9
ཆད༌པ༌ ལྔ༌པ༌།
9:1-7
ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “གྱལ༌པོ༌ ཡོད༌ས༌ སོང༌ཏེ༌ ཟེར༌, ‘ཡ༌ཝ༌ ཨིབ༌རི༌པ༌གུན༌ནི༌ དཀོན༌མཆོག༌གི༌ འི༌ཟུག༌ མོལས༌, “ངའ༌ ཅོལ༌ཅེས༌ལ༌ ངའེ༌ མི༌གུན༌ ཆ༌ཅུག༌།” ཀལ༌ཏེས༌ ཁྱོ༌རང༌ངི༌ ཁོང༌གུན༌ ཏ༌རུང༌ངའང༌ ཆ༌ མ༌ཅུག༌ག༌ བོར༌ན༌, ཁྱོ༌ཞའེ༌ སྲལ༌ཁན༌ནི༌ སེམས༌ཅན༌ རྟ༌གུན༌, བུང༌བུ༌གུན༌, རྔ༌བོང༌གུན༌, བ༌ལང༌གུན༌ དང༌ ར༌ལུག༌གུན༌ལ༌ ང༌ ཡ༌ཝའེ༌ ནད༌ རྩོག༌པོ༌ ཡོང༌ཅུགས༌ཏེ༌ ཤི༌ཅུག༌ཨིན༌། ཨིན༌ནའང༌ ང༌ ཡ༌ཝའེ༌ ཨིས༌ར༌ཨེལ༌པ༌གུན༌ དང༌ ཨི༌ཇིབ༌པ༌གུན༌ནི༌ སྲལ༌ཁན༌ནི༌ སེམས༌ཅན༌གུན༌ལ༌ ཁྱད༌པར༌ ཅོས༌ཏེ༌, ཨིས༌ར༌ཨེལ༌པའེ༌ སེམས༌ཅན༌ ཅིག༌གའང༌ མི༌ཤི༌།’ ”
ཡ༌ཝའེ༌ ཏུས༌པོ༌ ལྡམ༌མ༌ ཛད༌ཏེ༌ མོལས༌, “ང༌ ཡ༌ཝའེ༌ ཏེ༌བོ༌ འི༌ ས༌ཆའེ༌ ནང༌ང༌ ཐོ༌རེ༌ ཅོ༌ཨིན༌།” སྟིང༌མ༌ཞག༌པོ༌ ཡ༌ཝའེ༌ ཁོང༌ངི༌ མོལ༌ལ༌ ཛད༌ཁན༌བོ༌ ཅོའ༌ ཛདས༌། ཨི༌ཇིབ༌པ༌གུན༌ནི༌ སྲལ༌ཁན༌ནི༌ སེམས༌ཅན༌ ཚང༌མ༌ ཤི༌, ཨིན༌ནའང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ སེམས༌ཅན༌ ཅིག༌གའང༌ མ༌ཤི༌། གྱལ༌པོའེ༌ ཁོ༌རང༌ངི༌ མི༌གུན༌ ལྟའ༌ལ༌ ཀལས༌ ཡང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ སྲལ༌ཁན༌ནི༌ སེམས༌ཅན༌ ཅིག༌གའང༌ མ༌ ཤི༌ཁན༌བོ༌ ཐོང༌། ཨིན༌ནའང༌ གྱལ༌པོའེ༌ སྙིང༌ སྐྱོང༌པོ༌ ལུས༌ཏེ༌ ཁོང༌གུན༌ ཆ༌ མ༌ཅུགས༌།
ཆད༌པ༌ དྲུག༌པ༌།
9:8-12
ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ དང༌ ཨ༌རོན༌ལ༌ མོལས༌, “ཁྱོ༌ཞའེ༌ མེ༌ ཏང༌སའེ༌ ཐབ༌བི༌ ནང༌ནེ༌ ལག༌པ༌ གང༌ངི༌ ཀོག༌ཐལ༌ ཁུར༌ཏེ༌ མོ༌ཟེས༌ལ༌ ཏེ༌བོ༌ གྱལ༌པོའེ༌ དུན༌ལ༌ ལུངས༌པའེ༌ ནང༌ང༌ ཡོག༌ཅུག༌། ཏེ༌བོ༌ ཐལ༌བ༌ ཇམ༌པོ༌ གྱུར༌ཏེ༌ ཨི༌ཇིབ༌བི༌ ས༌ཆ༌ གང༌པོ༌ ཀབ༌ཨིན༌ ཡང༌ ཨི༌ཇིབ༌པ༌ མི༌ དང༌ ཁོང༌ངི༌ སེམས༌ཅན༌ ཚང༌མ༌ལ༌ ནག༌ གང༌ཁན༌ནི༌ བུར༌རུ༌ བིང༌ཅུག༌ཨིན༌།”
10 ཏེ༌ནེ༌ ཁོང༌གུན༌ནི༌ ཐབ༌བི༌ ནང༌ནེ༌ ཀོག༌ཐལ༌ ཁུར༌ཏེ༌ གྱལ༌པོའེ༌ དུན༌ལ༌ ལངས༌ཏེ༌ མོ༌ཟེས༌སི༌ ཏེ༌བོ༌ ལུངས༌པོའེ༌ ནང༌ང༌ ཡོགས༌ ཡང༌ ཨི༌ཇིབ༌པ༌ མི༌ དང༌ སེམས༌ཅན༌ གུན༌ལ༌ ནག༌ གང༌ཁན༌ནི༌ བུར༌རུ༌ བིང༌། 11 ཆོས༌ངན༌ ཅོ༌ཁན༌གུན༌ མོ༌ཟེས༌སི༌ དུན༌ལ༌ ཡོང༌མ༌ཉན༌ ཅིའ༌ཟེར༌ན༌ ཞན༌ཡང༌ ཨི༌ཇིབ༌པ༌ ཚང༌མ༌ ཙོགས༌ལ༌ ཁོང༌གུན༌ལའང༌ བུར༌རུ༌ བིང༌ཏེ༌ ཡོད༌པིན༌། 12 ཨིན༌ནའང༌ ཡ༌ཝའེ༌ གྱལ༌པོའེ༌ སྙིང༌སྐྱོང༌པོ༌ ཅོའ༌ཛདས༌ ཡང༌ ཁོའེ༌ མོ༌ཟེས༌ དང༌ ཨ༌རོན༌ནི༌ ཟེར༌ཁན༌བོའ༌ མ༌ཉནས༌ ཀ༌ཟུག༌ ཡ༌ཝའེ༌ མོལ༌ཏེ༌ ཨིན༌པིན༌།
ཆད༌པ༌ རྡུན༌པ༌།
9:13-35
13 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཐོ༌རེ༌ ང༌མོ༌ནེ༌ ལངས༌ཏེ༌ གྱལ༌པོ༌ ཡོད༌ས༌ སོང༌ ཡང༌ ཟེར༌, ‘ཡ༌ཝ༌ ཨིབ༌རི༌པ༌གུན༌ནི༌ དཀོན༌མཆོག༌གི༌ འི༌ཟུག༌ མོལས༌, ངའ༌ ཅོལ༌ཅེས༌ལ༌ ངའེ༌ མི༌གུན༌ ཆ༌ཅུག༌། 14 ཏ༌ ངའེ༌ ཁྱོ༌རང༌, ཁྱོ༌རང༌ངི༌ སྤོན༌བོ༌གུན༌ དང༌ མི༌གུན༌ལ༌ སྔུན༌ནི༌སང༌ མང༌ང༌ སྲན༌ཏྲེ༌ ཆད༌པ༌ ཏང༌ཨིན༌། ཏེ༌ནེ༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ ང༌ ཙོགས༌ སུའང༌ མེད༌ཁན༌བོ༌ ཁྱོ༌རང༌ངི༌ ཧ༌གོ༌ཨིན༌། 15 ངའེ༌ ང༌རང༌ངི༌ ལག༌པ༌ ཁྱུད༌ཅན༌ རྐྱངས༌པིན༌ན༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ མི༌གུན༌ ཤི༌ཏེ༌ འི༌ ཇིག༌རྟེན༌ནི༌ ཀ༌ནེ༌ མེད༌ཁན༌ སོང༌ཏེ༌ ཡོད༌གྲོ༌། 16 ཨིན༌ནའང༌ ངའེ༌ སྟོབས༌པོ༌ ཁྱོ༌རང༌ང༌ སྟན༌ཅེས༌ ཡང༌ ཇིག༌རྟེན༌ གང༌པོའེ༌ མི༌གུན༌ནི༌ ང༌ ཡ༌ཝ༌ དཀོན༌མཆོག༌ ཨིན༌ཁན༌བོ༌ ཤེ༌ཤེས༌སི༌ ཕིའ༌ ངའེ༌ ཁྱོ༌རང༌ སོན༌ཏེའ༌ བོར༌ཏེ༌ ཨིན༌། 17 ཁྱོ༌རང༌ངི༌ ཏ༌རུང༌ངའང༌ ངའེ༌ མི༌གུན༌ནི༌ གྱབ༌གལ༌ལ༌ ཝང༌ སྟན༌ཏེ༌ ཁོང༌གུན༌ ཆ༌ ཅུག༌ག༌ མི༌དུག༌། 18 ཏེ༌བོའེ༌ཕིའ༌ ཐོ༌རེ༌ འིན༌ན༌ ཏུས༌ལ༌ ངའེ༌ ཨི༌ཇིབ༌བི༌ གྱལ༌རབས༌སི༌ ནང༌ང༌ མེད༌ཁན༌ནི༌ སེ༌ར༌རུ༌ ཀྲག༌པོ༌ བབས༌ ཅུག༌ཨིན༌། 19 ཏ༌ ཕི༌ལོག༌ག༌ ཡོད༌ཁན༌ནི༌ སེམས༌ཅན༌ དང༌ ཞན༌ ནོར༌ ཚང༌མ༌ ནང༌ང༌ ཁྱོང༌ཅེས༌ལ༌ བཀའ༌ ཏོང༌ ཅིའ༌ཟེར༌ན༌ ཕི༌ལོག༌ག༌ ལུས༌ཁན༌ནི༌ མི༌ དང༌ སེམས༌ཅན༌ ཚང༌མའེ༌ཀ༌ སེ༌ར༌རུ༌ བབས༌ཏེ༌ ཁོང༌གུན༌ ཤི༌ཨིན༌།’ ”
20 ཡ༌ཝའེ༌ མོལ༌ཁན༌བོའ༌ ཇིགས༌ཁན༌ནི༌ གྱལ༌པོའེ༌ སྤོན༌བོ༌གུན༌ནི༌ ཁོ༌རང༌གུན༌ནི༌ ཡོག༌པོ༌གུན༌ དང༌ སེམས༌ཅན༌གུན༌ གྱོགས༌པ༌ ནང༌ཀུག༌ག༌ ཁྱོངས༌། 21 ཨིན༌ནའང༌ ཡ༌ཝའེ༌ མོལ༌ཁན༌བོའ༌ སྣང༌ང༌ མ༌ཏང༌ཁན༌གུན༌ནི༌ ཁོ༌རང༌གུན༌ནི༌ ཡོག༌པོ༌གུན༌ དང༌ སེམས༌ཅན༌གུན༌ ཕི༌ལོག༌ག༌ བོརས༌།
