16
ཧཱ༌གར༌ དང༌ ཨིཤ༌མ༌ཨེལ༌།
16:1 ནེ༌ 16
ཨབ༌རམ༌མི༌ ན༌མ༌ སཱ༌རཱིའ༌ ཕྲུ༌གུ༌ མ༌ནེ༌ མ༌ཇོར༌, ཨིན༌ནའང༌ ཁོའ༌ ཧཱ༌གར༌ ཟེར༌ཁན༌ནི༌ ཨི༌ཇིབ༌མ༌ ཚེ༌ཡོག༌ཞིག༌ ཡོད༌པིན༌། སཱ༌རཱིའི༌ ཨབ༌རམ༌མ༌ ཟེརས༌, "ཡ༌ཝའེ༌ ང༌ ཕྲུ༌གུ༌ སྐྱེ༌ ཅུག༌ག༌ མ༌ཛདས༌པ༌, ཁྱོ༌རང༌ངི༌ ངའེ༌ ཨི༌ཇིབ༌མ༌ ཚེ༌ཡོག༌ ཉམ༌པོ༌ བྲེལ༌ཅོས༌། ཅི༌གྱུས༌, ཁོ༌ གྱུད༌ཏེ༌ ང༌ ཕྲུ༌གུ༌ ཐོབ༌སྲིད༌ཅེས༌ ཨིན༌ནོག༌།" ཨབ༌རམ༌མི༌ སཱ༌རཱིའི༌ ཟེར༌ཁན༌བོའ༌ ཁའ༌ཉནས༌།
ཏེན༌ན༌བོའེ༌ཕིའ༌ སཱ༌རཱིའི༌, ཨི༌ཇིབ༌མ༌ ཚེ༌ཡོག༌ ཧཱ༌གར༌ ཨབ༌རམ༌མི༌ ན༌མ༌ ཉིས༌པ༌ ཅོ༌ཅེས༌ལ༌ ཏངས༌ ༼འི༌བོ༌ བྱུང༌ ཟ༌ནེ༌ ཨབ༌རམ༌ ཀེ༌ནན༌ནི༌ ཡུལ༌ལི༌ ནང༌ང༌ ཚུགས༌ཏེ༌ ལོ༌ 10 ཆའད༌པིན༌༽། ཨབ༌རམ༌མི༌ ཧཱ༌གར༌ ཉམ༌པོ༌ ལུས༌བྲེལ༌ བོར༌པ༌ ཁོ༌ སྐྱེ༌ཅེས༌མ༌ཞིག༌ གྱུར༌། ཏེ༌བོ༌ གྱུས༌ ཆ༌ནའང༌, ཧཱ༌གར༌ ཕོ༌སོ༌ཅན༌ གྱུར༌ཏེ༌ སཱ༌རཱིའ༌ ཀུས༌པ༌ མི༌ཅོ༌ཅེས༌ གོ༌ཟུགས༌། ཏེ༌ནེ༌ སཱ༌རཱིའི༌ ཨབ༌རམ༌མ༌ ཟེརས༌, "ཧཱ༌གར༌རི༌ ངའ༌ ངན༌པ༌ ཅོ༌ཅེས༌པོ༌ ཁྱོ༌རང༌ངི༌ སྐྱོན༌ ཨིན༌ནོག༌། ཁྱོ༌རང༌ང༌ ངའེ༌ ང༌རང༌ངི༌ ཚེ༌ཡོག༌པོ༌ ཏངས༌པིན༌ ཡང༌ ཁོའ༌ སྐྱེ༌ཅེས༌མ༌ཞིག༌ གྱུར༌ཁན༌བོ༌ གྱུས༌ ཆ༌ནའང༌, ཁོའེ༌ ངའ༌ ཀུས༌པ༌ ཅོ༌ཅེས༌ ཕངས༌། ཡ༌ཝའེ༌ ང༌དང༌ ཉིས༌ཀོའེ༌ ནང༌ནེ༌ ནོངས༌ཅན༌བོའ༌ ཁྲིམས༌ཅད༌ ཛད༌ཤིག༌།"
ཨབ༌རམ༌མི༌ ཟེརས༌, "ལྟོས༌, ཁོ༌ ཁྱོ༌རང༌ངི༌ ཚེ༌ཡོག༌ ཨིན༌ནོག༌, ཁྱོ༌རང༌ ཐད༌ཁན༌བོ༌ ཁོ༌ ཉམ༌པོ༌ ཅོས༌།" ཏེ༌ནེ༌ སཱ༌རཱིའི༌ ཧཱ༌གར༌ལ༌ གྱལ༌ལ༌ མ༌ཅོས༌ པ༌སང༌ ཁོ༌ ཏེ༌ ནས༌ས༌ནེ༌ ཤོར༌ཏེ༌ སོང༌།"
རི༌སྟོང༌ངི༌ ནང༌ང༌ ཆུ༌མིག༌ཤིག༌གི༌ དུན༌ལ༌ ཡ༌ཝའེ༌ ཕོ༌ཉ༌ ཧཱ༌གར༌ ཐུག༌ག༌ལ༌ སྐྱོདས༌ ༼ཏེ༌ ཆུ༌མིག༌པོ༌ ཤུར༌རི༌ གྱ༌ལམ༌མི༌ཀ༌ ཡོད༌པིན༌༽། ཕོ༌ཉའེ༌ མོལས༌, "ཧཱ༌གར༌, སཱ༌རཱིའི༌ ཚེ༌ཡོག༌, ཁྱོ༌རང༌ ཀ༌ནེ༌ ཡོངས༌པིན༌, ཡང༌ ཀ༌རུ༌ ཆའད༌?" ཁོའེ༌ ཟེརས༌, "ང༌ སཱ༌རཱིའི༌ ངའེ༌ སྤོན༌མོ༌ནེ༌ ཤོར༌ཏེ༌ ཆའད༌།"
