ལེའུ་བཅུ་པ།
སྤུན་ཟླ་རྣམས། ཡ་ཧུ་དཱ་པ་རྣམས་ཐར་བར་འགྱུར་བའི་ཆེད་དུ་ངས་སེམས་གཏིང་ནས་དཀོན་མཆོག་ལ་སྨོན་ལམ་འདེབས། ཁོ་ཚོར་དཀོན་མཆོག་གི་དོན་ལ་བརྩོན་སེམས་ཡོད་པ་ངས་བདེན་དཔང་བྱེད། འོན་ཀྱང་དེ་ནི་རྟོགས་པ་ལ་མི་བརྟེན། དཀོན་མཆོག་ལས་འབྱུང་བའི་རྣམ་པར་དག་པར་མཛད་ཐབས་མ་རྟོགས་པས། ཁོ་ཚོས་ཆོས་ཁྲིམས་སྲུང་བའི་སྒོ་ནས་དྲང་བདེན་དུ་འགྱུར་བར་བརྩོན་ནས་དཀོན་མཆོག་གི་དྲང་བདེན་གྱི་ཐབས་ལམ་དང་ལེན་མ་བྱས། དད་པ་བྱེད་མཁན་ཐམས་ཅད་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་འཐོབ་པའི་ཕྱིར་མཱ་ཤི་ཀ་ནི་ཆོས་ཁྲིམས་ཀྱི་དོན་སྒྲུབ་པར་མཛད་དོ། །
ཐར་པ་ནི་མི་ཐམས་ཅད་ཀྱི་ཕྱིར་ཡིན།
ཆོས་ཁྲིམས་ཀྱི་བཀའ་སྒྲུབ་པར་བརྟེན་པའི་དྲང་བདེན་ཉིད་ཀྱི་སྐོར་ལུང་སྟོན་པ་མོ་ཤེ་ཡིས། ཆོས་ཁྲིམས་ཀྱི་བཀའ་སྒྲུབ་མཁན་དེ་གསོན་པར་འགྱུར་ཞེས་བྲིས། *10:5 ཚིག་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་གསུམ་པ་སྟེ་ལེ་ཝི་ཚུལ་ཁྲིམས་ལེའུ་18 ཨང་གྲངས་5 ལ་འཁོད་ཡོད། འོན་ཀྱང་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་འཐོབ་པའི་ལམ་དད་པར་བརྟེན་པ་དེས་དཀོན་མཆོག་གི་ཞིང་ཁམས་ལ་སུ་འགྲོ་བར་བྱ། (དེ་ནི་མཱ་ཤི་ཀ་མར་འཁྲིད་པའི་ཕྱིར་ཡིན་)10:6 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་30 ཨང་གྲངས་12 ལ་གཟིགས། ཡང་ན། གཤིན་པོའི་ཡུལ་ལ་སུ་འགྲོ་བར་བྱ། (དེ་ནི་མཱ་ཤི་ཀ་ཡར་འཁྲིད་པའི་ཕྱིར་ཡིན་) ཞེས་མ་སེམས་ཞིག་ཅེས་གསུངས། 10:7 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་30 ཨང་གྲངས་13 ལ་གཟིགས། དོན་དམ་དུ་དེས་འདི་ལྟར་གསུངས་ཏེ། བཀའ་དེ་ནི་ཁྱོད་དང་ཉེ་སྟེ། ཁྱོད་ཀྱི་ཁ་དང་སེམས་ལ་བཞུགས་སོ་ཞེས་གསུངས། བཀའ་དེ་ཅི་ཡིན་ཞེ་ན། ངེད་རྣམས་ཀྱིས་སྒྲོག་པའི་དད་པའི་བཀའ་ཡིན་ཏེ། §10:8 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་30 ཨང་གྲངས་14 ལ་གཟིགས། གལ་ཏེ་ཁྱེད་ཀྱིས་ཁ་ཡིས་ཡེ་ཤུ་གཙོ་བོ་ཡིན་པ་ཁས་ལེན་བྱས་ཤིང༌། སེམས་ཀྱིས་ཀྱང་དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པར་མཛད་པ་དེ་ལ་དད་པ་བྱས་ན། ཁྱེད་ངེས་པར་ཐར་བར་འགྱུར་རོ། 10 གང་ལགས་ཟེར་ན། སེམས་ནས་དད་པ་བྱེད་པ་ལ་དཀོན་མཆོག་དང་ཡང་དག་པའི་འབྲེལ་བ་འཐོབ་ཅིང༌། ཁ་ནས་ཁས་ལེན་བྱེད་པ་ལ་ཐར་པ་འཐོབ། 11 གསུང་རབ་ཀྱི་མདོ་ལས་སུས་ཀྱང་ཁོང་ལ་དད་པ་བྱེད་པ་དེ་སྐྱེངས་པར་མི་འགྱུར་ཞེས་འཁོད།*10:11 ཚིག་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་28 ཨང་གྲངས་16 ལ་འཁོད་ཡོད། 12 