2
ཐེ༌ས༌ལོ༌ནི༌ཀའེ༌ ནང༌ང༌ པ༌འུ༌ལུའི༌ ཆག༌ལས༌།
2:1 ནེ༌ 16
1 ངའེ༌ ཅེས༌པའེ༌ སྤུན༌གུན༌, ང༌ཞའེ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཏུས༌ ཕུད༌ཁན༌བོ༌ ཕན༌མི༌ཐོགས༌ མན༌ཁན༌ ཁྱོ༌ཞ༌རང༌ང༌ གྱུས༌ཨིན༌ནོག༌། 2 ཁྱོ༌ཞའ༌ ཡོད༌ས༌ ཐེ༌ས༌ལོ༌ནི༌ཀ༌ ཡོང༌ངི༌ སང༌ སྔུན༌ལ༌, ཕི༌ལི༌པི༌ གྱལ༌སའེ༌ ནང༌ང༌ ང༌ཞའ༌ ཙམ༌ཤིག༌ ནགས༌ དང༌ ཁྲེལ༌བ༌ ལྟན༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌། ཨིན༌ནའང༌ ཐེ༌ས༌ལོ༌ནི༌ཀའེ༌ ནང༌ང༌ གྱབ༌གལ༌ སྲན༌ཏྲེ༌ ཐོང༌ནའང༌, ང༌དང༌ངི༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ ཁོང༌ངི༌ གའ༌མོའེ༌ ནས༌ཚུལ༌ ཇིགས༌ མེད༌པ༌ ཤད༌ཅེས༌ལ༌ ང༌ཞའ༌ སྤོས༌པ༌ སལས༌། 3 ང༌ཞའེ༌ ཆོས༌ཤད༌ཁན༌གུན༌ ང༌ཞའ༌ ནོར༌ཏེ༌ ཡ༌ རང༌དོད༌ ཡ༌ གོབ༌སྐོར༌ ཏང༌ཅེས༌སི༌ དོད༌པའེ༌ ཞས༌ཏེ༌ མན༌པིན༌། 4 ཨིན༌ནའང༌ དཀོན༌མཆོག༌གི༌ གའ༌མོའེ༌ ནས༌ཚུལ༌ སྟད༌ད༌ ཛད༌ཅེས༌ལ༌ འོས༌པ༌ཅན༌ ཐེའ༌ཛད༌ཁན༌ནི༌ མི༌གུན༌ ཙོགས༌ལ༌ ང༌ཞའེ༌ ཤད༌དད༌། ང༌ཞའེ༌ དོད༌པ༌ ནི༌ མི༌གུན༌ ཐད༌ཅུག༌ཅེས༌ མན༌པ༌ དཀོན༌མཆོག༌ ཐུག༌ཉེས༌ ཅུག༌ཅེས༌པོ༌ ཨིན༌, ཁོང༌ངི༌ ང༌དང༌གུན༌ནི༌ སྙིང༌ངི༌ སྟག༌ཅད༌ ཛད༌ད༌ནོག༌། 5 ང༌ཞའེ༌ ནོར༌དོད༌ ཡོད༌ཏེ༌ ཁྱོ༌ཞའ༌ ལྕེ༌ ཀོལ༌ཅེས༌ ཡ༌ ཁྱོ༌ཞའེ༌ ཛ༌འོ༌ ཨིན༌ཟུན༌ མ༌ནེ༌ མ༌ཏངས༌ཁན༌བོ༌ ཁྱོ༌ཞའ༌ གྱུས༌ཨིན༌ནོག༌, ཡང༌ དཀོན༌མཆོག༌ ཏེ༌བོའེ༌ སྤང༌པོ༌ ཨིན༌, 6 མ༌ཚད༌ ཁྱོ༌ཞའ༌ ཨིན༌གྲོ༌ ཡ༌ ཞན༌མ༌, ང༌ཞའེ༌ མི༌ ཀ༌ནེ༌ སྟོད༌པ༌ ཐོབ༌ཅེས༌སི༌ རེ༌ཝ༌ མ༌བོར༌པིན༌།
7 མ༌ཤི༌ཀའེ༌ སྐུ༌ཚབས༌ ཨིན༌ཅེས༌པོའེ༌, ང༌ཞའེ༌ ཁྱོ༌ཞའེ༌ ཀ༌ནེ༌ ཐོབ༌ཏང༌གུན༌ རྩོད༌ ཉན༌ཅེས༌ ཡོད༌པིན༌། ཨིན༌ནའང༌ ཨ༌མའེ༌ རང༌ངི༌ ཕྲུ༌གུ༌གུན༌ལ༌ པི༌བི༌ ཏངས༌ཏེ༌ ལྟ༌སྟོག༌ ཅོའ༌ ཙོགས༌ལ༌ ང༌ཞའང༌ ཁྱོ༌ཞའ༌ ཉམ༌པོ༌ བུལ༌མོ༌ ཡོད༌པིན༌། 8 ཁྱོ༌ཞ༌གུན༌ལ༌ ང༌ཞའེ༌ ཅམས༌པ༌ སྲན༌ཏྲེ༌ ཅོས༌པ༌, ཁྱོ༌ཞའ༌ ཉམ༌པོ༌ དཀོན༌མཆོག༌གི༌ གའ༌མོའེ༌ ནས༌ཚུལ༌ ཅིག༌པོ༌ མན༌པ༌, ང༌ཞ༌རང༌ངི༌ མི༌ཚེའང༌ བགོ༌ཅེས༌ལ༌ ཐད༌དད༌པིན༌།