22 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌ “ཁྱོ༌རང༌ངི༌ ལག༌པ༌ ནམ༌ཁའ༌ ཆོགས༌ལ༌ སྐྱོང༌, ཏེ༌ནེ༌ ཨི༌ཇིབ༌བི༌ ས༌ཆ༌ གང༌པོའེ༌ཀ༌ སེ༌ར༌རུ༌ བབས༌ཨིན༌; ཡང༌ན༌ མི༌གུན༌, སེམས༌ཅན༌གུན༌ དང༌ ཞིང༌ངི༌ སྟོན༌ཐོག༌ གུན༌ནི༌ཀ༌།” 23 མོ༌ཟེས༌སི༌ ཁོ༌རང༌ངི༌ བེར༌ཀ༌ ནམ༌ཁའ༌ ཆོགས༌ལ༌ སྟག༌ག༌ཅིག༌ ཡ༌ཝའེ༌ བྲུག༌ལྡིར༌ ཅུག༌ཏེ༌ སེ༌ར༌རུ༌ བབས༌ ཅུག༌ག༌ ཛདས༌ ཡང༌ མེ༌ སའེ༌ཀ༌ བུད༌། ཏེ༌ནེ༌ ཡ༌ཝའེ༌ ཨི༌ཇིབ༌བི༌ ས༌ཆའེ༌ ནང༌ང༌ མ༌ མང༌པོ༌ སེ༌ར༌རུ༌ བབས༌ ཅུག༌ག༌ ཛདས༌། 24 སེར༌ར༌རུ༌ ཉམ༌པོ༌ མེ༌ སའེ༌ཀ༌ བུད༌། ཏེ༌ཙོགས༌སི༌ སེར༌ར༌རུ༌ དང༌ ལུང༌ཚུབ༌ ཀྲག༌པོ༌ ཨི༌ཇིབ༌བི༌ གྱལ༌རབས༌སི༌ ནང༌ང༌ དག༌ས༌ ཚོག༌པ༌ མ༌ཇུང༌ང༌ ཨིན༌པིན༌། 25 ཨི༌ཇིབ༌ གང༌པོའེ༌ ནང༌ང༌ སེར༌ར༌རུའི༌, ཕི༌ལོག༌ག༌ ཡོད༌ཁན༌ནི༌ མི༌གུན༌, སེམས༌ཅན༌གུན༌ དང༌ ཞིང༌ངི༌ སྟོན༌ཐོག༌ ཚང༌མ༌ ནན༌ཏེ༌ མེད༌ཁན༌ ཅོས༌ ཡང༌ ལྕང༌མ༌ ཚང༌མ༌ ཆགས༌། 26 ཨིས༌ར༌ཨེལ༌པ༌གུན༌ དུག༌སའེ༌ གོ༌ཤེན༌ ཡུལ༌ཁག༌ ཅིག༌པོའེ༌ ནང༌ང༌ སེ༌ར༌རུ༌ མ༌བབས༌།
27 གྱལ༌པོའེ༌ མོ༌ཟེས༌ དང༌ ཨ༌རོན༌ བོད༌ཏེ༌ ཁྱོངས༌ ཡང༌ ཟེརས༌, “འི༌ ལན༌ ངའེ༌ སྡིག༌པ༌ ཅོས༌ཏོག༌། ཡ༌ཝའེ༌ ཀྲང༌པོ༌ ཛད༌ཏེ༌ ཡང༌ ང༌ དང༌ ངའེ༌ མི༌གུན༌ནི༌ ནོར༌ཁྲུལ༌ ཅོས༌ཏེ༌ ཨིན༌ནོག༌། 28 ཇུ༌ཇུ༌ ཡ༌ཝ༌ མོས༌ལམ༌ ཞུས༌, ང༌ཞ༌གུན༌ནི༌ཀ༌ བྲུག༌ དང༌ སེ༌ར༌རུ༌ ཙམ༌ཐད༌ཐད༌ བབས༌། ངའེ༌ ཁྱོ༌ཞ༌གུན༌ ཆ༌ ཅུག༌ཨིན༌། ཏ༌ནེ༌ཕར༌ལ༌ ཁྱོ༌རང༌གུན༌ འི༌རུ༌ དུག༌གོས༌ མེད༌པ༌ ཨིན༌ནོག༌།”
