11
1 ཡང༌ ང༌ མ༌ཤི༌ཀའེ༌ སྤེའེ༌ཀ༌ གྲུལ༌ཁན༌ ཙོགས༌ལ༌, ཁྱོ༌ཞ༌གུན༌ ངའེ༌ སྤེའེ༌ཀ༌ གྲུལ༌གོ༌ཤེས༌ ཨིན༌ནོག༌།
ཆོས༌ ཅོ༌ཅེས༌སི༌ སྐོར༌ལ༌ ལབ༌ཞ༌།
11:2 ནེ༌ 16
2 ཁྱོ༌ཞ༌གུན༌ནི༌ ཏུས༌གྱུན༌ ང༌ ཨིད༌ཏུ༌ བོར༌ཏེ༌ ངའེ༌ ཏངས༌ཁན༌ནི༌ ལབ༌ཞ༌གུན༌ནི༌ཀ༌ གྲུལ༌ཅེས༌པོའེ༌, ངའེ༌ ཁྱོ༌ཞའ༌ སྟོད༌པ༌ ཏང༌ངད༌། 3 ཨིན༌ནའང༌ ཁྱོ༌ཞ༌གུན༌ལ༌ འི༌གུན༌ ཧ༌གོ༌ ཅུག༌ཉིན༌རག༌, ཏད༌པ༌ཅན༌ནི༌ བུ༌ཚ༌ ཚང༌མའེ༌ གོ༌བོ༌ ནི༌, མ༌ཤི༌ཀ༌ ཞུགས༌ཏེ༌ ཨིན༌ནོག༌། ཏད༌པ༌ཅན༌ནི༌ བུ༌མོ༌ ཚང༌མའེ༌ གོ༌བོ༌ ནི༌, ཁོ༌རང༌གུན༌ནི༌ མག༌པ༌ ཨིན༌ནོག༌, ཡང༌ མ༌ཤི༌ཀའེ༌ གོ༌བོ༌ ནི༌, དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌ནོག༌། 4 གལ༌ཏེས༌ བུ༌ཚ༌ཞིག༌གི༌ མོས༌ལམ༌ ཕུལ༌ ཟ༌ནེ༌, ཡ༌ ལུང༌སྟན༌ ཤད༌ ཟ༌ནེ༌, ཁོ༌རང༌ངི༌ གོ༌བོ༌ ཀབས༌ཏེ༌ ཡོད༌ན༌, ཁོའེ༌ ཁོ༌རང༌ངི༌ གོ༌, ཡང༌ན༌ མ༌ཤི༌ཀ༌ ཁྲེལ༌བ༌ ཁྱོངས༌ཏེ༌ ཨིན༌ནོག༌། 5 ཨིན༌ནའང༌ གལ༌ཏེས༌ བུ༌མོ༌ཞིག༌གི༌ ཁོ༌རང༌ངི༌ གོ༌བོ༌ ཀབ༌ མ༌ཀབ༌བ༌ མོས༌ལམ༌ ཕུལ༌ན༌, ཡ༌ ལུང༌སྟན༌ ཤད༌ན༌, ཏེ༌ནེ༌ ཁོའེ༌ ཁོ༌རང༌ངི༌ གོ༌, ཡང༌ན༌ ཁོ༌རང༌ངི༌ མག༌པ༌, ཁྲེལ༌བ༌ ཁྱོངས༌ཏེ༌ ཨིན༌ནོག༌། ཏེ༌ཟུག༌ ཅོ༌ན༌, ཏེ༌ བུ༌མོ༌བོའེ༌ ཁོ༌རང༌ངི༌ སྲ༌ བྲགས༌ཏེ༌ གོ༌ལག༌ ཅོས༌ཁན༌ ཙོགས༌ ཨིན༌ནོག༌། 6 འོ༌ན༌ གལ༌ཏེས༌ བུ༌མོ༌བོ༌ གོ༌ ཀབ༌ཅེས༌སི༌ ཕིའ༌ ཐད༌ད༌ མེད༌ན༌, ཏེ༌ནེ༌ ཁོའེ༌ ཁོ༌རང༌ངི༌ སྲ༌ ཚང༌མ༌ བྲག༌གོ༌ཤེས༌ ཨིན༌ནོག༌། ཨིན༌ནའང༌ བུ༌མོ༌ཞིག༌ག༌ གོ༌ལག༌ ཅོ༌ཅེས༌ ཡ༌ སྲ༌ བད༌ཆུང༌ ཅད༌ཅེས༌པོ༌, ཁྲེལ༌བ༌ཞིག༌ ཨིན༌ པ༌སང༌, བུ༌མོའེ༌ གོ༌ ཀབ༌གོ༌ཤེས༌ ཨིན༌ནོག༌།