གང་ཡིན་ཟེར་ན། དོན་འདིར་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་པ་གཉིས་ཀྱི་བར་དུ་དབྱེ་བ་མེད་དེ། ཐམས་ཅད་ཀྱི་གཙོ་བོ་གཅིག་རང་ཡིན་ཞིང༌། ཁོང་གི་མཚན་བརྗོད་མཁན་ཐམས་ཅད་ལ་ལྷག་པར་བྱིན་གྱིས་རླབས། 13 གང་ཡིན་ཞེ་ན། གཙོ་བོའི་མཚན་བརྗོད་མཁན་ཐམས་ཅད་ཐར་བར་འགྱུར་ངེས་ཡིན་ཞེས་བྲིས་པའི་ཕྱིར་རོ། 10:13 ཚིག་འདི་ནི་ལུང་སྟོན་པ་ཡོ་ཨེལ་གྱི་མདོ་ལེའུ་2 ཨང་གྲངས་32 ནས་བཀོད་པ་ཡིན། 14 འོ་ན། ཁོང་ལ་དད་པ་མ་བྱས་ན་ཇི་ལྟར་བརྗོད། ཡང་ཅི་ཡང་མ་ཐོས་ན་ཇི་ལྟར་དད། སྒྲོག་མཁན་མེད་ན་ཁོ་ཚོས་ཇི་ལྟར་ཐོས། 15 མ་མངགས་ན་ཇི་ལྟར་སྒྲོག མདོ་ལས་འདི་ལྟར་ཏེ། འཕྲིན་བཟང་སྒྲོག་མཁན་གྱི་ཞབས་ནི་ཇི་ལྟ་བུ་མཛེས་ཞེས་བྲིས། 10:15 ཚིག་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་52 ཨང་གྲངས་7 ལ་འཁོད་ཡོད། 16 འོན་ཀྱང་མི་མང་ཆེ་བས་འཕྲིན་བཟང་ལ་མ་ཉན་ཏེ། ལུང་སྟོན་པ་ཡེ་ཤ་ཡཱ་ཡིས། ཀྱེ་གཙོ་བོ་ལགས། ང་ཚོའི་འཕྲིན་ལ་སུས་ཡིད་ཆེས་བྱས་པ་ཡིན་ཞེས་བྲིས། §10:16 ཚིག་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་53 ཨང་གྲངས་1 ལ་འཁོད་ཡོད། 17 དེའི་ཕྱིར་དད་པ་ནི་གང་ཐོས་པ་ལས་འབྱུང་ཞིང༌། གང་ཐོས་པ་དེ་མཱ་ཤི་ཀའི་བཀའ་ལས་འབྱུང༌། 18 ཡ་ཧུ་དཱ་པས་ཐོས་མ་མྱོང་ངམ། ཐོས་སོ། གང་ཡིན་ཞེ་ན།
དེ་ཚོའི་གསུང་སྐད་ས་གཞི་ཡོངས་སུ་ཁྱབ། །
དེ་ཚོའི་བཀའ་ཚིག་འཛམ་གླིང་ཐ་གྲུར་ཁྱབ། །*10:18 ཚིགས་བཅད་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་19 ཨང་གྲངས་4 ནས་བཀོད་པ་ཡིན།
ཞེས་འཁོད། 19 ཡང་ཡི་སི་ར་ཨེལ་གྱིས་མ་རྟོགས་སམ་ཞེས་དྲིས་ན། དང་པོར་ལུང་སྟོན་པ་མོ་ཤེ་ཡིས་མདོ་ལས།
ང་ཡིས་མི་རིགས་མ་ཡིན་པར་བརྟེན་ཁྱོད་ཚོར་ཕྲག་དོག་སློང༌། །
ང་ཡིས་རྨོངས་པའི་མི་རིགས་ལ་བརྟེན་ཁྱོད་ཚོར་ཁོང་ཁྲོ་སློང༌། །10:19 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་32 ཨང་གྲངས་21 ནས་བཀོད་པ་ཡིན།
ཞེས་འཁོད། 20 ཡང་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བློ་ཁོག་ཆེན་པོས།
འཚོལ་མི་མ་ཡིན་པ་ལ་ང་རང་རྙེད། །
མཇལ་འདོད་མེད་པ་རྣམས་ལ་ང་ཡིས་མངོན། །10:20 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་65 ཨང་གྲངས་1 ལ་འཁོད་ཡོད།
ཞེས་གསུངས། 21 འོན་ཀྱང་ཡི་སི་ར་ཨེལ་གྱི་སྐོར་ལ་ཁོང་གིས།
བཀའ་ལ་མི་ཉན་རྒོལ་བའི་མི་རྣམས་ལ། །
བསུ་ཕྱིར་ང་ཡིས་ཉིན་གང་ལག་གཉིས་བརྐྱངས། །§10:21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་65 ཨང་གྲངས་2 ལ་འཁོད་ཡོད།
ཞེས་གསུངས་སོ། །

