41
ཡོ༌སེབ༌བི༌ གྱལ༌པོའེ༌ ཉི༌ལམ༌མི༌ ཏོན༌ ཤདས༌།
1 ལོ༌ ཉིས༌སི༌ སྟིང༌ནེ༌ ཨི༌ཇིབ༌བི༌ གྱལ༌པོའ༌ ཉི༌ལམ༌ ཞིག༌གི༌ ནང༌ང༌ ཁོ༌ ནཱའེལ༌ ལྩངས༌པོའེ༌ དུན༌ལ༌ ལངས༌ཏེ༌ ཡོད༌ ཟ༌ནེ༌ 2 ངད༌ཅན༌ གྱགས༌པ༌ བ༌ལང༌ རྡུན༌ ལྩངས༌པོའེ༌ ནང༌ནེ༌ བིངས༌ཏེ༌ ཡོངས༌ ཡང༌ ཏེ༌ ཐའ༌མ༌ ཡོད༌ཁན༌ནི༌ ལྗངས༌པ༌ ཟེན༌ དུགས༌། 3 ཏེ༌ནེ༌ ཏེ༌གུན༌ནི༌ སྟིང༌ནེ༌ ཞན༌ཡང༌ རིད༌པ༌ དང༌ ཁམ༌ལོག༌ བ༌ལང༌ རྡུན༌ ལྩངས༌པོའེ༌ ནང༌ནེ༌ བིང༌ཏེ༌ ཡང༌ ཏེ༌ ཐའ༌མ༌ ཡོད༌ཁན༌ནི༌ བ༌ལང༌ གྱགས༌པ༌གུན༌ནི༌ དུན༌ལ༌ ལངས༌ཏེ༌ ཐོང༌། 4 ཡང༌ བ༌ལང༌ ཁམ༌ལོག༌ རིད༌པ༌གུན༌ནི༌ བ༌ལང༌ ངད༌ཅན༌ གྱགས༌པ༌གུན༌ ཟོས༌། ཏེ༌ནེ༌ གྱལ༌པོའ༌ ཉིད༌ཚད༌།
5 གྱལ༌པོ༌ ཡང༌སྐྱར༌ ཉིད༌ལ༌ སོང༌ཏེ༌ ཉི༌ལམ༌ ཉིས༌པ༌ ཐོང༌; ཁོའ༌ ཞིང༌ངི༌ སོག༌མ༌ ཅིག༌གི༌ཀ༌ ཁྲངས༌པོ༌ གྱལ༌ལ༌ གང༌ཏེ༌ ཡོད༌ཁན༌ནི༌ སྙེ༌མ༌ རྡུན༌ ཆགས༌ཏེ༌ ཐོང༌། 6 ཏེ༌ སྟིང༌ནེ༌ ཁོའ༌ ཞན༌ཡང༌ སྙེ༌མ༌ རྡུན༌ བིང༌ཨིན༌ ཐོང༌, ཀ༌གུན༌ ཇ༌རོ༌ དང༌ ཤར༌ལུང༌ངི༌ སྲགས༌ཏེ༌ དུག༌པིན༌། 7 ཡང༌ ཏེ༌ ཇ༌རོ༌ སྙེ༌མ༌གུན༌ནི༌ ཁྲངས༌པོ༌ སྙེ༌མ༌གུན༌ སྨིད༌ ཏངས༌། ཏེ༌ནེ༌ ཡང༌སྐྱར༌ གྱལ༌པོའ༌ ཉིད༌ཚད༌ ཡང༌ ཁོའ༌ ཉིད༌ལམ༌ ཐོངས༌ཏེ༌ ཨིན༌ཁན༌བོ༌ ཧ༌གོ༌།
