12
པ༌འུ༌ལུའི༌ ཞལ༌ཟིགས༌ དང༌ བར༌དོ༌ གུན༌།
12:1 ནེ༌ 10
འི༌ ཕོ༌སོ༌ ཅོ༌ཅེས༌པོ༌ ཕན༌ཐོགས༌ཅན༌ཞིག༌ མན༌ནའང༌, ངའེ༌ ཏ༌རུང༌ངའང༌ ཅོ༌གོས༌། ངའེ༌ གཙོ༌བོའེ༌ ཆོགས༌ནེ༌ ཞལ༌ཟིགས༌ དང༌ སྔོན༌ ཅུག༌ག༌ ཛད༌ཁན༌གུན༌ ཁྱོ༌ཞ༌གུན༌ལ༌ ཤད༌དད༌། ལོ༌ 14 སྔུན༌ལ༌, ངའ༌ *12:2 གིརིས༌སི༌ སྐད༌དི༌ ནང༌ང༌ "ངའ༌" མ༌ཟེར༌ར༌ "མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ཅན༌ནི༌ མི༌ཞིག༌ ཤེས༌སད༌" ཟེར༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌ ཁོང༌རང༌ ཞུགས༌ས༌ ཛད༌ཁན༌ནི༌ ཚང༌མའེ༌སང༌ ནམ༌ཁའ༌ ཐོ༌ཤོག༌པོའེ༌ ནང༌ང༌ ཁྱེར༌ར༌ ཛདས༌། ཏེ༌བོ༌ ང༌ ཟུགས༌པོའེ༌ ནང༌ང༌ ཨིན༌པིན༌ན༌ ཡ༌ སེམས༌ཉིད༌དི༌ ནང༌ང༌, ངའ༌ ཅའང༌ གྱུས༌མེད༌, དཀོན༌མཆོག༌ ཅིག༌པོའེ༌ ཁྱེན༌ན༌ ཛད༌ད༌ནོག༌། འོ༌ན༌ ཟུགས༌པོའེ༌ ནང༌ང༌ ཨིན༌པིན༌ན༌ ཡ༌ སེམས༌ཉིད༌དི༌ ནང༌ང༌, དཀོན༌མཆོག༌ ཅིག༌པོའེ༌ ཁྱེན༌ན༌ ཛད༌ད༌ནོག༌། ཨིན༌ནའང༌ ངའ༌ འི༌གུན༌ ཏན༌ཏན༌ལ༌ གྱུས༌ཡོད༌, ང༌ ཚང༌མའེ༌སང༌ ནམ༌ཁའ༌ ཐོ༌ཤོག༌པོའེ༌ ནང༌ང༌ ཁྱེར༌ར༌ ཛདས༌, ཡང༌ ཚིགས༌ གྱུད༌ཏེ༌ ཤད༌ མི༌ཉན༌ཅེས༌སི༌ ཧ༌ལས༌ཤེས༌སི༌ ཞལ༌ཏ༌ རིག༌ ཚོར༌, ཀ༌བོ༌ མི༌སུ༌ཞིག༌གའང༌ ཤད༌ཅེས༌ལ༌ གོངས༌པ༌ སལ༌ལ༌ མ༌ཛདས༌།
ཞན༌ ཏེན༌ན༌ ཐོང༌ངོམས༌པོའ༌ ཕོ༌སོ༌ ཅོ༌ཅེས༌ འོས༌པ༌ ཨིན༌ནའང༌ ངའེ༌ ཏེ༌བོ༌ མ༌ཅོའ༌, ང༌རང༌ངི༌ འུ༌ཐུགས༌གུན༌ ཅིག༌པོའེ༌ཀ༌ ཕོ༌སོ༌ ཅོ༌ཨིན༌། གལ༌ཏེས༌ ངའེ༌ ཏེ༌གུན༌ནི༌ཀ༌ ཕོ༌སོ༌ ཅོས༌པིན༌ན༌, ངའེ༌ ང༌རང༌ སམ༌བ༌ མེད༌ཁན༌ཞིག༌ གྱུར༌ མ༌ཅུག༌ག༌, ངའེ༌ ཤད༌ཁན༌གུན༌ ཟུན༌ མན༌པ༌ དེན༌བའ༌ ཨིན༌གྲོ༌། ཨིན༌ནའང༌ ངའེ༌ ཏེ༌ཟུག༌ མི༌ཅོ༌, ཅིའ༌ཟེར༌ན༌ ངའེ༌ མི༌ཚེའེ༌ ནང༌ང༌ ཐོང༌ཁན༌ ཡ༌ ངའེ༌ ལོན༌གུན༌ནི༌ ནང༌ང༌ ཚོར༌ཁན༌གུན༌ མ༌སྟོག༌, ཞན༌ཡང༌ སྟོད༌པའེ༌ སྒོས༌དོམ༌ མེ༌རག༌། ངའ༌ ཏེ༌ ཧ༌ལས༌ཤེས༌སི༌ ཞལ༌ཟིགས༌ ཐོང༌ཁན༌གུན༌ནི༌ཀ༌, ཕོ༌སོ༌ ཅོ༌ མི༌ཅུག༌ཅེས༌སི༌ ཕིའ༌, ཙེར༌མང༌ ཤའེ༌ ནང༌ང༌ ཟུགས༌ཏེ༌ ཡོད༌ཁན༌ ཙོགས༌ལ༌, དཀོན༌མཆོག༌གི༌ ངའེ༌ ཟུགས༌པོའེ༌ ནང༌ང༌ ཤེ༌ཏན༌ནི༌ ཀལ༌ཁན༌ ཡོག༌པོའ༌ ནགས༌ དང༌ བར༌དོ༌ ལྟན༌ ཅུག༌ག༌ ཛདས༌།
