3
མག༌པ༌ དང༌ ན༌མའ༌ གུན༌ནི༌ ཕིའ༌ ལབ༌ཞའ༌།
3:1 ནེ༌ 7
ཏེན༌ན༌ ཙོགས༌ལ༌ ན༌མ༌གུན༌ རང༌ངི༌ མག༌པའེ༌ ཝང༌ངི༌ ཡོག༌ག༌ དུག༌ཤིག༌། གལ༌ཏེས༌ ཁ༌ཅིག༌གི༌ གའ༌མོའེ༌ ནས༌ཚུལ༌ལ༌ ཨིད༌ཤེས༌ མ༌ཅོ༌ནའང༌, ཁྱོ༌ཞ༌གུན༌ནི༌ མི༌ཚེ༌ ཕུད༌ཚུལ༌བོའེ༌ ཞས༌ཏེ༌ ཁྱོ༌ཞའ༌ ཤད༌གོས༌ མེད༌པ༌ ཁོང༌གུན༌ནི༌ སྙིང༌ངི༌ ནང༌ང༌ གྱུར༌ཇ༌ ཡོངས༌ཏེ༌ ཏད༌པ༌ ཅོ༌ཨིན༌། ཁྱོ༌ཞ༌གུན༌ནི༌ སེམས༌ ལག༌མོ༌ དང༌ རང༌ངི༌ མག༌པའ༌ རྩི༌ཝ༌ ཅོ༌ཅེས༌པོ༌ ཐོང༌ཏེ༌, ཁོང༌གུན༌ནི༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཁྱོང༌ཨིན༌།
ཕི༌ལོག༌གི༌ ལུས༌སི༌ ཐོག༌ནེ༌ ཛེས༌མོ༌ ཅོ༌ཅེས༌སི༌ རྩོན༌གྲུས༌ མ༌ཅོ༌ཤིག༌, སྤེར༌ན༌ སྲ༌གུན༌ ཞིལ༌ཞིལ༌ལ༌ ཕུད༌ཅེས༌, སེར༌རི༌ གྱན༌ཆ༌ ཏག༌ཅེས༌ ཡང༌ ཀོས༌ རིན༌ཅན༌ གོན༌ཅེས༌གུན༌། ཨིན༌ནའང༌ སེམས༌ པས༌མོ༌ དང༌ བོལ༌མོ༌ ཅོས༌ཏེ༌ ཁྱོ༌ཞ༌རང༌ སེམས༌སི༌ ནང༌ང༌ ཛེས༌མོ༌ ཅོ༌ཤིག༌, འི༌ཙོགས༌སི༌ སྕོད༌ལམ༌གུན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ མ༌ རིན༌ཅན༌ ཨིན༌ནོག༌། ཅིའ༌ཟེར༌ན༌ སྔུན༌མའེ༌ ཏུས༌ལའང༌, དཀོན༌མཆོག༌གི༌ཀ༌ ཏད༌པ༌ བོར༌ཁན༌ནི༌ བུ༌མོ༌ དམ༌པ༌གུན༌ནི༌, ཏེན༌ན༌ ཙོགས༌ལ༌ ཟབ༌བད༌པིན༌, ཡང༌ ཁོ༌རང༌གུན༌ རང༌ངི༌ མག༌པའེ༌ ཝང༌ངི༌ ཡོག༌ག༌ སྟད༌དད༌པིན༌། སྤེར༌ན༌ སཱ༌རའེ༌ མག༌པ༌ ཨབ༌ར༌ཧམ༌མི༌ ཁའ༌ཉན༌ཏེ༌ ཁོང༌ང༌ རང༌ངི༌ སྤོན༌བོ༌ ཐེའད༌པིན༌། གལ༌ཏེས༌ ཁྱོ༌ཞའེ༌ མག༌པ༌གུན༌ནི༌ ཅི༌ ཅོས༌ ཏང༌ཨིན༌ སམས༌ཏེ༌ ཇིགས༌ མ༌ཇིགས༌ས༌ འོས༌པ༌ ཨིན༌ཁན༌བོ༌ ཅོ༌ན༌, ཁྱོ༌ཞ༌གུན༌ནའང༌ སཱ༌རའེ༌ བུ༌མོ༌གུན༌ ཐེའ༌ ཛད༌ཨིན༌།
