༄༅། །སྔོན་རབས་ཀྱི་མདོ་དང་པོ།
སྔོན་རབས་ཀྱི་མདོ་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨིབ་རི་པའི་སྐད་ཡིག་གི་ཁ་བྱང་འདི་དུས་སྐབས་ཀྱི་དོན་རྐྱེན་ནམ་ཡང་ན་དེབ་ཐེར་ཞེས་ཀྱང་བསྒྱུར་རུང་བ་ཡིན། གྷི་རིག་གི་སྐད་དུ་བསྒྱུར་བའི་དམ་པའི་གསུང་རབ་ཞལ་ཆད་རྙིང་པའི་སིབ་ཐུ་ཨ་ཀྱན་ཏི་༼Septuagint༽ཞེས་པ་ལས་གྷི་རིག་གི་ཁ་བྱང་འདི་ལ་ཟུར་དུ་བཞག་པའི་དོན་རྣམས་ཞེས་ཀྱང་བརྗོད། དེ་ནི་ལོ་ཙཱ་པ་རྣམས་ཀྱིས་གཞུང་འདི་སཱ་མུ་ཨེལ་གྱི་གཞུང་དང་རྒྱལ་རབས་ཀྱི་གཞུང་ལ་ཁ་བསྐངས་པ་ཞིག་ཡིན་པར་འདོད།
ཡི་གེར་འགོད་མཁན་དང་འགོད་དུས།
ཡ་ཧུ་དཱ་པའི་གནའ་བོའི་སྲོལ་རྒྱུན་ལྟར་ན་སྔོན་རབས་ཀྱི་གཞུང་ཡི་གེར་འགོད་མཁན་ནི་ཨེས་སི་རཱ་ཡིན་པར་བརྗོད་ཡོད་མོད། འོན་ཀྱང་དེ་ནི་ཡང་དག་པའི་ལྟ་ཚུལ་ཞིག་ཡིན་མིན་བཤད་དཀའ། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་རྗེས་ནི་སྔོན་རབས་ཀྱི་གཞུང་ཡི་གེར་བཀོད་པའི་ལོ་ཚིགས་ཡིན་པར་མང་མོས་གཅིག་མཐུན་གྱི་བསམ་ཚུལ་བྱུང་བ་དང་། དེ་ནི་ཨེས་སི་རཱའི་དུས་སྐབས་སུ་བྱུང་བ་ཡིན་པར་བསྟན་ཡོད། ཡི་གེར་འགོད་མཁན་ཨེས་སི་རཱ་མིན་པའི་དབང་དུ་བཏང་ནའང་། གཞུང་འདི་ཡི་གེར་འགོད་མཁན་གྱིས་ཨེས་སི་རཱ་དང་འདྲ་བར་ཡེས་ར་ཨེལ་པ་རྣམས་ལ་ཐུགས་ཁུར་གནང་ཡོད་པ་གཅིག་མཚུངས་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
སྔོན་རབས་ཀྱི་གཞུང་འདི་ནི་པཱ་པེལ་ལོན་ཡུལ་དུ་བཙན་ཁྲིད་བྱས་པའི་ཡེས་ར་ཨེལ་པ་རྣམས་ཕྱིར་ཡེས་ར་ཨེལ་ཡུལ་དུ་ལོག་པ་དང་། ཁོ་ཚོ་སྔར་བཞིན་དཀོན་མཆོག་གིས་བདམས་པའི་མི་ཡིན་པར་དྲན་སྐུལ་བྱེད་ཆེད་ཡི་གེར་བཀོད་པ་ཞིག་ཡིན། སྐབས་དེར་ཡེས་ར་ཨེལ་པ་རྣམས་ཀྱི་སེམས་ཁུར་གཙོ་བོ་ནི་ཁོ་ཚོའི་སྔོན་ཆད་ཀྱི་དོན་རྐྱེན་སྐོར་གྱི་དྲི་བ་རྣམས་ཡིན་ཏེ། དཀོན་མཆོག་གིས་སྔར་བཞིན་ངེད་ཅག་ལ་དོ་སྣང་མཛད་དམ། ཁོང་གི་ཞལ་ཆད་རྣམས་ད་དུང་ངེད་ཅག་དང་འབྲེལ་བ་ཡོད་དམ། ད་ལྟ་ངེད་ཅག་ནི་རྒྱལ་པོ་དཱ་བིད་ཀྱི་རྒྱལ་ཁམས་མེད་པར་ཏ་ཟིག་གི་དབང་སྒྱུར་འོག་ཏུ་གནས་ཡོད། དཀོན་མཆོག་གིས་དཱ་བིད་ལ་གནང་བའི་ཞལ་བཞེས་རྣམས་ངེད་ཅག་ལ་མཚོན་ན་སྔར་བཞིན་སྙིང་པོ་ཡོད་དམ་ཞེས་པའོ། །
འཆར་ཟིན།
1. ཨ་དམ་ནས་རྒྱལ་པོ་སོ་ལོའི་བར་གྱི་གདོང་རྒྱུད་སྐོར། ༼1:1-9:44༽
2. དཱ་བིད་ཀྱི་སྲིད་དབང་སྐོར། ༼10:1-29:30༽
ལེའུ་དང་པོ།
ཨ་དམ་ནས་ཨབ་ར་ཧམ་བར་གྱི་གདུང་རྒྱུད།
1 ཨ་དམ་ལས་སེད་ཐུ་མཆེད་པ་དང་། སེད་ཐུ་ལས་ཨེ་ནོ་ཤཱ་མཆེད། 2 ཨེ་ནོ་ཤཱ་ལས་ཀེ་ནན་མཆེད་པ་དང་། ཀེ་ནན་ལས་མཱ་ཧ་ལ་ཨེལ་མཆེད། མཱ་ཧ་ལ་ཨེལ་ལས་ཡཱ་རཱད་མཆེད། 3 ཡཱ་རཱད་ལས་ཧ་ནོག་མཆེད་པ་དང་། ཧ་ནོག་ལས་མཱ་ཐུ་ཤ་ལཱ་མཆེད། མཱ་ཐུ་ཤ་ལཱ་ལས་ལཱ་མེག་མཆེད། 4 ལཱ་མེག་ལས་ནོ་ཨ་མཆེད་པ་དང་། ནོ་ཨ་ལས་ཤེམ་དང་། ཧཱམ། ཡ་ཕེད་བཅས་མཆེད་དོ། ། 5 ཡ་ཕེད་ཀྱི་བུ་རྣམས་ནི་གོ་མེར་དང་། མ་གཱོག མཱ་ཏི། ཡཱ་ཝན། ཐུ་བཱལ། མེ་ཤེག ཐི་རཱ་བཅས་སོ། ། 6 གོ་མེར་གྱི་བུ་རྣམས་ནི་ཨ་ཤ་ཀེ་ནཱ་དང་། རི་ཕད། *རི་ཕད་ཅེས་པར་གནའ་བོའི་མ་ཕྱི་ལས་དཱེ་ཕད་ཅེས་མཐོང་ཞིང་། བཀོད་པའི་ལེའུ་བཅུ་པའི་ཚིག་རྐང་གསུམ་པར་གཟིགས་རོགས། ཐོ་གར་མཱ་བཅས་སོ། ། 7 ཡཱ་ཝན་གྱི་བུ་རྣམས་ནི་ཨི་ལི་ཤཱ་དང་། ཐཱར་ཞིས། ཀི་ཐིམ། དོའུ་དཱ་ནིམ་བཅས་སོ། ། 8 ཧཱམ་གྱི་བུ་རྣམས་ནི་གུ་ཤ་དང་། མུས་རཱ་ཡིམ། †མུས་རཱ་ཡིམ་ཞེས་པ་ནི་ཨེ་ཅིབ་ཡིན། ཚིག་རྐང་བཅུ་གཅིག་པར་འབྱུང་བའི་མིས་ར་ཨིམ་ཞེས་པ་ཡང་གཅིག་ཡིན། ཕུ༌ཏཱ། ཀ་ན་ཨན་བཅས་སོ། ། 