9 ཅེས༌པའེ༌ སྤུན༌གུན༌, ང༌ཞའེ༌ བར༌དོ༌ ཁུར༌ཏེ༌ ལས༌ ཅོ༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ ཏན༌ཏན༌ ཨིད༌ཏུ༌ ཡོད༌གྲོ༌; སྤེར༌ན༌ དཀོན༌མཆོག༌གི༌ གའ༌མོའེ༌ ནས༌ཚུལ༌ ཁྱོ༌ཞ༌གུན༌ལ༌ ཤད༌ ཟ༌ནེ༌, སུ༌ཞིག༌གའང༌ བར༌དོ༌ མི༌ཐོང༌ཅེས༌ལ༌ ང༌ཞ༌རང༌ངི༌ སྒོས༌དོམ༌གུན༌ནི༌ ཕིའ༌ ང༌ཞའེ༌ ཉིན༌ཚན༌ མེད༌པ༌ ལས༌ ཅོས༌པིན༌། 10 ཁྱོ༌ཞའ༌ གཙོ༌བོའེ༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ནི༌ ཕྲོའ༌, ང༌ཞའེ༌ སྕོད༌ལམ༌གུན༌ རྩང༌མ༌, དྲང༌པོ༌ དང༌ སྐྱོན༌མེད༌ ཡོད༌ཁན༌བོའེ༌ སྤང༌པོ༌ ཁྱོ༌ཞའ༌ ཚང༌མ༌ དང༌ དཀོན༌མཆོག༌ ཨིན༌ནོག༌། 11 ཡང༌ ཨ༌བའེ༌ རང༌ངི༌ ཕྲུ༌གུའ༌ ཡ༌ཤ༌ ཉམ༌པོ༌ ལྟ༌སྟོག༌ ཅོ༌ཁན༌ ཙོགས༌ལ༌ ང༌ཞེའང༌ ཁྱོ༌ཞའ༌ རེ༌རེ༌ ལྟ༌སྟོག༌ ཅོ༌ཁན༌བོ༌ ཁྱོ༌ཞའ༌ གྱུས༌ཨིན༌ནོག༌། 12 ང༌ཞའེ༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌ག༌ རྩི༌ཝ༌ ཐོབ༌ཅེས༌ཅན༌ནི༌ མི༌ཚེ༌ཞིག༌ ཕུད༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ ཞུ༌ཝ༌ ཕུལ༌ལད༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཁྱོ༌ཞ༌གུན༌ལ༌ ཁོང༌རང༌ངི༌ གྱལ༌སྲིད༌ དང༌ སྤལ༌ལི༌ ནང༌ང༌ དུག༌ག༌ལ༌ བོད༌ད༌ ཛདས༌།
13 ང༌ཞའེ༌ ཏུས༌གྱུན༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུའད༌, ཅིའ༌ཟེར༌ན༌ ང༌ཞའེ༌ དཀོན༌མཆོག༌གི༌ བཀའ༌ ཤད༌ ཟ༌ནེ༌, ཁྱོ༌ཞ༌གུན༌ནི༌ ཏེ༌གུན༌ མིའི༌ སྤེ༌ར༌ མན༌པ༌, དཀོན༌མཆོག༌གི༌ བཀའ༌ ཨིན༌ཅེས༌པོའེ༌ ཉནས༌, ཀ༌བོ༌ ཏན༌ཏན༌ ཨིན༌ནོག༌། ཡང༌ ཏད༌པ༌ ཁྱོངས༌ཁན༌གུན༌ནིི༌ མི༌ཚེའེ༌ ནང༌ང༌ ཏེ༌ བཀའ༌བོའེ༌ ཆག༌ལས༌ ཛད༌ཨིན༌ ཨིན༌ནོག༌།
