༌ ཛད༌ཁན༌ནི༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ བྲི༌གོ༌ཤེས༌པོ༌ ཁག༌ཅན༌ སམ༌མ༌རག༌།
4 ངའེ༌ ཏེ༌བོ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌, ཅིའ༌ཟེར༌ན༌ ངན༌པ༌ མི༌ ཁ༌ཅིག༌ ཁྱོ༌ཞ༌གུན༌ནི༌ ཆོས༌ཚོགས༌སི༌ ནང༌ང༌ སང༌ཝའེ༌ ཐོག༌ནེ༌ དྲེས༌ ཚར༌ཏེ༌ ཨིན༌། ཏེ༌གུན༌ནི༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ དོན༌བོ༌ གྱུར༌ཏེ༌ ང༌དང༌གུན༌ལ༌ ངན༌པའེ༌ མི༌ཚེ༌ ཕུད༌ཅེས༌སི༌ རང༌ཝང༌ ཡོད༌ཏེ༌ ཨིན༌ནོག༌ ཟེར༌ར༌ནོག༌། ཏུས༌ མང༌པོ༌ཞིག༌གི༌ སྔུན༌ལ༌ ཏེ༌ཟུག༌ མི༌གུན༌ལ༌ ཆད༌པ༌ ཕོག༌ཅེས༌སི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ང༌དང༌གུན༌ནི༌ གྱལ༌པོ༌ དང༌ གཙོ༌བོ༌ ཅིག༌པོ༌ ཞུགས༌ཁན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའ༌ ངོ༌ལོག༌ ཅོ༌རུག༌།
5 ཞན༌ཏ༌ ཁྱོ༌ཞ༌གུན༌ལ༌ འི༌གུན༌ནི༌ སྐོར༌ལ༌ ལན༌ མང༌པོ༌ ཚོར༌ཏེ༌ ཨིན༌ནོག༌། ངའེ༌ ཁྱོ༌ཞ༌གུན༌ལ༌ གཙོ༌བོ༌ དཀོན༌མཆོག༌གི༌ ཨིས༌ར༌ཨེལ༌པ༌གུན༌ ཨི༌ཇིབ༌ ཡུལ༌ལི༌ ཚེ༌ཡོག༌ནེ༌ ཐར༌ ཅུག༌ག༌ ཛད༌ཏེའང༌, སྟིང༌ནེ༌ ཁོང༌ངི༌ཀ༌ ཨིད༌ཤེས༌ མ༌ཅོས༌ཁན༌གུན༌, མེད༌ཁན༌ ཅོའ༌ ཛད༌ཁན༌བོ༌ ཨིད༌ཏུ༌ སྐུལ༌ཉིན༌རག༌།
6 ཡང༌ ཝང༌ཆའེ༌ ཚད༌ སལ༌ལ༌ ཛད༌ཁན༌བོའ༌ མ༌ཐད༌ཁན༌ནི༌ ཕོ༌ཉ༌གུན༌ནི༌ ཏེ༌ ཀོ༌ས༌བོ༌ ཕངས༌། དཀོན༌མཆོག༌གི༌ ཏེ༌གུན༌ མུན༌གྲིག༌གི༌ ནང༌ང༌ མ༌ནེ༌ མི༌ཆད༌ཅེས༌སི༌ ལྕག༌ཐག༌ག༌ ལྡམས༌ཏེ༌ ཁྲིམས༌ཅད༌དི༌ ཏེ༌ ཞག༌ ཀྲག༌པོའེ༌ ཕིའ༌ བོར༌ར༌ ཛདས༌།
7 སོ༌དོམ༌ དང༌ ག༌མོ༌ར༌རི༌ གྱལ༌ས༌ ཡང༌ ཉེ༌ཁོར༌རི༌ གྲོང༌ཁྱེར༌པ༌ གུན༌ ཨིད༌ཏུ༌ ཅོ༌ཤིག༌, ཀ༌གུན༌ནི༌ མི༌ཚེ༌ ལུས༌བྲེལ༌ ངན༌པ༌ དང༌ དོད༌པ༌ ངན༌པའེ༌ ནང༌ང༌ ཕུདས༌པ༌, དཀོན༌མཆོག༌གི༌ མེ༌ ཉམ༌པོ༌ མེད༌ཁན༌ ཅོའ༌ ཛདས༌། ཏེ༌གུན༌, ཐའ༌མེད༌པའེ༌ མེའེ༌ ཆད༌པ༌ ཕོག༌ཅེས༌ཅན༌གུན༌ནི༌ ཕིའ༌, སྤེ༌ཞིག༌ ཨིན༌ནོག༌།