ཏེན༌ན༌ ཙོགས༌ལ༌ ཁྱོ༌ཞའ༌ མག༌པ༌གུན༌ནི༌ རང༌ངི༌ ན༌མ༌ ཉམ༌པོ༌ མི༌ཚེ༌ ཕུད༌ ཟ༌ནེ༌, བུ༌མོ༌གུན༌ ཁྱོ༌ཞའེ༌ སང༌ ཤེད༌མེད༌ ཨིན༌ པ༌སང༌, ཁོང༌གུན༌ ཉམ༌པོ༌ བོལ༌མོ༌ ཡང༌ དཀོན༌མཆོག༌གི༌ མི༌ཚེ༌ སོ༌མའེ༌ སོལ༌རས༌སི༌ ནང༌ང༌, ཁོང༌གུན༌ནའང༌ དྲན༌དྲ༌ ཁག༌ ཡོད༌ཅེས༌པོའེ༌ ཀུས༌པ༌ ཅོ༌ཤིག༌། ཏེ༌ཟུག༌ ཅོ༌ན༌ དཀོན༌མཆོག༌གི༌ ཁྱོ༌ཞའེ༌ མོས༌ལམ༌གུན༌ སན༌ན༌ ཛད༌ཨིན༌།
ཟང༌པོ༌ ཅོ༌ཅེས༌སི༌ ཕིའ༌ རྡུག༌ངལ༌ ཐོང༌ཨིན༌།
3:8 ནེ༌ 22
སྟིང༌ཇུག༌ག༌, ཁྱོ༌ཞའ༌ ཚང༌མ༌ སེམས༌ ཅིག༌ སོང༌ཏེ༌ དུག༌ཤིག༌, ཅིག༌ དང༌ ཅིག༌ག༌ སྣང༌ང༌ བོར༌, ཅམས༌པ༌, སྙིང༌རྗེ༌, དང༌ སེམས༌ པས༌མོ༌ ཅོ༌ཤིག༌། ངན༌པའེ༌ ལན༌ལ༌ ངན༌པ༌ མ༌ཅོ༌ཤིག༌, ཡང༌ སུ༌ཞིག༌གི༌ ཁྱོ༌ཞའེ༌ སྐོར༌ལ༌ སྤེ༌ར༌ རྩོག༌པོ༌ ཟེར༌ན༌ ཏེ༌བོའེ༌ ལན༌ལ༌ ཁྱོ༌ཞེའང༌ ཏེ༌ཙོགས༌ མ༌ཅོའ༌, ཏེ༌བོའེ༌ ཚབས༌ལ༌ ཏེ༌གུན༌ལ༌ ཅིན༌ལབས༌ ཏོང༌ཤིག༌། ཅིའ༌ཞུ༌ན༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ ཏེན༌ན༌བོའེ༌ ཕིའ༌ བོད༌ད༌ ཛད༌ཏེ༌ ཨིན༌ནོག༌, ཡང༌ ཏེ༌ཟུག༌ ཅོ༌ན༌ ཁོང༌ངི༌ ཁྱོ༌ཞ༌གུན༌ལ༌ ཅིན༌ལབས༌ སལ༌ལ༌ ཛད༌ཨིན༌། 10 དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ དུག༌།
"གལ༌ཏེས༌ ཁྱོ༌ཞའ༌ མི༌ཚེ༌ ནང༌ང༌ སྐྱིད༌པོ༌ ཡང༌
ཞག༌ ཟང༌པོ༌ མང༌པོ༌ ཐོང༌ཅེས༌སི༌ དོད༌པ༌ ཡོད༌ན༌,
ཁྱོ༌ཞ༌གུན༌ནི༌ ལྕེའ༌ སྤེ༌ར༌ ངན༌པ༌ ཡང༌
ཁལ༌པག༌ག༌ ཟུན༌ ཏང༌མ༌ཅུག༌ཤིག༌།
11 ངན༌པའ༌ ཕངས༌ཏེ༌ ཟང༌པོ༌ ཅོ༌ཤིག༌།
སྙིང༌ནེ༌ ཞི༌དེ༌ ཙལ༌ཏེ༌ ཏེ༌བོའེ༌ གྱབ༌ནེ༌ བང༌ཏོང༌ཤིག༌།
