9
མ༌ཤི༌ཀའེ༌ སྐུ༌ཚབས༌གུན༌ནི༌ ཐོབ༌ཏང༌།
9:1 ནེ༌ 27
ཅི༌ ངའང༌ ཞན༌གུན༌ ཙོགས༌ལ༌ རང༌ཝང༌ མེད༌ཀྱག༌ག༌? ཅི༌ ང༌ མ༌ཤི༌ཀའེ༌ སྐུ༌ཚབས༌ མ༌ནོག༌ག༌? ཅི༌ ངའེ༌ ང༌རང༌ངི༌ མིག༌ནེ༌ ཡེ༌ཤུ༌ ང༌དང༌གུན༌ནི༌ གཙོ༌བོ༌ མ༌ཇལ༌ཏོག༌ག༌? ཅི༌ ངའེ༌ མ༌ཤི༌ཀའེ༌ ཕིའ༌ ལས༌གུན༌ནི༌ ཞས༌ཏེ༌ ཁྱོ༌ཞ༌གུན༌ གཙོ༌བོའེ༌ གྱུར༌ཏེ༌ མན༌ན༌? ཞན༌མ༌གུན༌ནི༌ ང༌ མ༌ཤི༌ཀའེ༌ སྐུ༌ཚབས༌ མ༌ནོག༌ སམ༌ནའང༌, ཏན༌ཏན༌ལ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ང༌ ཨིན༌། ཁྱོ༌ཞའེ༌ མི༌ཚེ༌ ཕུད༌ཚུལ༌བོའེ༌ ང༌ གཙོ༌བོའེ༌ སྐུ༌ཚབས༌ ཨིན༌ཁན༌བོ༌ ལྟན༌ན༌ནོག༌།
འི༌བོ༌ ངའེ༌ ཝང༌ཆའེ༌ སྐོར༌ལ༌ ཏྲི༌ཝ༌ ཏྲི༌ཁན༌གུན༌ནི༌ ཕིའ༌ ལན༌བོ༌ ཨིན༌། ཅི༌ ང༌ཞ༌གུན༌ལ༌ ཁྱོ༌ཞའེ༌ ཟའ༌ཅེས༌ དང༌ ཐུང༌ཅེས༌ གུན༌ བགོས༌ཏེ༌ ཟའ༌ཅེས༌ དང༌ ཐུང༌ཅེས༌སི༌ ཐོབ༌ཏང༌ མེད༌པ༌ ཨིན༌ནོག༌ག༌? ཞན༌ཡང༌ སྐུ༌ཚབས༌, གཙོ༌བོའེ༌ ནོ༌གུན༌ དང༌ པི༌ཏྲར༌རི༌ ཅོ༌ཁན༌ ཙོགས༌ལ༌, ང༌ཞ༌གུན༌ལ༌ ང༌ཞ༌རང༌ངི༌ ཏད༌པ༌ཅན༌ནི༌ ན༌མ༌གུན༌ ཉམ༌པོ༌ ཁྲིད༌ཏེ༌ ཁྱེར༌ཅེས༌སི༌ ཐོབ༌ཏང༌ མེད༌པ༌ ཨིན༌ནོག༌ག༌? ཡ༌ རང༌ངི༌ སྒོས༌དོམ༌གུན༌ རིག༌ཅེས༌སི༌ ཕིའ༌ ལས༌ ཅོ༌གོས༌ཁན༌གུན༌ བཱར༌ན༌བས༌ དང༌ ང༌རང༌ ཅིག༌པོ༌ ཨིན༌ནོག༌ག༌?