9 གུ་ཤ་ཡི་བུ་རྣམས་ནི་སེ་བཱ་དང་། ཧ་བེ་ལཱ། སཱབ་ཐ། རཱ་ཨེ་མཱ། སཱབ་ཐེ་ཀཱ་བཅས་སོ། །རཱ་ཨེ་མཱའི་བུ་ནི། ཤེ་བཱ་དང་དི་དན་ཞེས་བྱ༌བའོ། ། 10 ཡང་གུ་ཤ་ལས་ནིམ་རོད་མཆེད་པ་དང་། ཁོ་ནི་འཇིག་རྟེན་གྱི་དཔའ་རྒོད་ཐོག༌མ་ཡིན་ནོ། ། 11 མུས་རཱ་ཡིམ་ལས་ལུ་དཱ་པ་དང་། ཨ་ནཱམ་པ། ལེ་ཧ་པ། ནཱབ་ཐུ་པ། 12 ཕཱད་རུའུ་པ། ཀཱ་སི་ལི་པ། ཀབ་ཐོར་པ་བཅས་མཆེད་པ་དང་། ཕེ་ལེ་ཤེད་པ་ནི་ཀཱ་སི་ལི་པ་ལས་བྱུང་བའོ། ། 13 ཀ་ན་ཨན་ལས་བུ་སྐྱེས་འགོ་ཚི་ཏུན་དང་། ཡང་ཧེད་དང་། 14 ཡེ་བུ་སི་པ། ཨེ་མོར་པ། གིར་གས་པ། 15 ཧེ་བི་པ། ཨར་ཀི་པ། སི་ནེ་པ། 16 ཨར་ཝཱ་དིའུ་པ། ཚཱ་མཱ་རེའེ་པ། ཧ་མཱད་པ་བཅས་མཆེད་དོ། ། 17 ཤེམ་གྱི་བུ་རྣམས་ནི་ཨེ་ལཱམ་དང་། ཨ༌ཤུར། ཨར་པག་ཤད། ལུ་ཏི། ཨ་རམ། ཨུ་ཟཱ། ཧུལ། གེ་ཐེར། མེ་ཤེག་ ‡མེ་ཤེག་ཅེས་པ་ནི་བཀོད་པའི་མདོ་ཡི་ལེའུ་བཅུ་པའི་ཚིག་རྐང་ཉེར་གསུམ་གྱི་ནང་དུ་མཱ་ཤཱ་ཞེས་པ་དེ་ཡིན།བཅས་སོ། ། 18 ཨར་པག་ཤད་ལས་ཤེ་ལཱ་མཆེད་པ་དང་། ཤེ་ལཱ་ལས་ཨེ་བེར་མཆེད་དོ། ། 19 ཨེ་བེར་ལས་བུ་གཉིས་མཆེད་པ་དང་། གཅིག་ལ་ཕེ་ལེག་ §ཕེ་ལེག་ཅེས་པ་ནི་ཁ་འཐོར་བའི་དོན་ཡིན།ཅེས་བྱ་སྟེ། རྒྱུ་མཚན་ནི་དེའི་དུས་སུ་མི་རྣམས་ཡུལ་སོ་སོར་ཁ་འཐོར་དུ་བསྡད་པའི་ཕྱིར་རོ། །ཁོའི་ནུ་བོའི་མིང་ལ་ཡོག་ཏན་ཞེས་བྱའོ། ། 20 ཡོག་ཏན་ལས་ཨལ་མོ་དཱད་དང་། ཤེ་ལཱ༌ཕཱ། ཧ་ཚཱར་མ་ཝེད། ཡཱ་ར། 21 ཧ་དོ་རམ། ཨུ་ཟཱལ། དིག་ལཱ། 22 ཨེ་བཱལ།*ཨེ་བཱལ་ཞེས་པ་ནི་བཀོད་པའི་མདོ་ཡི་ལེའུ་བཅུ་པའི་ཚིག་རྐང་ཉེར་བརྒྱད་པ་ནང་གི་ཨོ༌བཱལ་ཞེས་པ་དེ་ཡིན། ཨ་བི་མཱ་ཨེལ། ཤེ་བཱ། 23 