8 ང༌མོ༌ ཉི༌ལམ༌མི༌ ཏོན༌བོ༌ ཅི༌ ཨིན༌ཧེ༌ སམས༌ཏེ༌ གྱལ༌པོ༌ ཚེར༌པ༌ ཁོའེ༌ ཨི༌ཇིབ༌པ༌ ཇའ༌དུ༌ ཅོ༌ཁན༌ དང༌ མི༌ ཤེས༌རབས༌ཅན༌ ཚང༌མ༌ བོད༌ཏེ༌ ཁོང༌གུན༌ལ༌ ཁོ༌རང༌ངི༌ ཉི༌ལམ༌གུན༌ ཤད༌, ཨིན༌ནའང༌ སུ༌ཞིག༌གའང༌ ཁོའ༌ ཏེ༌གུན༌ནི༌ ཏོན༌ ཤད༌ མ༌ཉན༌།
9 ཏེ༌ནེ༌ ཆང༌ ལུག༌ཁན༌ནི༌ སྤོན༌བོའེ༌ གྱལ༌པོ༌ ཟེརས༌, "དི༌རིང༌ ང༌ ངའེ༌ ནོར༌ཁྲུལ༌ ཅོ༌ཁན༌བོ༌ ཨིད༌ཏུ༌ ཡོངས༌། 10 ཉེ༌རང༌ང༌ ཐུགས༌སྲོ༌ སྐྱོད༌ཏེ༌ ཉེ༌རང༌ངི༌ ཏ༌གི༌ ཅོ༌ཁན༌ནི༌ འུ༌སྐྱོང༌ དང༌ ང༌, སྲུང༌ཁན༌ནི༌ མག༌མི༌ སྤོན༌བོའེ༌ ཙོན༌ཁང༌ངི༌ ནང༌ང༌ ཀག༌ཅུགས༌ཏེ༌ ཡོད༌ ཟ༌ནེ༌, 11 ཞག༌ཤིག༌ ཚན༌ལ༌ ང༌ཞའ༌ ཏོན༌ཏག༌ སོ༌སོ༌ ཡོད༌ཁན༌ནི༌ ཉི༌ལམ༌ རིག༌ ཐོང༌། 12 ང༌ཞ༌གུན༌ ཉམ༌པོ༌ སྲུང༌ཁན༌ནི༌ མག༌མི༌ འུ༌སྐྱོང༌ངི༌ ཡོག༌པོ༌ ཨིབ༌རི༌པ༌ ཞོན༌ནུ༌ཞིག༌ ཡོད༌པིན༌། ང༌ཞའེ༌ ཁོའ༌ ཉི༌ལམ༌གུན༌ ཤད༌པིན༌ ཡང༌ ཁོའེ༌ ང༌ཞའ༌ རེ༌རེའ༌ ང༌ཞའེ༌ ཉི༌ལམ༌མི༌ ཏོན༌ ཤདས༌། 13 ཁོའེ༌ ཟེར༌ཁན༌ ཚང༌མ༌ དྲན༌དྲའ༌ གྲུབ༌, ཉེ༌རང༌ངི༌ ང༌ ང༌རང༌ངི༌ ཀོ༌ས༌ ལོགས༌ཏེ༌ སལས༌ ཡང༌ ཏ༌གི༌ ཅོ༌ཁན༌ནི༌ ཟུགས༌པོ༌ ལྕང༌མ༌ ཏགས༌།"
14 གྱལ༌པོའེ༌ ཡོ༌སེབ༌ ཁྱོང༌ཅེས༌ལ༌ བཀའ༌ ཏངས༌ ཡང༌ ཁོ༌ ཏེན༌ན༌མལ༌ལ༌ ཙོན༌ཁང༌ནེ༌ ཕིངས༌ཏེ༌ ཁོའེ༌ སམ༌དལ༌ བྲགས༌ ཡང༌ ཀོས༌ལག༌ སྤོས༌ཏེ༌ གྱལ༌པོའེ༌ དུན༌ལ༌ ཁྱོངས༌།