7 བུ༌ཚ༌ དཀོན༌མཆོག༌གི༌ ཡིབས༌ ཡང༌ ཁོང༌ངི༌ སྤལ༌ལི༌ ནང༌ང༌ ཅོའ༌ ཛད༌ པ༌སང༌, དཀོན༌མཆོག༌ག༌ ཅོལ༌ ཟ༌ནེ༌, ཁོའེ༌ ཁོ༌རང༌ངི༌ གོ༌ ཀབ༌ མ༌གོས༌། ཨིན༌ནའང༌ ན༌མ༌གུན༌ ཁོ༌རང༌ངི༌ མག༌པའེ༌ སྤལ༌བོ༌ ཨིན༌ནོག༌། 8 ཨ༌དཱམ༌ བུ༌ཚ༌ ཏང༌པོ༌, བུ༌མོ༌ནེ༌ བྱུངས༌ཏེ༌ མ༌ནོག༌, ཨིན༌ནའང༌ ཧ༌ཝ༌ ཏང༌པོ༌ བུ༌མོ༌ བུ༌ཚ༌ནེ༌ བྱུངས༌ཏེ༌ ཨིན༌ནོག༌། 9 ཡང༌ བུ༌ཚ༌ བུ༌མོའེ༌ ཕིའ༌ ཅོའ༌ མ༌ཛད༌ད༌, བུ༌མོ༌ བུ༌ཚའེ༌ ཕིའ༌ ཅོའ༌ ཛད༌ཏེ༌ ཨིན༌པིན༌། 10 ཏེན༌ན༌ གྱུན༌ཚན༌ དང༌ དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ནི༌ ཟིགས༌ཨིན༌ ཡོད༌ཅེས༌པོའེ༌, བུ༌མོའེ༌ ཁོ༌རང༌ མག༌པའེ༌ ཝང༌ངི༌ ཡོག༌ག༌ ཡོད༌ཁན༌བོ༌ ལྟན༌ཅེས༌ལ༌, ཁོ༌རང༌ངི༌ གོ༌ ཀབ༌གོ༌ཤེས༌ ཨིན༌ནོག༌།
11 གཙོ༌བོའེ༌ ནང༌ང༌ ཏད༌པ༌ཅན༌ནི༌ བུ༌ཚ༌ཞིག༌གི༌ ང༌ བུ༌མོའེ༌ཀ༌ རག༌ལས༌ཏེ༌ ཡ༌ ཏད༌པ༌ཅན༌ནི༌ བུ༌མོ༌ཞིག༌གི༌ ང༌ བུ༌ཚའེ༌ཀ༌ རག༌ལས༌ཏེ༌ དུག༌གོ༌ཤེས༌མེད༌ ཟེར༌ མི༌ཉན༌། 12 ཅིའ༌ཟེར༌ན༌ ཏང༌པོ༌, བུ༌མོ༌ བུ༌ཚའེ༌ ཀ༌ནེ༌ བྱུངས༌ཏེ༌ ཨིན༌ནའང༌, དག༌ས༌ བུ༌མོའེ༌ ཀ༌ནེ༌ བུ༌ཚ༌ སྐྱེའ༌ནོག༌། ཨིན༌ནའང༌ ཅི༌ཚང༌མ༌ དཀོན༌མཆོག༌ནེ༌ ཡོངས༌ཏེ༌ ཨིན༌ནོག༌།
13 ཁྱོ༌ཞ༌རང༌ངི༌ ཐག༌ཅོད༌ཤིག༌, ཅི༌ མི༌གུན༌ནི༌ ཕྲོའ༌ བུ༌མོའེ༌ རང༌ངི༌ གོ༌ མ༌ཀབ༌བ༌ དཀོན༌མཆོག༌ག༌ མོས༌ལམ༌ ཕུལ༌ཅེས༌པོ༌, འོས༌པ༌ ཨིན༌ནོག༌ག༌? 14 ཅི༌ བུ༌ཚའེ༌ བུ༌མོ༌ ཙོགས༌ལ༌ སྲ༌ རིང༌མོ༌ བོར༌ན༌, ཏེ༌བོ༌ རང༌ཞིན༌ མན༌ཁན༌ ཡང༌ ཁྲེལ༌བ༌ཞིག༌ མ༌ནོག༌ག༌? 