ཨོ་ཕིར། ཧ་བེ་ལཱ། ཡོ་བཱབ་བཅས་མཆེད་པ་དང་། དེ་ཐམས་ཅད་ཡོག་ཏན་གྱི་བུ་རྣམས་སོ། ། 24 ཤེམ་ལས་ཨར་པག་ཤད་མཆེད་པ་དང་། ཨར་པག་ཤད་ལས་ཤེ་ལཱ་མཆེད། 25 ཤེ་ལཱ་ལས་ཨེ་བེར་མཆེད་པ་དང་། ཨེ་བེར་ལས་ཕེ་ལེག་མཆེད། ཕེ་ལེག་ལས་རེའེ་ཨུ་མཆེད། 26 རེའེ་ཨུ་ལས་སེ་རུག་མཆེད་པ་དང་། སེ་རུག་ལས་ནཱ་ཧོར་མཆེད། ནཱ་ཧོར་ལས་ཐ་རཱ་མཆེད། 27 ཐ་རཱ་ལས་ཨབ་རམ་མཆེད་ལ། ཨབ་རམ་ནི་ཨབ་ར་ཧམ་ཡིན་ནོ། །
ཨབ་ར་ཧམ་གྱི་ཁྱིམ་རྒྱུད།
28 ཨབ་ར་ཧམ་གྱི་བུ་རྣམས་ནི་ཨི་སཱག་དང་ཡེས་མ་ཨེལ་ཡིན་ནོ། ། 29 ཁོ་རྣམས་ཀྱི་རིགས་རྒྱུད་ནི་འདི་ལྟ་སྟེ། ཡེས་མ་ཨེལ་གྱི་བུ་སྐྱེས་འགོ་ནི་ནཱ་བ་ཨོད་ཡིན་པ་དང་། དེའི་འཕྲོ་ཡི་བུ་རྣམས་ནི་ཀེ༌དཱར་དང་། ཨད་པཱ༌ཨེལ། མིབ༌སཱམ། 30 མུས་མཱ། དུའུ༌མཱ། མཱ་ས། ཧ༌དཱད། ཐེ་མཱ། 31 ཡཱ༌ཐར། ནཱ་ཕིས། ཀད་མཱ་བཅས་སོ། །དེ་ཐམས་ཅད་ནི་ཡེས་མ་ཨེལ་གྱི་བུ་ཡིན་ནོ། ། 32 ཨབ་ར་ཧམ་གྱི་ཆུན་མ་ཀེ་ཏི་རཱ་བྱ་བ་ལས་མཆེད་པའི་བུ་རྣམས་ནི་ཟིམ་རན་དང་། ཡོག་ཤན། མཱ་དན། མིད༌ཡཱན། ཡེས་པག ཤུ་ཨག་བཅས་ཡིན་ལ། ཡོག་ཤན་གྱི་བུ་རྣམས་ནི་ཤེ་བཱ་དང་དི་དན་ཡིན་ནོ། ། 33 མིད༌ཡཱན་གྱི་བུ་རྣམས་ནི། ཨེ་ཕཱ་དང་། ཨེ་ཕེར། ཧ༌ནོག ཨ་བི་དཱ། ཨེལ་དཱ་ཨ་བཅས་སོ། །དེ་ཐམས་ཅད་ནི་ཀེ་ཏི་རཱ་ཡི་བུ་རབས་ཚ་རྒྱུད་ཡིན་ནོ། །
34 ཨབ་ར་ཧམ་ལས་ཨི་སཱག་མཆེད་པ་དང་། ཨི་སཱག་གི་བུ་ནི་ཨེ་སཱབ་དང་ཡེས་ར་ཨེལ་གཉིས་ཡིན་ནོ། །
ཨེ་སཱབ་ཀྱི་བུ་རྒྱུད།
35 ཨེ་སཱབ་ཀྱི་བུ་རྣམས་ནི་ཨེ་ལི་ཕཱ་ཟི་དང་། རུའུ་ཨེལ། ཡེ་ཨུ་སི། ཡཱ་ཨེ༌ལཱམ། ཀོ་རཱག་བཅས་སོ། ། 36 ཨེ་ལི་ཕཱ་ཟི་ཡི་བུ་རྣམས་ནི་ཐེ་མཱན་དང་། ཨོ་མཱར། ཚཱ༌ཕི། གཱ་ཐམ། ཀེ་ནཱ་ཟཱ། ཐིམ་ནཱ། ཨ་མཱད་ལེག་བཅས་སོ། ། 37 རུའུ་ཨེལ་གྱི་བུ་རྣམས་ནི་ནཱ་ཧད་དང་། ཟེ༌རག ཤམ་མཱ། མེ་སཱ་བཅས་སོ། །