ཅི༌ མག༌མི༌ཞིག༌ག༌ ཁོ༌རང༌ངི༌ བུད༌གོ༌གུན༌ ཤལ༌གོས༌ས༌ནོག༌ག༌? ཅི༌ རྒུན༌ཚས༌ ཏབ༌ཁན༌ཞིག༌ག༌ ཁོང༌རང༌ངི༌ བད༌ཁན༌ནི༌ ཁ༌ཟས༌ ཟའ༌ཅེས༌སི༌ ཐོབ༌ཏང༌ མེད༌པ༌ ཨིན༌ནོག༌ག༌? ཅི༌ ལུག༌ཁྱུའ༌, ལྟ༌སྟོག༌ ཅོ༌ཁན༌ནི༌ མི༌བོའ༌ ཏེ༌གུན༌ནི༌ འོ༌མ༌ ཐུང༌ཆོག༌ག༌ མ༌ནོག༌ག༌? ཅི༌ ངའེ༌ མིའི༌ སམ༌ཚུལ༌ལི༌ ནང༌ང༌ ཤད༌དུག༌ག༌? དཀོན༌མཆོག༌གི༌ ཁྲིམས༌སིའང༌ འིན༌ན༌ ཙོགས༌ མོལ༌ཏེ༌ མི༌རུག༌ག༌? ལྟོས༌སའང༌ ལུང༌སྟོན༌པ༌ མོ༌ཟེས༌སི༌ ཁྲིམས༌སི༌ ནང༌ང༌ "ཁྱོ༌ཞ༌གུན༌ནི༌ ཁུ༌ཡུས༌ སྐོར༌ ཟ༌ནེ༌ ལང༌ཏོའེ༌ ཁའ༌ ལྡམས༌ཏེ༌ མ༌བོར༌ཤིག༌"*9:9 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 25:4 མོལ༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཏེ༌བོ༌ མོལ༌ ཟ༌ནེ༌, ཅི༌ ཁོང༌ངི༌ ལང༌ཏོ༌ ཅིག༌པོའེ༌ སྐོར༌ལ༌ ཐུགས༌སམ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌ག༌? 10 ཅི༌ ངོས༌པོའ༌, ཁོང༌ངི༌ ང༌དང༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ མོལ༌ཏེ༌ མ༌ནོག༌ག༌? འོ༌ན༌ ང༌དང༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌, བྲིའ༌ ཛད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ སྟོན༌ཐོག༌གི༌ ཀ༌ནེ༌ བགོས༌ཏེ༌ ཐོབ༌ཅེས༌སི༌ རེ༌ཝའེ༌ ནང༌ང༌, རྔ༌ཁན༌ དང༌ ཁུ༌ཡུས༌ སྐོར༌ཁན༌ ཉིས༌ཀོའེ༌ ལས༌གུན༌ ཅོའ༌ནོག༌།
11 ཏ༌ ང༌ཞ༌གུན༌ནི༌ སེམས༌ཉིད༌དི༌ ས༌འོན༌, ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཏབས༌ པ༌སང༌, ཅི༌ ཁྱོ༌ཞའེ༌ སྟོན༌ཐོག༌པོ༌ ང༌ཞའ༌ ཉམ༌པོ༌ བགོ༌ཅེས༌ལ༌ ཀགས༌པོ༌ ཆ༌རག༌ག༌? 12 གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ཞན༌ཡང༌ ཆོས༌ཤད༌ཁན༌གུན༌ལ༌ རོགས༌ ཅོའད༌ན༌, ཅི༌ ཁྱོ༌ཞའེ༌ ང༌ཞ༌གུན༌ལ༌ ཏེ༌ མི༌གུན༌ནི༌ སང༌ མང༌ང༌ རོགས༌ ཅོ༌གོ༌ཤེས༌ མ༌ནོག༌ག༌? ཨིན༌ནའང༌ ང༌ཞ༌གུན༌ནི༌ འི༌ ཐོབ༌ཏང༌བོ༌ མ༌ནེ༌ མ༌ཀོལ༌པིན༌, ཅིའ༌ཟེར༌ན༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ནང༌ང༌ གག༌སྐྱིལ༌ ཁྱོང༌ངི༌ སང༌ ང༌ཞའ༌ ནགས༌བར༌དོ༌ ཁུར༌ཅེས༌ལ༌ ཐད༌པོ༌ ཨིན༌།