12 ཅིའ༌ཞུ༌ན༌ དཀོན༌མཆོག༌གི༌ མི༌ དྲང༌པོ༌གུན༌ལ༌ ཟིགས༌ཏེ༌
ཏེ༌གུན༌ནི༌ མོས༌ལམ༌གུན༌ སན༌ན༌ ཛད༌ད༌ནོག༌།
ཨིན༌ནའང༌ ངན༌པ༌ ཅོ༌ཁན༌གུན༌ནེ༌,
ཁོང༌ངི༌ ཞལ༌ གྱུར༌ར༌ ཛད༌དུག༌།"*3:12 སུང༌གུར༌རི༌ སྤེ༌ཆའེ༌ 34:12 ནེ༌ 16
13 ཏ༌ གལ༌ཏེས༌ ཟང༌པོ༌ ཅོའ༌ལ༌ རིངས༌སད༌ན༌, སུའི༌ ཁྱོ༌ཞ༌གུན༌ལ༌ ནོད༌པ༌ སྐྱལ༌ཨིན༌། 14 གལ༌ཏེས༌ ཁྱོ༌ཞའ༌ ལས༌ ཟང༌པོ༌ ཅོ༌ཅེས༌པོའེ༌ རྡུག༌ངལ༌ ཐོང༌ནའང༌, དཀོན༌མཆོག༌གི༌ ཅིན༌ལབས༌ སལ༌ལ༌ ཛད༌ཨིན༌། ཏེ༌ ཇིགས༌ནང༌ ལྟན༌ཁན༌གུན༌ལ༌ མ༌ཇིགས༌ཤིག༌ ཡང༌ མ༌ཚེར༌ཤིག༌།"3:14 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 8:12 15 རང༌ངི༌ སེམས༌སི༌ ནང༌ང༌ མ༌ཤི༌ཀ༌ ནི༌, གཙོ༌བོ༌ ཨིན༌ཁན༌བོ༌ རྩི༌གོས༌། ཡང༌ གལ༌ཏེས༌ སུ༌ཞིག༌གི༌ ཁྱོ༌ཞའེ༌ མ༌ཤི༌ཀའེ༌ ནང༌ང༌ རེ༌ཝ༌ ཡོད༌ཁན༌ནི༌ སྐོར༌ལ༌ ཧ༌གོ༌ཅེས༌ལ༌ རྩར༌ཅོད༌ ཏང༌ན༌, ཏེ༌གུན༌ལ༌ ལན༌ཏང༌ཅེས༌ལ༌ ཏུས༌གྱུན༌ གྲལ༌གྲིག༌ དུག༌ཤིག༌། 16 ཨིན༌ནའང༌ ཏེ༌གུན༌ སེམས༌ པས༌མོ༌ དང༌ ཀུས༌པ༌ ཉམ༌པོ༌ ཅོ༌ཤིག༌། མ༌ཤི༌ཀའེ༌ ནང༌ང༌ ཁྱོ༌ཞའེ༌ ཟང༌པོ༌ སྕོད༌པའེ༌ སྐོར༌ལ༌ སྤེ༌ར༌ རྩོག༌པོ༌ ཟེར༌ཁན༌གུན༌, ཁོང༌རང༌གུན༌ནི༌ ཟེར༌ཁན༌ནི༌ཀ༌ ཁྲེལ༌བ༌ ཆ༌ཅེས༌སི༌ ཕིའ༌ སེམས༌ ནོངས༌མེད༌ བོར༌ཤིག༌། 17 གལ༌ཏེས༌ དཀོན༌མཆོག༌གི༌ ཐུག༌གོངས༌ འིན༌ན༌བོ༌ ཨིན༌ན༌, ཁྱོ༌ཞ༌གུན༌ལ༌ ངན༌པ༌ ཅོའེ༌ སང༌ཏ༌ ཟང༌པོ༌ ཅོས༌ཏེ༌ རྡུག༌ངལ༌ ཐོང༌ན༌ གྱལ༌།