38 སེ་ཨིར་གྱི་བུ་རྣམས་ནི་ལོད་ཐན་དང་། ཤོ་བཱལ། ཚིབ་ཨོན། ཨ་ནཱ། དི༌ཤོན། ཨེ་བཟིར། དི་ཞན་བཅས་སོ། ། 39 ལོད་ཐན་གྱི་བུ་ནི་ཧོ་རི་དང་ཧོ་མམ་ཞེས་པ་གཉིས་ཡིན་ཞིང་། ལོད་ཐན་གྱི་སྲིང་མོ་ནི་ཐིམ་ནཱ་བྱ་བའོ། ། 40 ཤོ་བཱལ་གྱི་བུ་རྣམས་ནི་ཨལ་ཡན་དང་། མཱ་ན༌ཧད། ཨེ་བཱལ། ཤེ་ཕི། ཨོ་ནཱམ་བཅས་ཡིན། ཚིབ་ཨོན་གྱི་བུ་ནི་ཨ་ཡཱ་དང་ཨ་ནཱ་གཉིས་སོ། ། 41 ཨ་ནཱ་ཡི་བུ་ནི་དི༌ཤོན་དང་། དི་ཤོན་གྱི་བུ་རྣམས་ནི་ཧམ་རན་དང་། ཨེས་པཱན། ཡེད༌རཱན། ཀཱ་རཱན་བཅས་སོ། ། 42 ཨེ་བཟིར་གྱི་བུ་ནི་པིལ་ཧན་དང་། ཟ་ཨ་ཝན། ཡཱ་ཨ་ཀན་བཅས་ཡིན་ལ། དི་ཞན་གྱི་བུ་ནི་ཨུ་ཟཱ་དང་ཨ་རན་ནོ། །
ཨེ་དོམ་ཡུལ་གྱི་རྒྱལ་པོ་རྣམས།
43 ཡེས་ར་ཨེལ་པ་རྣམས་ལ་རྒྱལ་པོ་གང་གིས་ཀྱང་སྲིད་མ་བསྐྱངས་པའི་སྔོན་དུ། ཨེ་དོམ་ཡུལ་གྱི་རྒྱལ་པོ་རྣམས་འདི་ལྟར། པཱ་ཨོར་གྱི་བུ་པེ་ལཱ་སྟེ་ཁོའི་རྒྱལ་སའི་མིང་ལ་དིན་ཧ་བཱ་ཞེས་བྱའོ། ། 44 པེ་ལཱ་ཚེ་ལས་འདས་པ་དང་། པོ་ཚ་རཱ་གྲོང་ཁྱེར་གྱི་ཟེ་རག་གི་བུ་ཡོ་བཱབ་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་སོ། ། 45 ཡོ་བཱབ་ཚེ་ལས་འདས་པ་དང་། ཐེ་མཱན་ཡུལ་གྱི་ཧུ་སཱམ་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་སོ། ། 46 ཧུ་སཱམ་ཚེ་ལས་འདས་པ་དང་། པཱ་དད་ཀྱི་བུ་ཧ་དཱད་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་ཤིང་། ཧ་དཱད་ནི་མོ་ཨབ་ཀྱི་ཐང་དུ་མིད༌ཡཱན་མི་རིགས་འཇོམས་མཁན་དེ་ཡིན་ལ། ཁོའི་རྒྱལ་སའི་མིང་ལ་ཨ་ཝིད་ཅེས་བྱའོ། ། 47 