8 ཏེན༌ན༌ ཙོགས༌ ཏེ༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌, དཀོན༌མཆོག༌གི༌ ཁོང༌གུན༌ལ༌ ཉི༌ལམ༌མི༌ ནང༌ང༌ སྕོད༌ལམ༌ ངན༌པའེ༌ མི༌ཚེ༌ ཕུད༌ཅེས༌སི༌ རང༌ཝང༌ སལ༌ཏེ༌ ཨིན༌ ཟེར༌ར༌ནོག༌། ཏེ༌གུན༌ནི༌ ཝང༌ ཡོད༌ཁན༌གུན༌ལ༌ གྱབ༌གལ༌ ཅོས༌ཏེ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ནི༌ ཟིར༌རྗིད༌ཅན༌གུན༌ལ༌ ངན༌པ༌ ཟེར༌ཏེ༌ ཨིན༌ནོག༌།
9 ཨིན༌ནའང༌ ཕོ༌ཉ༌གུན༌ནི༌ འུ༌སྐྱོང༌, མེ༌ཀཱ༌འེལ༌ལིའང༌, ལུང༌སྟོན༌པ༌ མོ༌ཟེས༌སི༌ སྤུར༌རི༌ སྐོར༌ལ༌ རྡུད༌གུན༌ནི༌ གོ༌བ༌ ཉམ༌པོ༌ ཁྲབ༌པ༌ ཛད༌ཏུས༌, ཁོང༌ང༌ ཁོའེ༌ སྕོད༌པའེ༌ སྐོར༌ལ༌ ངན༌པ༌ ཟེར༌ཅེས༌སི༌ ཧམ༌པ༌ མ༌ཡོངས༌, ཨིན༌ནའང༌ ཁོང༌ངི༌ མོལས༌, "གཙོ༌བོའེ༌ ཁྱོད༌ལ༌ ཁྲིམས༌ཅད༌ ཛད༌ཤིག༌།"
10 ཨིན༌ནའང༌ འི༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌, ཧ༌མ༌གོ༌ཁན༌ ཚང༌མའེ༌ གྱབ༌གལ༌ལ༌ སྤེ༌ར༌ ངན༌པ༌ ཏང༌ང༌ནོག༌། ཡང༌ སམ༌བ༌ མེད༌ཁན༌ནི༌ རིའི༌ སེམས༌ཅན༌ ཙོགས༌ལ༌, ཁོ༌རང༌གུན༌ནི༌ དོད༌པ༌ ནང༌ཞིན༌ ཅོ༌ཅེས༌པོའེ༌, ཁོ༌རང༌གུན༌ མེད༌ཁན༌ ཆ༌ཅུག༌ག༌ནོག༌།
11 ཏེ༌གུན༌ལ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌, ཅིའ༌ཟེར༌ན༌ ཏེ༌གུན༌, ཨ༌དཱམ༌མི༌ བུ༌ཚ༌ ཀ༌ཡིན༌ནི༌ ལམ༌ ངན༌པའེ༌ཀ༌ གྲུལ༌ཏེ༌ ཨིན༌ནོག༌། ཡང༌ ཏེ༌གུན༌ནི༌ ནོར༌རི༌ ཕིའ༌ ལུང༌སྟོན༌པ༌ སྡིག༌ཅན༌ བཱ༌ལའམ༌ ཙོགས༌སི༌ ནོར༌ཁྲུལ༌ ཅོས༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌ག༌ ངོ༌ལོག༌ ཅོ༌ཁན༌ ཀོ༌ར༌ ཙོགས༌ལ༌, ཁོང༌གུན༌ལ༌ ཏན༌ཏན༌ ཆད༌པ༌ ཕོག༌ཨིན༌།
12 ཆད༌པའ༌ མ༌ཇིགས༌ཁན༌ནི༌ ཏེ༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌, ཁྱོ༌ཞའ༌ ཉམ༌པོ༌ དམ༌པའེ༌ སོལ༌རས༌སི༌ ནང༌ང༌, ཁག༌ ལེན༌ཏེ༌ ཏེ༌བོའ༌ ཁྲེལ༌བ༌ ཁྱོངས༌ཏེ༌ ཨིན༌ནོག༌། ཁོང༌གུན༌ ཁོ༌རང༌ ཅིག༌པོའ༌ ལྟ༌སྟོག༌ ཅོ༌ཁན༌ནི༌ ཁྲེལ༌མེད༌དི༌ ལུག༌རྫི༌གུན༌ ཨིན༌ནོག༌། ཁོང༌གུན༌ ཆུ༌ མེད༌ཁན༌ ཕན༌མི༌ཐོགས༌སི༌ སྲིན༌ ལུངས༌པོའེ༌ ཁྲིད༌ཏེ༌ ཁྱེར༌ཁན༌གུན༌ ཙོགས༌ ཨིན༌ནོག༌, ཡང༌ ཁོང༌གུན༌ ཤིང༌ཏོག༌ མ༌ནེ༌ མ༌ཆགས༌ཁན༌ནི༌ ལྕང༌མ༌ ཙོགས༌ ཨིན༌, ཀ༌བོ༌ པ༌ཀྲག༌ནེ༌ ཕར༌ལ༌ ཕུད༌པ༌ ཤིའད༌།
13 ཁོང༌གུན༌ ཝང༌སྲུལ༌ མ༌ཉན༌ཁན༌ནི༌ གྱ༌ཚོའེ༌ ཆུལ༌བག༌ ཙོགས༌ ཨིན༌ནོག༌, ཀ༌གུན༌ནི༌ ཁྲེལ༌མེད༌དི༌ སྦོའ༌གུན༌ ཀེན༌ལ༌ ཕང༌ང༌ནོག༌། ཏེ༌གུན༌ སྐར༌མ༌ ཏོན༌ཏག༌ མེད༌པ༌ གྲུལ༌ཁན༌གུན༌ ཙོགས༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཁོང༌གུན༌ ཏུས༌གྱུན༌ དུག༌ཅེས༌སི༌ ཕིའ༌, མུན༌གྲིག༌གི༌ ནས༌ས༌ ཚང༌མའེ༌སང༌ ཏིང༌ཅན༌བོ༌ ལྡམ༌མ༌ ཛད༌ཏེ༌ ཨིན༌ནོག༌།
14 ཨ༌དཱམ༌ནེ༌ མི༌རབས༌ རྡུན༌པ༌ ཨིན༌ཁན༌ནི༌ ཧ༌ནོག༌གི༌ ཏེ༌གུན༌ནི༌ སྐོར༌ལ༌ མ༌འོང༌ ལུང༌སྟན༌ སལ༌ཏེ༌ ཨིན༌པིན༌, "ལྟོས༌ཤིག༌ གཙོ༌བོ༌, ཁོང༌རང༌ངི༌ དམ༌པའེ༌ ཕོ༌ཉ༌ སྟོང༌ཁྲག༌ མང༌པོ༌ ཉམ༌པོ༌,
15 སྕོད༌ལམ༌ ངན༌པ༌ ཚང༌མ༌ ཅོས༌ཏེ༌ དཀོན༌མཆོག༌གི༌ གྱབ༌གལ༌ལ༌ སྤེ༌ར༌ ངན༌པ༌ ཟེར༌ཏེ༌ ཁོང༌ང༌ མ༌ཇིགས༌ཁན༌ ཚང༌མ༌ལ༌, ཁོ༌རང༌གུན༌ནི༌ སྙིང༌ངི༌ ནང༌ང༌ ཁྲེལ༌བ༌ ཚོར༌ཅུག༌ཅེས༌ དང༌ ཤགས༌ ཛད༌ཅེས༌ལ༌ སྐྱོད༌དུག༌།"
16 འི༌ ཟུས༌མའེ༌ ལོབ༌པོན༌གུན༌ ཏུས༌གྱུན༌ བར༌ཁན༌, ཞན༌མའེ༌ ནང༌ང༌ སྐྱོན༌ ཙལ༌ཁན༌, ཁོང༌རང༌ངི༌ དོད༌པ༌ ངན༌པའེ༌ ལམ༌མི༌ཀ༌ གྲུལ༌ཁན༌, ཁོ༌རང༌ དང༌ རང༌ངི༌ སྐོར༌ལ༌ ཕོ༌སོ༌ ཅོ༌ཁན༌ དང༌ རང༌ངི༌ ཕན༌ཐོགས༌སི༌ ཕིའ༌ ཞན༌མ༌གུན༌ལ༌ སྟོད༌པ༌ ཏང༌ང༌ནོག༌།
ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌སི༌ སྐོར༌།
1:17 ནེ༌ 23
17 ཨིན༌ནའང༌ ཅེས༌པ༌གུན༌, ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌གུན༌ནི༌ ལུང༌སྟན༌ སལ༌ཁན༌གུན༌ ཨིད༌ཏུའ༌ ཅོ༌ཤིག༌།
18 ཁོང༌གུན༌ནི༌ ཁྱོ༌ཞའ༌ ཤད༌ད༌ ཛདས༌,
"ཐའ༌མའེ༌ ཏུས༌ལ༌ གཙོ༌བོའ༌ ཁྲེལ༌བ༌ ཅོ༌ཨིན༌,