13 ཅི༌ ཆོད༌ཁང༌ངི༌ ནང༌ང༌ ལས༌ ཅོ༌ཁན༌གུན༌ལ༌ ཟན༌, ཆོད༌ཁང༌ངི༌ ནང༌ང༌ ཆོད༌པ༌ ཕུལ༌ཁན༌གུན༌ནི༌ ཀ༌ནེ༌ ཐོབ༌ཅེས༌པོ༌, ཁྱོ༌ཞ༌གུན༌ལ༌ ཧ༌གོ༌ ཐུབ༌བ༌ མེ༌རག༌ག༌? ཡང༌ ཆོད༌ཁྲི༌ཀ༌ ལས༌ ཅོ༌ཁན༌གུན༌ལ༌, སྲོག༌ཆོད༌ ཕུལ༌ཁན༌གུན༌ནི༌ ཀ༌ནེ༌ བགོས༌ཏེ༌ ཐོབ༌བ༌ མི༌རུག༌ག༌? 14 འིན༌ན༌ ཙོགས༌ལ༌ གཙོ༌བོའེ༌ བཀའ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌, གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌གུན༌ལ༌ ཏེ༌ཀ༌ནེ༌ ཕན༌ཐོགས༌ ཐོབ༌ཁན༌གུན༌ནི༌ རོགས༌ ཅོ༌གོས༌། 15 ཏེ༌ནེའང༌ ངའེ༌ འི༌ ཐོབ༌ཏང༌ ཚང༌མའེ༌ ནང༌ནེ༌ ཅི༌གའང༌ མ༌ཀོལ༌པིན༌, ཡང༌ ངའེ༌ ཕིའ༌ ཁྱོ༌ཞ༌གུན༌ནི༌ འི༌ཙོགས༌སི༌ ལས༌གུན༌ ཅོ༌ཅེས༌སི༌ རེ༌ཝ༌ ཅོས༌ཏེ༌ བྲིའ༌མེད༌། ངའེ༌ ཁྱོ༌ཞ༌གུན༌ལ༌ རིན༌ མེད༌པ༌ ཆོས༌ཤད༌ཅེས༌པོའེ༌ཀ༌ ཕོ༌སོ༌ ཅོ༌ཉན༌ཅེས༌སི༌ ཐོབ༌ཏང༌བོ༌ མེད༌ཁན༌ ཆ༌ཅུག༌གི༌ སང༌ ང༌ ཤི༌ན༌ གྱལ༌། 16 ཅི༌ཨིན༌ནའང༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌པོའེ༌ཀ༌ ངའེ༌ ཕོ༌སོ༌ ཅོ༌ མི༌ཉན༌, ཅིའ༌ཟེར༌ན༌ དམ༌པའེ༌ ཐུག༌ཉིད༌དི༌ ངའ༌ འི༌ ལས༌པོ༌ ཅོ༌ཅུག༌དུག༌། གལ༌ཏེས༌ ངའེ༌ གའ༌མོའེ༌ ནས༌ཚུལ༌བོ༌ མ༌ཤད༌ན༌, ངའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མ༌ནོག༌།
17 གལ༌ཏེས༌ ངའེ༌ ང༌རང༌ ཐད༌ཏེ༌ འི༌ ལས༌པོ༌ ཅོ༌ན༌, ངའ༌ སོལ༌རས༌ ཐོབ༌ཨིན༌། ཨིན༌ནའང༌ ངའེ༌ ལག༌ནེ༌ མེད༌, དཀོན༌མཆོག༌གི༌ ང༌ འི༌ ཁག༌པོ༌ ཀལ༌ལ༌ ཛད༌ཏེ༌ ཨིན༌ནོག༌། 18 ཏེ༌ནེ༌ ང༌ ཀ༌ཟུག༌ སོལ༌རས༌ཤིག༌ ཐོབ༌ཨིན༌? ཏེ༌བོ༌ ནི༌ རིན༌ མེད༌པ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ སྐབས༌པོ༌ ཨིན༌ནོག༌། ཏེན༌ན༌བོའེ༌ཕིའ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ ཟ༌ནེ༌, ངའེ༌ ང༌རང༌ངི༌ ཐོབ༌ཏང༌ངི༌ སྐོར༌ལ༌ སམ༌བ༌ ཏང༌ང༌མེད༌།
19 ཞན༌ ང༌ སྤོན༌བོ༌ མེད༌ཁན༌ནི༌ རང༌ཝང༌ཅན༌ཞིག༌ ཨིན༌ནའང༌, མི༌ མང༌པོ༌ མ༌ཤི༌ཀའེ༌ ནང༌ང༌ ཁྱོང༌ཅེས༌ལ༌ ངའེ༌ ང༌རང༌ ཚང༌མའེ༌ ཚེ༌ཡོག༌ གྱུར༌ཅུགས༌པིན༌། 20 ང༌ ཡ༌ཧུ༌དཱ༌པ༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, ངའེ༌ ཡ༌ཧུ༌དཱ༌པ༌གུན༌ མ༌ཤི༌ཀའེ༌ ནང༌ང༌ ཁྱོང༌ཅེས༌སི༌ ཕིའ༌, ཡ༌ཧུ༌དཱ༌པ༌གུན༌ ཙོགས༌ལ༌ མི༌ཚེ༌ ཕུད༌དད༌། ང༌ ཡ༌ཧུ༌དཱ༌པའེ༌ ཁྲིམས༌སི༌ ནང༌ང༌ གྲུལ༌ཁན༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, ང༌ ཏེ༌ ཁྲིམས༌སི༌ ནང༌ཞིན༌ དུག༌གད༌། ཞན༌ ང༌ ཏེ༌ ཁྲིམས༌སི༌ ཡོག༌ག༌ མེད༌ནའང༌, ཏེ༌ ཁྲིམས༌སི༌ ཡོག༌ག༌ དུག༌ཁན༌གུན༌ མ༌ཤི༌ཀའེ༌ ནང༌ང༌ ཁྱོང༌ཅེས༌སི༌ ཕིའ༌ ངའེ༌ ཏེ༌བོ༌ ཅོའད༌། 21 ང༌ ཡ༌ཧུ༌དཱ༌པའེ༌ ཁྲིམས༌གུན༌ནི༌ཀ༌ མ༌ གྲུལ༌ཁན༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, ཁོང༌གུན༌ མ༌ཤི༌ཀའེ༌ ནང༌ང༌ ཁྱོང༌ཅེས༌སི༌ ཕིའ༌ ངའང༌ ཏེ༌ ཁྲིམས༌སི༌ ཡོག༌ག༌ དུག༌ག༌ མེད༌། ཨིན༌ནའང༌ ངའེ༌ དཀོན༌མཆོག༌གི༌ ཁྲིམས༌གུན༌ལ༌ སྣང༌མེད༌ ཅོའ༌མེད༌, ངའེ༌ མ༌ཤི༌ཀའེ༌ ཁྲིམས༌གུན༌ལ༌ ཁའ༌ཉན༌ནད༌།
22 ང༌ ཏད༌པའེ༌ ནང༌ང༌ འུ༌ཐུགས༌ ཡོད༌ཁན༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, འུ༌ཐུགས༌གུན༌ མ༌ཤི༌ཀའེ༌ ནང༌ང༌ ཁྱོང༌ཅེས༌སི༌ ཕིའ༌, ང༌ ཁོང༌གུན༌ནི༌ འུ༌ཐུགས༌སི༌ ནང༌ང༌ དྲེས༌སད༌། མི༌གུན༌ སྐྱོབ༌ཅེས༌སི༌ ཕིའ༌, ངའ༌ མི༌ ཀ༌ཟུག༌ཤིག༌ ཡོད༌ནའང༌ ཏེན༌ན༌ ཙོགས༌ གྱུར༌རད༌། 23 ངའེ༌ ཏེ༌ ཚང༌མ༌ གའ༌མོའེ༌ ནས༌ཚུལ༌ ཕེལ༌ཅུག༌ཅེས༌ དང༌ ཏེ༌བོའེ༌ ཅིན༌ལབས༌སི༌ ནང༌ང༌ དྲེས༌ཤེས༌སི༌ ཕིའ༌ ཅོའད༌།
24 བང༌གྱུགས༌སི༌ ནང༌ང༌ ཚང༌མ༌ བང༌ཏང༌ང༌ནོག༌, ཨིན༌ནའང༌ ཅིག༌ག༌ སོལ༌རས༌ ཐོབ༌ཅེས༌པོ༌ ཅི༌ ཁྱོ༌ཞ༌གུན༌ལ༌ ཧ༌གོ༌ ཐུབ༌བ༌ མེ༌རག༌ག༌? ཏེ༌ནེ༌ གྱལ༌ཁའ༌ ཐོབ༌ཅེས༌སི༌ མིག༌ཞི༌ ཉམ༌པོ༌ བང༌ཏོང༌ཤིག༌། 25 མེད༌ཁན༌ ཆ༌ཅེས༌སི༌ སོལ༌རས༌ ཐོབ༌ཅེས༌ལ༌ བང༌གྱུགས༌ ཏང༌ཁན༌ ཚང༌མའེ༌ ཁོ༌རང༌གུན༌ ལོབ༌ཇོང༌ངི༌ སྕོད༌ལམ༌མི༌ ནང༌ང༌ སྟན༌པོ༌ བོར༌ར༌ནོག༌, ཨིན༌ནའང༌ ང༌ཞ༌གུན༌ནི༌ འི༌བོ༌ ཐའ༌མེད༌པའེ༌ སོལ༌རས༌ ཐོབ༌ཅེས༌སི༌ ཕིའ༌ ཅོའད༌། 26 ཏེ༌བོའེ༌ཕིའ༌ ངའེ༌ བང༌ཏང༌ ཟ༌ནེ༌, མིག༌ཞི༌ ཉམ༌པོ༌ ཀོམ༌པ༌ རེ༌རེའེ༌ གྱབ༌བད༌། ང༌ ཏོན༌ཏག༌ མེད༌པ༌ ལུངས༌པོའེ༌ ནང༌ང༌ མུལ༌ཁྲུག༌ ཏང༌ཁན༌ནི༌ མི༌ ཙོགས༌ མན༌། 27 ངའེ༌ ང༌རང༌ངི༌ ཟུགས༌པོ༌ ང༌རང༌ངི༌ ཝང༌ངི༌ ཡོག༌ག༌ ལུས༌ཤེས༌སི༌ ཕིའ༌ རྩལ༌ཡངས༌ རྩེ༌ཁན༌གུན༌ ཙོགས༌ལ༌ ལོབ༌ཇོང༌ ཏང༌ངད༌། ཏེ༌ མན༌ན༌ ངའེ༌ ཞན༌མ༌གུན༌ལ༌ དཀོན༌མཆོག༌གི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤད༌ཏེ༌ སྟིང༌ནེ༌, ངའ༌ ཐའ༌མེད༌པའེ༌ སོལ༌རས༌ ཐོབ༌ཅེས༌སི༌ འོས༌པ༌ མི༌དུག༌ མོལ༌སྲིད༌ཅེས༌ལ༌ ཇིགས༌ས༌རག༌།

*9:9 9:9 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 25:4