ལན༌ སུམ༌ ངའེ༌ གཙོ༌བོའ༌ ཏེ༌ བར༌དོ༌གུན༌ ཇུ༌ཇུ༌ ཁྱེར༌ར༌ ཛད༌ ཞུས༌པིན༌། ཨིན༌ནའང༌ ཁོང༌ངི༌ མོལས༌, "ཁྱོ༌རང༌ང༌ ངའེ༌ ཐུག༌རྗེ༌ ཅིག༌པོའེ༌ སྒོས༌དོམ༌ ཡོད༌ཏེ༌ ཨིན༌ནོག༌། འུ༌ཐུགས༌སི༌ ནང༌ང༌ ངའེ༌ ཁྱུད༌པོ༌ མ༌ སྟོབས༌ཅན༌ གྱུར༌རད༌།" ཏེ༌བོའེ༌ཕིའ༌ ངའེ༌ ང༌རང༌ངི༌ འུ༌ཐུགས༌སི༌ ནང༌ང༌ ཐད༌པོ༌ ཉམ༌པོ༌ མང༌ང༌ ཕོ༌སོ༌ ཅོའད༌ ཅིའ༌ཟེར༌ན༌ ངའ༌ གྱུད༌ཏེ༌ མ༌ཤི༌ཀའེ༌ ཁྱུད༌པོའེ༌ ཆག༌ལས༌ ཛད༌ད༌ ནོག༌། 10 ཏེན༌ན༌བོའེ༌ཕིའ༌ མ༌ཤི༌ཀའེ༌ ཏོན༌ལ༌, ང༌ ང༌རང༌ངི༌ འུ༌ཐུགས༌, ཁྲེལ༌བ༌ ལྟན༌ཅེས༌, ཀགས༌པོ༌ དང༌ བར༌དོའེ༌ ནང༌ང༌ སྐྱིད༌པོ༌ ཚོར༌ར༌རག༌, ཅིའ༌ཟེར༌ན༌ འུ༌ཐུགས༌ ཡོད༌ཏུས༌ ངའ༌ སྟོབས༌ཅན༌ ཨིན༌།
ཀོ༌རིན༌ཐི༌ ཆོས༌ཚོགས༌གུན༌ནི༌ ཕིའ༌ པ༌འུ༌ལུའི༌ ཐུགས༌ཚེར༌།
12:11 ནེ༌ 21
11 ཁྱོ༌ཞའ༌ ཀོ༌རིན༌ཐི༌པ༌གུན༌ནི༌ ངའ༌ ཕོ༌སོ༌ ཅོ༌ཅུགས༌ཏེ༌ སམ༌བ༌ མེད༌ཁན༌ཞིག༌ ཙོགས༌ གྱུར༌ཅུགས༌། ཞན༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ཕིའ༌ གྱབ༌ཤེད༌ཅན༌ནི༌ ཨི༌གེ༌གུན༌ བྲི༌གོ༌ཤེས༌ ཡོད༌པིན༌། ངའ༌ ཅའང༌ མན༌ནའང༌ ཏེ༌ ཀྲག༌པོ༌ སྐུ༌ཚབས༌ ཨིན༌ ཟེར༌ཁན༌གུན༌ནི༌ སང༌ ཐུའ༌ མན༌། 12 ངའ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, ཟོད༌པ༌ ཉམ༌པོ༌ ངའེ༌ སྟགས༌, ལྟས༌ དང༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ ཅོས༌ཏེ༌, ངའེ༌ ཏན༌ཏན༌ལ༌ ངའ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ཨིན༌ཁན༌བོ༌, ལྟན༌ཏེ༌ ཏངས༌པིན༌། 13 ངའེ༌ ཁྱོ༌ཞ༌གུན༌ལ༌ ཞན༌ ཆོས༌ཚོགས༌གུན༌ནི༌ སང༌ ཐུའ༌ ཀ༌ཟུག༌གི༌ རྩིས༌ཏོག༌? ཏེ༌བོ༌ ཁྱོ༌ཞ༌གུན༌ལ༌ པེ༌ནེ༌ རོགས༌སི༌ ནང༌ང༌ ལྕིད༌ མི༌ཀལ༌ཅེས༌པོའེ༌ ཨིན༌ན༌? ཐུག༌རྗེ༌ ཛད༌ཏེ༌ ངའེ༌ འི༌ ནོར༌ཁྲུལ༌བོའ༌ གོངས༌པ༌ ཏོང༌ཤིག༌།