15 ཡང༌ སྲ༌ རིང༌མོ༌ ཡོད༌ཅེས༌པོ༌ བུ༌མོའེ༌ ཕིའ༌ སྤལ༌ཞིག༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཏེ༌བོ༌ ཁོའ༌ ཀབ༌ཅེས༌ལ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌། 16 ཨིན༌ནའང༌ འི༌བོའེ༌ སྐོར༌ལ༌ གྱབ༌གལ༌ ཅོ༌ཉིན༌ ཡོད༌ཁན༌གུན༌ནི༌ ཕིའ༌ ངའེ༌ འིན༌ན༌བོ༌ ཟེར༌ཨིན༌, ང༌ཞ༌གུན༌ལ༌ འིན༌ན༌བོ༌ མ༌ནེ༌, ཞན༌ཡང༌ ལུག༌སྲོལ༌ཞིག༌ མེད༌, ཡང༌ དཀོན༌མཆོག༌གི༌ ཆོས༌ཚོགས༌གུན༌ནི༌ ནང༌ངའང༌ མེད༌པ༌ ཨིན༌ནོག༌།
དམ༌པའེ༌ སོལ༌རས༌ ཡང༌ན༌ གཙོ༌བོའེ༌ དོན༌ཏང༌ངི༌ ཕིའ༌ ཁྲིམས༌གུན༌།
11:17 ནེ༌ 34
17 ཏ༌ ངའེ༌ ཟེར༌ཅེས༌ཅན༌བོའེ༌ ནང༌ང༌, ཁྱོ༌ཞ༌གུན༌ལ༌ སྟོད༌པ༌ ཏང༌ཉན༌ཅེས༌ མེ༌རག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཛོམ༌ཅེས༌པོའེ༌, ཕན༌ཐོགས༌སི༌ སང༌ མང༌ང༌ ནོད༌སྐྱལ༌ ཁྱོང༌དུག༌། 18 ཏང༌པོ༌, ཁྱོ༌ཞ༌གུན༌ ཆོས༌ཚོགས༌སི༌ ཚུལ༌ལ༌ ཛོམ༌ ཟ༌ནེ༌, ཁྱོ༌ཞ༌གུན༌ནི༌ ཕྲོའ༌ པོ༌མང༌པོ༌ ཕུད༌ཏེ༌ ཡོད༌ཁན༌བོ༌ ཚོར༌། ཡང༌ ངའེ༌ སམ༌མ༌རག༌ ཏེ༌ སྤེ༌ར༌ ཚོར༌ཁན༌ མང༌ཆེའ༌བོ༌ དེན༌བ༌ ཨིན༌ནོག༌། 19 ཏན༌ཏན༌ལ༌ དཀོན༌མཆོག༌གི༌ མི༌གུན༌ ངོ༌སྟག༌ ཆ༌ཅེས༌སི༌ ཕིའ༌ ཁོང༌ངི༌ ཁྱོ༌ཞ༌གུན༌ནི༌ ཕྲོའ༌ ཁག༌ སོ༌སོ༌གུན༌ བྱུང༌ ཅུག༌ག༌ ཛད༌ཏེ༌ ཨིན༌ནོག༌།
20 གཙོ༌བོའེ༌ དོན༌ཏང༌ངི༌ ནང༌ང༌ ཟའ༌ཅེས༌ལ༌ ཁྱོ༌ཞ༌གུན༌ ཛོམ༌ ཟ༌ནེ༌ དེན༌བ༌, ཁྱོ༌ཞ༌གུན༌ མ༌ཤི༌ཀའེ༌ ཀྲོང༌ཤེས༌པོ༌ ཨིད༌ཏུ༌ ཅོ༌ཅེས༌ལ༌ ཐད༌ད༌ མི༌དུག༌། 21 ཅིའ༌ཟེར༌ན༌ ཁྱོ༌ཞའ༌ ཁ༌ཅིག༌གི༌, རང༌ངི༌ ཁར༌ཇི༌གུན༌ ཞན༌མ༌གུན༌ལ༌ བགོས༌ཏེ༌ མ༌ཏང༌ང༌ ཟའ༌ཅེས༌ལ༌ རིངས༌དུག༌, ཀ༌བོའེ༌ ཞས༌ཏེ༌ ཁ༌ཅིག༌ སྟོག༌རིའ༌ ལུས༌དུག༌, ཡང༌ ཁ༌ཅིག༌ ར༌རོས༌ དུག༌། 22 ཅི༌ ཁྱོ༌ཞ༌གུན༌ལ༌ ཟའ༌ཅེས༌ དང༌ ཐུང༌ཅེས༌སི༌ ཕིའ༌, རང༌རང༌ངི༌ ཁང༌པ༌ མེད༌ད༌? ཡ༌ ཅི༌ དཀོན༌མཆོག༌གི༌ ཆོས༌ཚོགས༌ལ༌ ནཕ༌རད༌ ཅོ༌ཅེས༌ དང༌ ཉལ༌བ༌ཅན༌གུན༌ལ༌ ཁྲེལ༌བ༌ ཁྱོང༌ང༌ལ༌, ཐད༌ད༌ རག༌ག༌? ངའེ༌ ཁྱོ༌ཞ༌གུན༌ལ༌ ཅི༌ ཟེར༌གོས༌, ཅི༌ ངའེ༌ འི༌བོའེ༌ ཕིའ༌ ཁྱོ༌ཞ༌གུན༌ལ༌ སྟོད༌པ༌ ཏང༌གོས༌ས༌? འོ༌ན༌ ཏན༌ཏན༌ འི༌བོའེ༌ ཕིའ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ སྟོད༌པ༌ མི༌ཏང༌།
23 ངའ༌ གཙོ༌བོའེ༌ ཆོགས༌ནེ༌ ལབ༌ཞ༌ ཐོབ༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ ཏངས༌པིན༌། ཏེན༌ན༌ ཚན༌ལ༌ ནམ༌ ཡུ༌དཱའེ༌ གཙོ༌བོ༌ ཡེ༌ཤུའ༌ ངོ༌ལོག༌ ཅོས༌, གཙོ༌བོའེ༌ ཏ༌གི༌བོ༌ ལེན༌ན༌ ཛདས༌, 24 ཡང༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཕུལ༌ཏེ༌ ཁོང༌ངི༌ ཏེ༌བོ༌ ཅག༌ག༌ ཛདས༌, ཡང༌ མོལས༌, "འི༌བོ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ཏངས༌ཁན༌ནི༌ ངའེ༌ ཟུགས༌པོ༌ ཨིན༌། ང༌ ཨིད༌ཏུ༌ ཅོ༌ཅེས༌ལ༌ འི༌བོ༌ ཅོ༌ཤིག༌།" 25 ཏེན༌ན༌ ཙོགས༌ལ༌ ཁར༌ཇི༌ སྟིང༌ནེ༌ ཁོང༌ངི༌ རྒུན༌ཆང༌ངི༌ དོན༌སྐྱོག༌པོ༌ ནམས༌ ཡང༌ མོལས༌, "འི༌ ཀོ༌རེ༌བོ༌ དཀོན༌མཆོག༌ དང༌ ཁོང༌ངི༌ མི༌གུན༌ནི༌ པར༌ལ༌ ཞལ༌ཆད༌ སོ༌མ༌ཞིག༌ ཨིན༌ནོག༌, ཀ༌བོ༌ ངའེ༌ ཁྲག༌ ཉམ༌པོ༌ ཅོས༌ཏེ༌ ཨིན༌, ཁྱོ༌ཞ༌གུན༌ནི༌ འི༌བོ༌ ཐུང༌ ཟ༌ནེ༌ ང༌ ཨིད༌ཏུ༌ ཅོ༌ཤིག༌།" 26 ནམ༌ ཁྱོ༌ཞ༌གུན༌ནི༌ འི༌ ཏ༌གི༌བོ༌ ཟེན༌ ཡང༌ འི༌ ཀོ༌རེ༌བོ༌ནེ༌ ཐུང༌ཨིན༌, མ༌ཤི༌ཀ༌ ཡང༌སྐྱར༌ ལོགས༌ཏེ༌ སྐྱོད༌སྐྱོད༌ ཚོག༌པ༌, ཁྱོ༌ཞ༌གུན༌ནི༌ ཏོན༌ལ༌ གཙོ༌བོ༌ ཀྲོངས༌ས༌ ཛད༌ཁན༌བོ༌ མི༌གུན༌ལ༌ ཁྱོ༌ཞའེ༌ སྤང༌པོ༌ ཏང༌ང༌ནོག༌།