ཏེ༌ནེ༌ ཡ༌ཝའེ༌ ཕོ༌ཉའེ༌ ཁོའ༌ མོལས༌, "རང༌ངི༌ སྤོན༌མོ༌ ཡོད༌ས༌ ལོགས༌ཏེ༌ སོང༌, ཡང༌ ཁོའེ༌ ཝང༌ངི༌ ཡོག༌ག༌ དུག༌། 10 ངའེ༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ རྩི༌ མི༌ཉན༌ཅེས༌ མང༌པོ༌ ཕེལ༌ཅུག༌ཨིན༌།" 11 ཡ༌ཝའེ༌ ཕོ༌ཉའེ༌ ཡང༌སྐྱར༌ མོལས༌, "ཁྱོ༌རང༌ ཕན༌ཅེས༌མ༌ཞིག༌ ཨིན༌ནོག༌, ཡང༌ ཁྱོ༌རང༌ང༌ བུ༌ཚ༌ཞིག༌ ཇོར༌ཨིན༌། ཁྱོ༌རང༌ངི༌ ཁོའེ༌ མིང༌ང༌ ཨིཤ༌མ༌ཨེལ༌ ཏོག༌ ༼ཀ༌བོའེ༌ ཏོན༌ ནི༌ དཀོན༌མཆོག༌གི༌ སན༌ན༌ ཛདས༌༽, ཅིའ༌ཟེར༌ན༌ ཁྱོ༌རང༌ངི༌ རྡུག༌ངལ༌གུན༌ ཡ༌ཝའེ༌ སན༌ན༌ ཛད༌ཏེ༌ ཨིན༌ནོག༌། 12 ཁྱོ༌རང༌ངི༌ བུ༌ཚ༌བོ༌ ནག༌ཚོགས༌སི༌ བུང༌བུ༌ ཙོགས༌ སྐྱོང༌པོ༌ དང༌ ཁའ༌མི༌ཉན༌ ཡོང༌ཨིན༌། ཁོའེ༌ མི༌ཚང༌མ༌ལ༌ ཡང༌ མི༌ཚང༌མའེ༌ ཁོའ༌ གྱབ༌གལ༌ ཅོ༌ཨིན༌། ཁོ༌ ཁོ༌རང༌ངི༌ སྤུན༌ ཚང༌མ༌ ཉམ༌པོ༌ མ༌ནེ༌ མི༌ཐུན༌།
13 ཧཱ༌གར༌རི༌ ཁོའ༌ ཞལ༌ཏ༌ སལ༌ཁན༌ནི༌ ཡ༌ཝའ༌ ཡང༌ཚན༌ཞིག༌ ཉམ༌པོ༌ བོད༌ད༌ ཛད༌ཏེ༌ ཟེརས༌, "ཉེ༌རང༌ ནི༌ ངའ༌ ཟིགས༌ཁན༌ནི༌ དཀོན༌མཆོག༌ ཨིན༌ནོག༌།" ཁོའེ༌ སམ༌ "ཅི༌ ངའེ༌ ངོས༌པོའ༌ ངའ༌ ཟིགས༌ཁན༌ནི༌ དཀོན༌མཆོག༌ ཇལ༌ཏེ༌ ཨིན༌ནོག༌ག༌?" 14 ཏེན༌ན༌བོའེ༌ཕིའ༌ ཏེ༌ ཆུ༌དོང༌བོའ༌, ཀ༌དེཤ༌ དང༌ བེ༌རིད༌ གྲོང༌ཁྱེར༌རི༌ པར༌ལ༌ ཡོད༌ཁན༌ནི༌ བེར༌ལ༌ཧཱའི༌རོའི༌ ཟེར༌ར༌ནོག༌ ༼ཀ༌བོའེ༌ ཏོན༌ ནི༌ ངའ༌ ཟིགས༌ཁན༌ནི༌ སོན༌པོ༌ ཞུགས༌ཁན༌ནི༌ ཆུ༌དོང༌༽། 15 ཨབ༌རམ༌མ༌ ཧཱ༌གར༌ གྱུད༌ཏེ༌ བུ༌ཚ༌ཞིག༌ སྐྱེས༌, ཡང༌ ཨབ༌རམ༌མི༌ ཁོའ༌ ཨིཤ༌མ༌ཨེལ༌ མིང༌ང༌ ཏགས༌། 16 ཧཱ༌གར༌ལ༌ ཨིཤ༌མ༌ཨེལ༌ སྐྱེ༌ ཟ༌ནེ༌ ཨབ༌རམ༌མ༌ ལོ༌ 86 ཆའད༌པིན༌།