14 ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ ལན༌ སུམ༌པ༌ ཡོང༌ངད༌, ཡང༌ ངའ༌ ཁྱོ༌ཞ༌གུན༌ནི༌ཀ༌ ལྕིད༌ཞིག༌ མི༌གྱུར༌། ཁྱོ༌ཞ༌གུན༌ནི༌ གྱུ༌ནོར༌ མན༌པ༌, ངའ༌ ཁྱོ༌ཞ༌གུན༌ གོས༌སད༌ ཅིའ༌ཟེར༌ན༌ ཕྲུ༌གུ༌གུན༌ནི༌ ཕ༌མ༌གུན༌ལ༌ སྒོས༌དོམ༌གུན༌ མ༌རིག༌ག༌, ཕ༌མ༌གུན༌ནི༌ ཕྲུ༌གུ༌གུན༌ལ༌ སྒོས༌དོམ༌གུན༌ རིགས༌ཏེ༌ ཏང༌ང༌ནོག༌། 15 ཁྱོ༌ཞ༌གུན༌ནི༌ ཕིའ༌ ངའེ༌ ང༌རང༌ དང༌ ངའ༌ ཡོད༌ཁན༌ ཚང༌མ༌, མ༌ ཐད༌པོ༌ ཉམ༌པོ༌ སྐྱག༌ཨིན༌། གལ༌ཏེས༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཅེས༌པ༌ མང༌ང༌ ཅོ༌ན༌, ཁྱོ༌ཞའེ༌ ངའ༌ ཅེས༌པ༌ ཉུ༌ངུན༌ ཅོ༌ཨིན༌ན༌?
16 ང༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ བར༌དོ༌ མན༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཡོད༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ ཁ༌ཅིག༌གི༌ ང༌ སྐྱོན༌ཇན༌ ཨིན༌ པ༌སང༌, ཁྱོ༌ཞ༌གུན༌ནི༌ ཀ༌ནེ༌ སྐྱོན༌ ཅོས༌ཏེ༌ ཕན༌ཐོགས༌ ལེན༌ཏེ༌ ཨིན༌ནོག༌ སམ༌དུག༌། 17 ཨིན༌ནའང༌ ཀ༌ཟུག༌གི༌? ཅི༌ ཁྱོ༌ཞའེ༌ཀ༌ ལམ༌ཅུགས༌ཁན༌ནི༌ ཏེ༌ མི༌གུན༌ གྱུད༌ཏེ༌ ངའེ༌ ཁྱོ༌ཞའེ༌ ཀ༌ནེ༌ ཕན༌ཐོགས༌ ལེན༌ས༌? 18 ཁྱོ༌ཞའ༌ ཐུག༌ག༌ལ༌ ཆ༌ཅེས༌སི༌ ཕིའ༌ ངའེ༌ སྤུན༌ ཏི༌ཏུས༌ལ༌ སྤོས༌པ༌ ཏངས༌ཏེ༌ ཁོ༌ ཉམ༌པོ༌ ཞན༌ཡང༌ སྤུན༌ཞིག༌ ལམ༌ཅུག༌ ཟ༌ནེ༌, ཅི༌ སྤུན༌ ཏི༌ཏུས༌སི༌ ཁྱོ༌ཞ༌གུན༌ནི༌ ཀ༌ནེ༌ ཕན༌ཐོགས༌ ལེན༌ས༌? མ༌ནེ༌ མ༌ལེནས༌། ལམ༌ ཅིག༌ཅིག༌གི༌ཀ༌ གྲུལ༌ཨིན༌, སེམས༌ཉིད༌ ཅིག༌ཅིག༌ ཉམ༌པོ༌ ང༌ཞ༌གུན༌ནི༌ ལས༌གུན༌ ཙོགས༌ ཅོ༌ཨིན༌ མ༌ནོག༌ག༌?