29 མོ༌ཟེས༌སི༌ ལན༌ཏངས༌, “ང༌ གྱལ༌ས༌ནེ༌ བིང༌ཏེ༌ ཆའ༌ཅིག༌ ངའེ༌ ཡ༌ཝ༌ མོས༌ལམ༌ ཞུ༌ཅེས༌སི༌ ཕིའ༌ ང༌རང༌ངི༌ ལག༌པ༌ རྐྱང༌ཨིན༌། བྲུག༌ལྡིར༌ཅེས༌ མེད༌ཁན༌ ཆེན༌ ཡང༌ སེ༌ར༌རུ༌ མི༌བབས༌, ཏེ༌ནེ༌ ཁྱོ༌རང༌ང༌ ཇིག༌རྟེན༌, ཡ༌ཝའེ༌ ཨིན༌ཁན༌བོ༌ ཧ༌གོ༌ཨིན༌། 30 ཨིན༌ནའང༌ ང༌ གྱུས༌ཡོད༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ སྤོན༌བོ༌གུན༌ ཏ༌རུང༌ངའང༌ ཡ༌ཝ༌ དཀོན༌མཆོག༌ག༌ ཇིགས༌ས༌ མི༌དུག༌།” 31 ༼སེ༌ར༌རུའི༌ ཕེལེགས༌ *9:31 ཕེལེགས༌ རྩཱ༌ཞིག༌ ཨིན༌ནོག༌ ཀ༌བོ༌ ཨི༌ཇིབ༌པ༌གུན༌ནི༌ ཀུས༌པོ༌ རས༌ ཅོ༌ཅེས༌སི༌ ནང༌ང༌ ཀོལ༌ལ༌ནོག༌། མེན༌ཏོག༌ བར༌ཁན༌ དང༌ ནས༌སི༌ སྟོན༌ཐོག༌ སྨིན༌ཏེ༌ ཡོད༌ཁན༌གུན༌ མེད༌ཁན༌ ཅོས༌། 32 ཨིན༌ནའང༌ ཀྲོའེ༌ སྟོན༌ཐོག༌ག༌ ནོད༌སྐྱལ༌ མ༌སོང༌ ཅིའ༌ཟེར༌ན༌ ཏེ༌གུན༌ ཏ༌རུང༌ ཆུ༌ངུན༌ ཡོད༌པིན༌།༽ 33 མོ༌ཟེས༌ གྱལ༌པོ༌ བོར༌ཏེ༌ གྱལ༌སའེ༌ ཕི༌ལོག༌ག༌ སོང༌ ཡང༌ ཡ༌ཝ༌ ཆོགས༌ལ༌ ཁོ༌རང༌ངི༌ ལག༌པ༌ སྟགས༌ཏེ༌ མོས༌ལམ༌ ཞུས༌། བྲུག༌ལྡིར༌ དང༌ སེ༌ར༌རུ༌ མེད༌ཁན༌ སོང༌ ཡང༌ ཇིག༌རྟེན༌ནི༌ཀ༌ སྲན༌ཏྲེ༌ ཆར༌པ༌ བབས༌ཤེས༌ ཆད༌། 34 གྱལ༌པོའ༌ ཆར༌པ༌, སེ༌ར༌རུ༌ དང༌ བྲུག༌ལྡིར༌ གུན༌ མེད༌ཁན༌ ཆའ༌ལ༌ ཐོང༌ང༌ཅིག༌ ཁོའེ༌ ཡང༌སྐྱར༌ སྡིག༌པ༌ ཅོས༌། ཁོ༌ དང༌ ཁོའེ༌ སྤོན༌བོ༌གུན༌ནི༌ སྙིང༌ ཏ༌རུང༌ངའང༌ སྐྱོང༌པོ༌ ལུས༌། 35 ཡ༌ཝའེ༌ མོ༌ཟེས༌ གྱུད༌ཏེ༌ ལུང༌སྟན༌ སལ༌ཁན༌ ནང༌ཞིན༌ གྱལ༌པོའེ༌ སྙིང༌ སྲན༌ཏྲེ༌ གྱུར༌ཏེ༌ ཁོའེ༌ ཨིས༌ར༌ཨེལ༌པ༌གུན༌ ཆ༌མ༌ཅུགས༌།

*9:31 9:31 ཕེལེགས༌ རྩཱ༌ཞིག༌ ཨིན༌ནོག༌ ཀ༌བོ༌ ཨི༌ཇིབ༌པ༌གུན༌ནི༌ ཀུས༌པོ༌ རས༌ ཅོ༌ཅེས༌སི༌ ནང༌ང༌ ཀོལ༌ལ༌ནོག༌།