27 ཏེ༌བོའེ༌ཕིའ༌ སུ༌ཞིག༌གི༌ རྩི༌ཝ༌ མ༌ཅོའ༌ འི༌ ཏ༌གི༌བོའེ༌ ཀ༌ནེ༌ ཟའ༌ན༌ ཡ༌ འི༌ ཀོ༌རེ༌ ནང༌ནེ༌ ཐུང༌ན༌, གཙོ༌བོའེ༌ སྐུ༌ཟུགས༌ དང༌ སྐུ༌ཁྲག༌ གུན༌ནི༌ གྱབ༌གལ༌ལ༌ སྡིག༌པ༌ ཅོས༌ཏེ༌ ནོངས༌ཅན༌ གྱུར༌ཏེ༌ ཨིན༌ནོག༌། 28 ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ ཏ༌གི༌ ཟའེ༌ སང༌ ཡང༌ ཀོ༌རེ༌བོ༌ནེ༌ ཐུང༌ངི༌ སང༌ སྔུན༌ལ༌, ཁྱོ༌ཞ༌རང༌ང༌ སྟག༌ཅད༌ ཅོ༌གོ༌ཤེས༌ ཨིན༌ནོག༌། 29 གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀའེ༌ སྐུ༌ཟུགས༌པོའ༌ རྩི༌ཝ༌ མ༌ཕུལ༌ལ༌ ཏ༌གི༌བོ༌ ཟའ༌ན༌ ཡ༌ ཀོ༌རེ༌བོ༌ནེ༌ ཐུང༌ན༌, ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཁྱོ༌ཞ༌རང༌ངི༌ ཕིའ༌ དཀོན༌མཆོག༌གི༌ ཁྲིམས༌ཅད༌པོ༌ ཟོས༌ཏེ༌ ཡང༌ ཐུངས༌ཏེ༌ ཨིན༌ནོག༌། 30 ཏེན༌ན༌བོའེ༌ ཕིའ༌ ཁྱོ༌ཞའ༌ མང༌པོ༌ཞིག༌ འུ༌ཐུགས༌ དང༌ ཟུ༌མོ༌ཅན༌ ཡང༌ ཁ༌ཅིག༌ ཤི༌ཏེའང༌ ཨིན༌ནོག༌།
31 ཨིན༌ནའང༌ གལ༌ཏེས༌ ང༌དང༌གུན༌ནི༌ ང༌དང༌ རང༌ང༌ སྟག༌ཅད༌ ཅོས༌པིན༌ན༌, ང༌དང༌གུན༌ འི༌ཙོགས༌སི༌ ཁྲིམས༌ཅད༌དི༌ ནང༌ང༌ ཡོངས༌ཏེ༌ མེད༌གྲོ༌། 32 ཏེ༌ནེའང༌ ང༌དང༌ང༌ ཇིག༌རྟེན༌པ༌གུན༌ ཉམ༌པོ༌ ཆད༌པ༌ མི༌ཕོག༌ཅེས༌སི༌ ཕིའ༌, ང༌དང༌གུན༌ལ༌ གཙོ༌བོའེ༌ ཁྲིམས༌ཅད༌ སལ༌ལ༌ ཛད༌ ཟ༌ནེ༌, ཁོང༌ངི༌ ང༌དང༌གུན༌ སྐྱོང༌ང༌ ཛད༌ཏེ༌ ཨིན༌ནོག༌།
33 ཏེ༌ནེ༌ ངའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ གཙོ༌བོའེ༌ དོན༌ཏང༌ངི༌ ཕིའ༌ ཛོམ༌ ཟ༌ནེ༌ ཅིག༌ དང༌ ཅིག༌ག༌ སྲུངས༌ཏེ༌ དུག༌ཤིག༌། 34 གལ༌ཏེས༌ ཁྱོ༌ཞ༌གུན༌ སྟོགས༌སད༌ན༌, ཏེ༌ནེ༌ ཁྱོ༌ཞ༌གུན༌ ཛོམ༌ ཟ༌ནེ༌ ཁྱོ༌ཞའེ༌ཀ༌ ཁྲིམས༌ཅད༌ མི༌ཡོང༌ཅེས༌སི༌ ཕིའ༌ རང༌ངི༌ ཁང༌པའ༌ ཁར༌ཇི༌ ཟོས༌ཏེ༌ ཡོང༌ཤིག༌། ང༌ ལེབས༌ཏེ༌ སྟིང༌ནེ༌, ཁྱོ༌ཞ༌གུན༌ལ༌ འི༌ སྐོར༌ལ༌ ཞན༌ཡང༌ ལབ༌ཞ༌གུན༌ ཏང༌ཨིན༌།