*ལེའུ་བཅུ་པ།:5 10:5 ཚིག་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་གསུམ་པ་སྟེ་ལེ་ཝི་ཚུལ་ཁྲིམས་ལེའུ་18 ཨང་གྲངས་5 ལ་འཁོད་ཡོད།

ལེའུ་བཅུ་པ།:6 10:6 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་30 ཨང་གྲངས་12 ལ་གཟིགས།

ལེའུ་བཅུ་པ།:7 10:7 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་30 ཨང་གྲངས་13 ལ་གཟིགས།

§ལེའུ་བཅུ་པ།:8 10:8 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་30 ཨང་གྲངས་14 ལ་གཟིགས།

*ལེའུ་བཅུ་པ།:11 10:11 ཚིག་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་28 ཨང་གྲངས་16 ལ་འཁོད་ཡོད།

ལེའུ་བཅུ་པ།:13 10:13 ཚིག་འདི་ནི་ལུང་སྟོན་པ་ཡོ་ཨེལ་གྱི་མདོ་ལེའུ་2 ཨང་གྲངས་32 ནས་བཀོད་པ་ཡིན།

ལེའུ་བཅུ་པ།:15 10:15 ཚིག་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་52 ཨང་གྲངས་7 ལ་འཁོད་ཡོད།

§ལེའུ་བཅུ་པ།:16 10:16 ཚིག་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་53 ཨང་གྲངས་1 ལ་འཁོད་ཡོད།

*ལེའུ་བཅུ་པ།:18 10:18 ཚིགས་བཅད་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་19 ཨང་གྲངས་4 ནས་བཀོད་པ་ཡིན།

ལེའུ་བཅུ་པ།:19 10:19 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་32 ཨང་གྲངས་21 ནས་བཀོད་པ་ཡིན།

ལེའུ་བཅུ་པ།:20 10:20 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་65 ཨང་གྲངས་1 ལ་འཁོད་ཡོད།

§ལེའུ་བཅུ་པ།:21 10:21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་65 ཨང་གྲངས་2 ལ་འཁོད་ཡོད།