14 ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞའ༌ ཡ༌ཧུ༌དཱའེ༌ ཡུལ༌ལི༌ ནང༌ང༌ དཀོན༌མཆོག༌གི༌ ཆོས༌ཚོགས༌ ཀ༌བོ༌ མ༌ཤི༌ཀ༌ ཡེ༌ཤུའི༌ ཨིན༌, ཏེ༌གུན༌ གྲུལ༌ཁན༌ནི༌ ལམ༌མི༌ཀ༌ གྲུལ༌ཏེ༌ ཨིན༌ནོག༌། ཏེ༌གུན༌ལ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ནགས༌ ལྟན༌ན༌ ཙོགས༌ལ༌, ཁྱོ༌ཞ༌གུན༌ལའང༌ རང༌ཡུལ༌ལི༌ མི༌གུན༌ནི༌ ནགས༌ ལྟན༌ཏེ༌ ཨིན༌ནོག༌། 15 ཏེན༌ན༌ ཙོགས༌སི༌ ཡ༌ཧུ༌དཱ༌པ༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཚད༌, སྔུན༌མའེ༌ ལུང༌སྟོན༌པ༌གུན༌ནའང༌ སད༌ཏེ༌ ཨིན༌པིན༌, ཡང༌ ང༌ཞ༌གུན༌ལའང༌ ནགས༌ སྟནས༌། དཀོན༌མཆོག༌ ཏེ༌གུན༌ནི༌ཀ༌ ཐུགས༌ཐད༌ད༌ མ༌ཛདས༌། ཡང༌ ཏེ༌གུན༌ནི༌ མི༌ཚང༌མའ༌ གྱབ༌གལ༌ ཅོས༌ཏེ༌ 16 ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌སི༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌ནེ༌ ང༌ཞའ༌ སྒག༌ཅེས༌སི༌ རྩོན༌གྲུས༌ ཅོས༌། ཏེ༌ཟུག༌ ཅོ༌ཅེས༌ནེ༌, ཁོང༌གུན༌ནི༌ སྡིག༌པ༌བོ༌ རྩག༌ཨིན༌ སོང༌ཏེ༌ ཚད༌ནེ༌ ཐལ༌ཏེ༌ སོང༌ པ༌སང༌, ཏ༌ དཀོན༌མཆོག༌གི༌ ཐུགས༌སྲོ༌ གང༌པོ༌ ཏེ༌གུན༌ནི༌ཀ༌ བབས༌ཏེ༌ ཨིན༌ནོག༌།
པ༌འུ༌ལུའ༌ ཁོང༌གུན༌ ཉམ༌པོ༌ ཡང༌སྐྱར༌ ཐུག༌ཅེས༌སི༌ དོད༌པ༌།
2:17 ནེ༌ 20
17 ཅེས༌པའེ༌ སྤུན༌གུན༌, ང༌ཞ༌གུན༌ སེམས༌ནེ༌ མན༌པ༌, ཟུགས༌སི༌ ཐོག༌ནེ༌ ཁྱོ༌ཞའ༌ ཉམ༌པོ༌ ཏུས༌ ཉུ༌ངུན༌ཞིག༌གི༌ ཕིའ༌ ཐག༌རིང༌ང༌ བེ༌ཏེ༌ ཡོད༌ ཟ༌ནེའང༌, ང༌ཞའེ༌ ཁྱོ༌ཞ༌གུན༌ ཡོད༌ས༌ ལོགས༌ཏེ༌ ཡོང༌ཅེས༌སི༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོས༌པིན༌, ཅིའ༌ཟེར༌ན༌ ང༌ཞའ༌, ཁྱོ༌ཞ༌གུན༌ ཐོང༌ཅེས༌སི༌ དོད༌པ༌ སྲན༌ཏྲེ༌ ཡོད༌པིན༌། 18 ང༌ཞ༌གུན༌ ལོགས༌ཏེ༌ ཁྱོ༌ཞའེ༌ཀ༌ ཡོང༌ཉིན༌ ཡོད༌པིན༌, ཏན༌ཏན༌ལ༌ ང༌ པ༌འུ༌ལུའི༌ ལོགས༌ཏེ༌ ཡོང༌ཅེས༌སི༌ རྩོན༌གྲུས༌ ལན༌ མང༌པོ༌ ཅོས༌པིན༌, ཨིན༌ནའང༌ ཤེ༌ཏན༌ནི༌ ང༌ཞའ༌ གག༌སྐྱིལ༌ ཏངས༌།
19 ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ ལོགས༌ཏེ༌ ཕེབས༌ཏུས༌, ཁོང༌ངི༌ སྐུ༌དུན༌ལ༌ ང༌ཞའ༌ རེ༌ཝ༌, གའ༌མོ༌ ཡང༌ རྩི༌ཝ༌ ཐོབ༌ཅེས༌སི༌ གྱུན༌ཚན༌ སུ༌ ཨིན༌? ཁྱོ༌ཞའ༌ མན༌ན༌? 20 དེན༌བ༌, ང༌ཞའེ༌ སྤལ༌ དང༌ གའ༌མོའེ༌ གྱུན༌ཚན༌བོ༌ ཁྱོ༌ཞའ༌ ཨིན༌།