ཧ་དཱད་ཚེ་ལས་འདས་པ་དང་། མཱས་རེ་ཁཱ་ཡུལ་གྱི་སམ་ལཱ་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་སོ། ། 48 སམ་ལཱ་ཚེ་ལས་འདས་པ་དང་། ཆུ་བོའི་འགྲམ་དུ་ཡོད་པའི་རེའེ་ཧོ་པེད་ཡུལ་གྱི་སོ་ལོ་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་སོ། ། 49 སོ་ལོ་ཚེ་ལས་འདས་པ་དང་། ཨག་པོར་གྱི་བུ་པཱ་ཨལ་ཧ་ནན་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་སོ། ། 50 པཱ་ཨལ་ཧ་ནན་ཚེ་ལས་འདས་པ་དང་། ཧ་དཱད་ནི་ཁོའི་རྒྱུན་མཐུད་ནས་རྒྱལ་པོར་བཞུགས་སོ། །ཁོའི་རྒྱལ་སའི་མིང་ལ་ཕཱ་ཨི་ཞེས་བྱའོ། །ཁོའི་ཆུང་མའི་མིང་ལ་མཱ་ཧེ་ཐབ་ཨེལ་ཞེས་བྱ་ཞིང་ཁོ་མོ་ནི་མེ་སཱ་ཧབ་ཀྱི་ཚ་མོ་དང་། མཱད་རཱད་ཀྱི་བུ་མོ་ཡིན་ནོ། ། 51 ཧ་དཱད་ཚེ་ལས་འདས་སོ། །ཨེ་དོམ་པའི་ཚོ་དཔོན་རྣམས་ནི་འདི་ལྟ་སྟེ། ཐིམ་ནཱ་དང་། ཨལ༌ཝཱ། ཡཱ་ཐེད། 52 ཨོ་ཧོ་ལི་བཱ༌མཱ། ཨེ༌ལཱ། ཕི་ནོན། 53 ཀེ་ནཱ༌ཟཱ། ཐེ་མཱན། མིབ༌ཚཱར། 54 མག་དི་ཨེལ། ཨི་རཱམ་བཅས་ཡིན་པ་དང་། དེ་ཐམས་ཅད་ནི་ཨེ་དོམ་གྱི་ཚོ་དཔོན་ཡིན་ནོ། །
*ལེའུ་དང་པོ།:6 རི་ཕད་ཅེས་པར་གནའ་བོའི་མ་ཕྱི་ལས་དཱེ་ཕད་ཅེས་མཐོང་ཞིང་། བཀོད་པའི་ལེའུ་བཅུ་པའི་ཚིག་རྐང་གསུམ་པར་གཟིགས་རོགས།
†ལེའུ་དང་པོ།:8 མུས་རཱ་ཡིམ་ཞེས་པ་ནི་ཨེ་ཅིབ་ཡིན། ཚིག་རྐང་བཅུ་གཅིག་པར་འབྱུང་བའི་མིས་ར་ཨིམ་ཞེས་པ་ཡང་གཅིག་ཡིན།
‡ལེའུ་དང་པོ།:17 མེ་ཤེག་ཅེས་པ་ནི་བཀོད་པའི་མདོ་ཡི་ལེའུ་བཅུ་པའི་ཚིག་རྐང་ཉེར་གསུམ་གྱི་ནང་དུ་མཱ་ཤཱ་ཞེས་པ་དེ་ཡིན།
§ལེའུ་དང་པོ།:19 ཕེ་ལེག་ཅེས་པ་ནི་ཁ་འཐོར་བའི་དོན་ཡིན།
*ལེའུ་དང་པོ།:22 ཨེ་བཱལ་ཞེས་པ་ནི་བཀོད་པའི་མདོ་ཡི་ལེའུ་བཅུ་པའི་ཚིག་རྐང་ཉེར་བརྒྱད་པ་ནང་གི་ཨོ༌བཱལ་ཞེས་པ་དེ་ཡིན།