18 མ༌ཤི༌ཀ༌ ང༌དང༌གུན༌ནི༌ སྡིག༌པའེ༌ ཏོན༌ལ༌ རྡུག༌ངལ༌ ནམས༌ཏེ༌ ཏུས༌གྱུན༌ནི༌ ཕིའ༌ ལན༌ཅིག༌ ཀྲོངས༌ས༌ ཛདས༌། མ༌ཤི༌ཀ༌ དྲང༌པོ༌ ཞུགས༌ཏེ༌ ཨིན༌ནའང༌ ཁོང༌ སྡིག༌ཅན༌གུན༌ནི༌ ཕིའ༌ ཀྲོངས༌ས༌ ཛད༌ཏེ༌ ང༌དང༌གུན༌ དཀོན༌མཆོག༌ དང༌ ཉེ༌མོ༌ ཁྱོང༌ང༌ ཛདས༌། ཟུགས༌སི༌ ཐོག༌ནེ༌ ཁོང༌ ཀྲོངས༌ཏེ༌ ཨིན༌པིན༌, ཨིན༌ནའང༌ ཐུག༌ཉིད༌ གྱུད༌ཏེ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ཨིན༌།
19 ཏེ༌སྟིང༌ནེ༌ ཁོང༌ སྐྱོད༌ཏེ༌ ཙོན༌དོང༌ངི༌ ནང༌ང༌ ཡོད༌ཁན༌ནི༌ ཏེ༌ སེམས༌ཉིད༌གུན༌ལ༌ ཆོས༌ཤད༌ད༌ ཛདས༌། 20 ཏེ༌གུན༌ ཏུས༌ མང༌པོ༌ཞིག༌གི༌ སྔུན༌ལ༌ ནོ༌ཨཱའེ༌ གྲུ༌ཟིང༌ ཆེན༌མོ༌ རྩིག༌གི༌ ཏུས༌, དཀོན༌མཆོག༌གི༌ ཐུགས༌ཟོད༌ ཉམ༌པོ༌ སྲུང༌ང༌ ཛད༌ ཟ༌ནེ༌ ཁོང༌ངི༌ ཁའ༌ མ༌ཉན༌ཁན༌གུན༌ ཨིན༌པིན༌། མི༌ ཁ༌ཅིག༌ ཡང༌ན༌ མིང༌གོ༌ རྒྱད༌ཙ༌ ཇིགས༌ནང༌ཅན༌ནི༌ ཆུ༌ལོག༌ནེ༌ ཐར༌ཏེ༌ ཨིན༌པིན༌། 21 ཏེ༌ ཆུ༌ལོག༌པོ༌ ནི༌, ང༌དང༌གུན༌ལ༌ ཁྲུས༌ལེན༌ཅེས༌སི༌ སྤེ༌ཞིག༌ ཨིན༌ནོག༌, ཀ༌བོའེ༌ དག༌ས༌ ཁྱོ༌ཞ༌གུན༌ལ༌ ཐར༌པ༌ ཐོབས༌ཏེ༌ ཨིན༌ནོག༌། ཁྲུས༌ལེན༌ཅེས༌པོའེ༌ ཟུགས༌པོའེ༌ ཏྲི༌མ༌ ཁྲུ༌ཅེས༌ མན༌པ༌, སེམས༌ ལག༌མོ༌ ཉམ༌པོ༌ དཀོན༌མཆོག༌ག༌ ཞལ༌ཆད༌ ཅོ༌ཅུག༌ག༌ནོག༌, ཏེ༌ ཐར༌པ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ སྐུ༌ སོན༌ཏེའ༌ ཞངས༌ཤེས༌ གྱུད༌ཏེ༌ ཐོབ༌ཏེ༌ ཨིན༌ནོག༌།
22 ཡེ༌ཤུ༌ ཁོང༌རང༌ ནམ༌ཁའ༌ སྐྱོད༌ཏེ༌ དཀོན༌མཆོག༌གི༌ ཆག༌ ཡས༌པ༌ ཆོགས༌ལ༌ ཞུགས༌ཁྲིས༌སི༌ཀ༌ ཞུགས༌ས༌ ཛད༌ཏེ༌ ཕོ༌ཉ༌ དང༌ སྟོབས༌ དང༌ ཝང༌ ཡོད༌ཁན༌ ཚང༌མའེ༌ཀ༌ ཁོང༌ངི༌ ཝང༌སྲུལ༌ལ༌ ཛད༌ད༌ནོག༌།

*3:12 3:12 སུང༌གུར༌རི༌ སྤེ༌ཆའེ༌ 34:12 ནེ༌ 16

3:14 3:14 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 8:12