ལེའུ་ཉེར་ལྔ་པ།
མགུར་ལེན་མཁན་རྣམས་ཀྱི་ལས་ཚན།
དེ་ནས་དཱ་བིད་དང་འགོ་དཔོན་དག་གིས་ཨ་སབ་དང་ཧེ་མཱན། ཡེ་དུ་ཐུན་བཅས་ཀྱི་བུ་རབས་ཚ་རྒྱུད་ལ་ལས་འགན་བགོས་ཤིང་། ཁོ་རྣམས་ལ་པི་ཝང་དང་རྒྱུད་མངས། སྦུག་ཆལ་བཅས་ཀྱིས་ལུང་སྟོན་དུ་བཅུག དེ་དག་གི་ལས་འགན་འཁུར་མཁན་གྱི་མི་གྲངས་ནི། ཨ་སབ་ཀྱི་བུ་རྣམས་ལས་ཟག་ཀུར་དང་། ཡོ་སེབ། ནེ་ཐན་ཡཱ། ཨ་སར་ཨེ་ལཱ་བཅས་ཡོད་ཅིང་། ཨ་སབ་ཀྱི་བུ་རྣམས་ལ་ཨ་སབ་ཀྱིས་བཀོད་འདོམས་བྱེད་པ་དང་། རྒྱལ་པོའི་བཀའ་བཞིན་དུ་ལུང་བསྟན་སྨྲ་བ་ཡིན། ཡེ་དུ་ཐུན་ལ་མཚོན་ན། ཁོའི་བུ་རྣམས་ལས་གེ་དལ་ཡཱ་དང་། ཟེ་རི། ཡེ་ཤ་ཡཱ། ཤིམ་ཨི། ཧ་ཤབ་ཡཱ། མད་ཐིད་ཡཱ་བཅས་བསྡོམས་པས་མི་དྲུག་ཡོད་ཅིང་ཐམས་ཅད་ལ་རང་གི་ཕ་ཡེ་དུ་ཐུན་གྱིས་བཀོད་འདོམས་བྱེད་པ་དང་། ཡེ་དུ་ཐུན་གྱིས་པི་ཝང་གིས་ལུང་བསྟན་སྨྲ་ཞིང་། དཀོན་མཆོག་ཡ་ཝཱེ་ལ་བཀའ་དྲིན་ཞུ་བ་དང་བསྟོད་བསྔགས་བརྗོད་པ་ཡིན། ཧེ་མཱན་ལ་མཚོན་ན། ཁོའི་བུ་རྣམས་ལས་པུག་ཀི་ཡཱ་དང་། མད་ཐན་ཡཱ། ཨུ་ཟི་ཨེལ། ཤེ་བུ་ཨེལ། ཡེ་རི་མོད། ཧ་ནན་ཡཱ། ཧ་ནཱ་ནེ། ཨེ་ལི་ཨ་ཐཱ། གིད་ཏལ་ཏི། རོ་མམ་ཏི་ཨེ་ཟེར། ཡོས་པེ་ཀ་ཤཱ། མལ་ལོ་ཐི། ཧོ་ཐིར། མཱ་ཧ་ཟི་ཨོད་བཅས་ཡོད་ལ། འདི་རྣམས་ནི་ཧེ་མཱན་གྱི་བུ་ཡིན་ལ། ཧེ་མཱན་ནི་རྒྱལ་པོའི་མངོན་ཤེས་པ་ཡིན་ཞིང་། དཀོན་མཆོག་གི་བཀའ་བཞིན་རྭ་དུང་མཐོན་པོར་ *འདིར་རྭ་དུང་མཐོན་པོར་འདེགས་པ་ཞེས་པ་ནི་མི་ཞིག་མཐོན་པོར་བཏེགས་ནས་དེར་གཞན་རྣམས་ཀྱི་གུས་པ་འཐོབ་པར་བྱེད་པ་ལ་འཇུགའདེགས་པ་ཡིན། དཀོན་མཆོག་གིས་ཧེ་མཱན་ལ་བུ་བཅུ་བཞི་དང་བུ་མོ་གསུམ་གནང་ངོ་། ། དེ་ཐམས་ཅད་ལ་རང་རང་གི་ཕ་ཡིས་བཀོད་འདོམས་བྱེད་ཅིང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་བསྟོད་དབྱངས་འབུལ་བ་དང་། སྦུག་ཆལ་དང་རྒྱུད་མངས། པི་ཝང་བཅས་ཀྱིས་དཀོན་མཆོག་གི་མཆོད་ཁང་དུ་ཞབས་ཕྱི་བྱེད་པ་ཡིན་ལ། ཨ་སབ་དང་ཡེ་དུ་ཐུན། ཧེ་མཱན་བཅས་ལ་རྒྱལ་པོས་བཀོད་འདོམས་བྱེད་པའོ། ། དེ་དག་དང་དེ་དག་གི་གཉེན་ཉེ་རྣམས་ལ་དཀོན་མཆོག་ཡ་ཝཱེར་བསྟོད་དབྱངས་འབུལ་བའི་ཐད་སྦྱོང་བརྡར་ཡག་པོ་ཐོབ་པ་དང་། མགུར་ལེན་པར་བྱང་ཆ་ཡོད་པ་མི་ཉིས་བརྒྱ་དང་གྱ་བརྒྱད་ཡོད་པ་ཡིན། དེ་དག་གིས་རྒན་གཞོན་དང་དགེ་སློབ་ཀྱི་དབྱེ་བ་མ་ཕྱེ་བར། ཀུན་གྱིས་མཉམ་དུ་རྒྱན་བླངས་ནས་ལས་རེས་བགོས་པ་རེད། དེ་ནས་རྒྱན་དང་པོ་ཨ་སབ་ཀྱི་བུ་ཡོ་སེབ་ལ་བབས་པ་དང་། གཉིས་པ་གེ་དལ་ཡཱ་དང་། དེའི་སྤུན་དང་བུ་བཅས་བསྡོམས་པས་མི་བཅུ་གཉིས་དང་། 