སྤེ༌ར༌ ཏང༌ཁན༌ནི༌ མི༌གུན༌ ཡོངས༌ཏེ༌
ཁོ༌རང༌གུན༌ནི༌ དོད༌པ༌ ངན༌པའེ༌ ལམ༌མི༌ཀ༌ གྲུལ༌ཨིན༌།"
19 ཏེ༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌, ཁྱོ༌ཞ༌གུན༌ནི༌ ཕྲོའ༌ ནང༌ཕྲུགས༌ ཆ༌ཅུག༌ཨིན༌། ཁོང༌གུན༌ལ༌ དམ༌པའེ༌ ཐུག༌ཉིད༌ མེད༌ པ༌སང༌, ཁོ༌རང༌གུན༌ནི༌ སྡིག༌པའེ༌ དོད༌པ༌ ནང༌ཞིན༌ལ༌ མི༌ཚེ༌ ཕུད༌ད༌ནོག༌།
20 ཨིན༌ནའང༌ ཁྱོ༌ཞའ༌ ཅེས༌པ༌གུན༌, ཁྱོ༌ཞའེ༌ དམ༌པའེ༌ ཏད༌པའེ༌ ནང༌ང༌ ཁྱོ༌ཞ༌རང༌གུན༌ ཤུགས༌ཅན༌ ཅོ༌ཤིག༌། ཡང༌ དམ༌པའེ༌ ཐུག༌ཉིད༌དི༌ ནང༌ང༌ མོས༌ལམ༌ ཏོབ༌ཤིག༌།
21 གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྙིང༌རྗེའེ༌ ནང༌ང༌ ཐའ༌མེད༌པའེ༌ མི༌ཚེའ༌ ཁྱོང༌ཅེས༌ལ༌ སྲུང༌ ཟ༌ནེ༌ དཀོན༌མཆོག༌གི༌ ཅམས༌པའེ༌ ནང༌ང༌ དུག༌ཤིག༌།
22 ཏད༌པའེ༌ ནང༌ང༌ ཐེ༌ཚོམས༌ ཡོད༌ཁན༌གུན༌ལ༌ སྙིང༌རྗེ༌ སྟོན༌ཤིག༌།
23 ཉལ༌ཝའེ༌ མེ༌ ཆོགས༌ལ༌ ཆའ༌ཁན༌གུན༌ ཀོགས༌ཏེ༌ ཁྱོང༌ཤིག༌། ཡང༌ ཞན༌མ༌གུན༌ལ༌ སྙིང༌རྗེ༌ སྟོན༌ཤིག༌, ཨིན༌ནའང༌ ཁྱོ༌ཞ༌གུན༌ ཏེན༌ན༌ སྡིག༌པའེ༌ ནང༌ང༌ གྱེལ༌ མི༌གྱེལ༌ཅེས༌ལ༌ ཤང༌ ཅོ༌ཤིག༌, མ༌ཚད༌ ཁོང༌གུན༌ནི༌ སྡིག༌པའེ༌ ལས༌གུན༌ནི༌ ཞས༌ཏེ༌ ཚི༌ཏུ༌ ཆའ༌ཁན༌ནི༌ ཀོས༌ལག༌པོའང༌ ནཕ༌རད༌ ཅོས༌།
སྟོད༌པའེ༌ མོས༌ལམ༌།
1:24 ནེ༌ 25
24 ཁྱོ༌ཞའ༌ སྡིག༌པའེ༌ ནང༌ང༌ གྱེལ༌ཅེས༌ནེ༌ སྐྱོབ༌ཏེ༌ བོར༌ར༌ ཛད༌ཐུབ༌ཁན༌ནི༌ དཀོན༌མཆོག༌གི༌, ཁྱོ༌ཞ༌གུན༌ནི༌ སྐྱོན༌ ཚང༌མ༌ མེད༌ཁན༌ ཅོའ༌ ཛད༌ཏེ༌, གའ༌མོ༌ ཉམ༌པོ༌ ཁོང༌རང༌ངི༌ ཟིར༌རྗིད༌དི༌ ནང༌ང༌ ཁོང༌ངི༌ སྐུན༌དུན༌ལ༌ ཁྱོང༌ང༌ ཛད༌ཨིན༌།
25 ཡེ༌ཤུ༌ མ༌ཤི༌ཀ༌ ང༌དང༌གུན༌ནི༌ གཙོ༌བོ༌ གྱུད༌ཏེ༌, ང༌དང༌གུན༌ནི༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཅིག༌པོའ༌, སྤལ༌ དང༌ ཟིར༌རྗིད༌ དང༌ ཤེད༌ དང༌ ཝང༌ གུན༌, ཇིག༌རྟེན༌ ཆགས༌སི༌ སང༌ སྔུན༌ནེ༌ དག༌ས༌ ཚོག༌པ༌, ཡང༌ སྟིང༌ཞིན༌ནའང༌ ཏུས༌གྱུན༌ ཐོབ༌ཤིག༌, ཨ༌མེན༌༎