19 ཁྱོ༌ཞ༌གུན༌ནི༌ ང༌ཞའེ༌ ཏེ༌གུན༌ ང༌ཞ༌རང༌ སྐྱོབ༌ཅེས༌སི༌ ཕིའ༌ ཟེར༌ཏེ༌ ཨིན༌ནོག༌ སམ༌མ༌ད༌? མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ ཨིན༌ཅེས༌པོའེ༌ ང༌ཞའེ༌ ཏེ༌གུན༌ ཁྱོ༌ཞ༌གུན༌ལ༌ ཤད༌དད༌, ཏེ༌བོའེ༌ སྤང༌པོ༌ དཀོན༌མཆོག༌གི༌ སལ༌ལ༌ ཛད༌ད༌ནོག༌། ཅེས༌པའེ༌ ཛ༌འོ༌གུན༌, ཁྱོ༌ཞའ༌ ཏད༌པའེ༌ ནང༌ང༌ ཤེད༌ཅན༌ གྱུར༌ཅེས༌སི༌ ཕིའ༌ ང༌ཞའེ༌ ཏེ༌ ཚང༌མ༌ ཅོས༌པིན༌། 20 ངའ༌ ཇིགས༌ས༌རག༌ ང༌ ཡོང༌ ཟ༌ནེ༌, ཁྱོ༌ཞ༌གུན༌ནི༌ མི༌ཚེ༌ ཕུད༌ཟོ༌ ཐོང༌ཏེ༌, ངའ༌ ཐད༌པོ༌ མི༌ཆ༌། ཡང༌ ངའེ༌ ཅོ༌ཁན༌བོའེ༌ཀ༌ ཁྱོ༌ཞ༌གུན༌ ཐད༌ མི༌ཐད༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཛིང༌མོ༌, ཚིག༌ཅེས༌, སྲོ༌, རང༌དོད༌ཅན༌, སྕོད༌ལམ༌མི༌ སྐོར༌ལ༌ ངན༌པ༌ ཟེར༌ཅེས༌, ཁ༌བད༌ཅེས༌, རང༌སྟོད༌ ཏང༌ཅེས༌ དང༌, ལས༌ ཅོ༌ཅེས༌ལ༌ ཚིར༌ཀ༌ མེད༌ཁན༌, ཏེ༌གུན༌ ཐོང༌ཅེས༌ལ༌ ངའ༌ ཇིགས༌ས༌རག༌། 21 འོ༌ན༌ ང༌ ཇིགས༌ས༌རག༌, ངའ༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཡོང༌ ཟ༌ནེ༌ དཀོན༌མཆོག༌གི༌ ངའ༌ ཡང༌སྐྱར༌ ཁྲེལ༌བ༌ ཚོར༌ ཅུག༌ག༌ ཛད༌ཨིན༌, ཅིའ༌ཟེར༌ན༌ ཁྱོ༌ཞའ༌ མང༌པོ༌ཞིག༌གི༌ ཏ༌རུང༌ངའང༌ སྔུན༌ནི༌ སྡིག༌པ༌གུན༌ མ༌ཕང༌ང༌, ཡང༌ན༌ ཚི༌ཏུ༌, ལུས༌བྲེལ༌ ངན༌པ༌ དང༌, འོས༌པའེ༌ ལུས༌བྲེལ༌ལི༌ ཚད༌ནེ༌ ཐལ༌ཏེ༌ ཅོ༌ཁན༌ གུན༌ནི༌ཀ༌ གྱོད༌པ༌ མ༌ཅོའ༌ ཨིན༌ཁན༌བོ༌ ཐོངས༌ཏེ༌ ངའ༌ རྡུག༌པོ༌ ཅོ༌གོས༌ཨིན༌།

*12:2 12:2 གིརིས༌སི༌ སྐད༌དི༌ ནང༌ང༌ "ངའ༌" མ༌ཟེར༌ར༌ "མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ཅན༌ནི༌ མི༌ཞིག༌ ཤེས༌སད༌" ཟེར༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།