10 གསུམ་པ་ཟག་ཀུར་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 11 བཞི་པ་ཡི་ཙི་རི་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 12 ལྔ་པ་ནེ་ཐན་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 13 དྲུག་པ་པུག་ཀི་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 14 བདུན་པ་ཡེ་ཤ་རེ་ལཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 15 བརྒྱད་པ་ཡེ་ཤ་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 16 དགུ་པ་མད་ཐན་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 17 བཅུ་པ་ཤིམ་ཨི་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 18 བཅུ་གཅིག་པ་ཨ་ཟར་ཨེལ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 19 བཅུ་གཉིས་པ་ཧ་ཤབ་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 20 བཅུ་གསུམ་པ་ཤུ་བཱ་ཨེལ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 21 བཅུ་བཞི་པ་མད་ཐིད་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 22 བཅོ་ལྔ་པ་ཡེ་རེ་མོད་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 23 བཅུ་དྲུག་པ་ཧ་ནན་ཡཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 24 བཅུ་བདུན་པ་ཡོས་པེ་ཀ་ཤཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 25 བཅོ་བརྒྱད་པ་ཧ་ནཱ་ནེ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 26 བཅུ་དགུ་པ་མལ་ལོ་ཐི་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 27 ཉི་ཤུ་པ་ཨེ་ལི་ཨ་ཐཱ་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 28 ཉེར་གཅིག་པ་ཧོ་ཐིར་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 29 ཉེར་གཉིས་པ་གིད་ཏལ་ཏི་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 30 ཉེར་གསུམ་པ་མཱ་ཧ་ཟི་ཨོད་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་དང་། 31 ཉེར་བཞི་པ་རོ་མམ་ཏི་ཨེ་ཟེར་དང་། དེའི་བུ་དང་སྤུན་བཅས་བསྡོམས་པས་མི་བཅུ་གཉིས་བཅས་ལ་བབས་པའོ། །

*ལེའུ་ཉེར་ལྔ་པ།:5 འདིར་རྭ་དུང་མཐོན་པོར་འདེགས་པ་ཞེས་པ་ནི་མི་ཞིག་མཐོན་པོར་བཏེགས་ནས་དེར་གཞན་རྣམས་ཀྱི་གུས་པ་འཐོབ་པར་བྱེད་པ་ལ་འཇུག