15 གྱལ༌པོའེ༌ ཡོ༌སེབ༌བ༌ ཟེརས༌, "ངའ༌ ཉི༌ལམ༌ཞིག༌ ཐོང༌ ཡང༌ སུ༌ཞིག༌གའང༌ ཏེ༌བོའེ༌ དོན༌ ཤད༌ མ༌ཉན༌། ཨིན༌ནའང༌ ཁྱོ༌རང༌ང༌ ཉི༌ལམ༌མི༌ ཏོན༌ ཤད༌ཉན༌དུག༌ ཟེར༌ཏེ༌ ངའ༌ ཚོར༌།"
16 ཡོ༌སེབ༌བི༌ ལན༌ཏངས༌, "ངའ༌ ཤད༌ ཉན༌ན༌མེད༌ ཨིན༌ནའང༌ ཉེ༌རང༌ངི༌ ཕན༌ཐོགས༌སི༌ ཕིའ༌ དཀོན༌མཆོག༌གི༌ ཉེ༌རང༌ངི༌ ཉིད༌ལམ༌མི༌ དོན༌བོ༌ ཤད༌ད༌ ཛད༌ཨིན༌།"
17 གྱལ༌པོའེ༌ ཟེརས༌, "ཉིད༌ལམ༌མི༌ ནང༌ང༌ ང༌ ནཱའེལ༌ ལྩངས༌པོའེ༌ ཐའ༌མ༌ ལངས༌ཏེ༌ ཡོད༌ ཟ༌ནེ༌ 18 ངད༌ཅན༌ གྱགས༌པ༌ བ༌ལང༌ རྡུན༌ ལྩངས༌པོའེ༌ ནང༌ནེ༌ བིངས༌ཏེ༌ ཡོངས༌ ཡང༌ ཏེ༌ ཐའ༌མའེ༌ ལྗངས༌པ༌ ཟེན༌ དུགས༌། 19 ཏེ༌གུན༌ནི༌ སྟིང༌ནེ༌ ཞན༌ཡང༌ མ༌ རིད༌པ༌ ཁམ༌ལོག༌ བ༌ལང༌ རྡུན༌ ལྩངས༌པོའེ༌ ནང༌ནེ༌ བིངས༌ཏེ༌ ཡོངས༌, ཏེ༌ཙོགས༌ ཁམ༌ལོག༌ བ༌ལང༌ རིག༌ ངའེ༌ ཨི༌ཇིབ༌བི༌ ཡུལ༌ གང༌པོའེ༌ ནང༌ང༌ མ༌ནེ༌ མ༌ཐོང༌། 20 རིད༌པ༌ ཁམ༌ལོག༌ བ༌ལང༌གུན༌ནི༌ གྱགས༌པ༌ རྡུན༌བོ༌ ཟོས༌། 21 ཨིན༌ནའང༌ ཏེ༌གུན༌ནི༌ གྱགས༌པ༌ བ༌ལང༌གུན༌ ཟོས༌ཏེ༌ ཨིན༌ཁན༌བོ༌ སུའིང༌ ཤེས༌ མ༌ཐུབ༌ ཅིའ༌ཟེར༌ན༌ ཏེ༌གུན༌ གོ༌མ༌ ཙོགས༌ལ༌ ཁམ༌ལོག༌ དང༌ རིད༌པ༌ དུག༌པིན༌། ཏེ༌ནེ༌ ངའ༌ ཉིད༌ཚད༌།"
22 "ང༌ ཡང༌སྐྱར༌ ཉིད༌ལ༌ སོང༌ཏེ༌ འི༌ ཉི༌ལམ༌བོའང༌ ཐོང༌, ཞིང༌ངི༌ སོག༌མ༌ ཅིག༌གི༌ཀ༌ ཁྲངས༌པོ༌ གྱལ༌ལ༌ གང༌ཏེ༌ ཡོད༌ཁན༌ནི༌ སྙེ༌མ༌ རྡུན༌ ཆགས༌ཏེ༌ ཐོང༌། 23 ཏེ༌ནེ༌ ཞན༌ཡང༌ སྙེ༌མ༌ རྡུན༌ བིང༌ཨིན༌ ཐོང༌, ཀ༌གུན༌ ཇ༌རོ༌ དང༌ ཤར༌ལུང༌ངི༌ སྲགས༌ཏེ༌ དུག༌པིན༌། 24 ཡང༌ ཏེ༌ ཇ༌རོ༌ སྙེ༌མ༌གུན༌ནི༌ ཁྲངས༌པོ༌ སྙེ༌མ༌གུན༌ སྨིད༌ ཏངས༌། ངའེ༌ ཇའ༌དུ༌ ཅོ༌ཁན༌གུན༌ལ༌ ཉི༌ལམ༌བོ༌ ཤད༌པིན༌ ཨིན༌ནའང༌ སུ༌ཞིག༌གིའང༌ ཏེ༌བོའེ༌ ཏོན༌ ཤད༌ མ༌ཉན༌།"
25 ཡོ༌སེབ༌བི༌ གྱལ༌པོའ༌ ཟེརས༌, "ཉི༌ལམ༌ ཉིས༌ཀོའེ༌ ཏོན༌ཏག༌ ཙོགས༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཅོའ༌ ཛད༌ཅེས༌པོ༌ ཉེ༌རང༌ང༌ སྔོན༌ཅུགས༌ཏེ༌ ཨིན༌ནོག༌། 26 བ༌ལང༌ གྱགས༌པ༌ རྡུན༌བོ༌ ནི༌ ལོ༌ རྡུན༌ ཡང༌ ཁྲངས༌པོ༌ གྱལ༌ལ༌ གངས༌ཁན༌ སྙེ༌མ༌ རྡུན༌གུན༌ནའང༌ ལོ༌ རྡུན༌ ཨིན༌ནོག༌། ཉི༌ལམ༌ ཉིས༌ཀོ༌ ཙོགས༌ ཨིན༌ནོག༌། 27 སྟིང༌ནེ༌ བིང༌ཁན༌ནི༌ བ༌ལང༌ རིད༌པ༌ ཁམ༌ལོག༌ རྡུན༌ དང༌ ཤར༌ལུང༌ངི༌ སྲགས༌ཁན༌ སྙེ༌མ༌ ཇ༌རོ༌ རྡུན༌གུན༌, ལོ༌ རྡུན༌ནི༌ མུ༌གེ༌ ཨིན༌ནོག༌།"
28 "ཏེན༌ན༌བོ༌ བྱུང༌ཨིན༌ ཀ༌ཟུག༌ ངའེ༌ ཉེ༌རང༌ང༌ ཟེརས༌, དཀོན༌མཆོག༌གི༌ ཛད༌ཅེས༌ཅན༌བོ༌ ཉེ༌རང༌ང༌ ལྟན༌ན༌ ཛད༌ཏེ༌ ཨིན༌ནོག༌། 29 ཨི༌ཇིབ༌བི༌ ས༌ཆ༌ གང༌པོའེ༌ ནང༌ང༌ ལོ༌ རྡུན༌ སྟོན༌ཐོག༌ མངས༌ཏེའང༌ མང༌པོ༌ སྨིན༌ཨིན༌། 30 ཏེ༌ སྟིང༌ནེ༌ ལོ༌ རྡུན༌ནི༌ ཕིའ༌ མུ༌གེ༌ བྱུང༌ཨིན༌ ཡང༌ སྟོན༌ཐོག༌ གྱལ༌ལ༌ ཡོང༌ཁན༌ནི༌ ཏུས༌པོ༌ རྫེད༌ཨིན༌ ཅིའ༌ཟེར༌ན༌ ཡུལ༌ གང༌པོའེ༌ ནང༌ང༌ མུ༌གེ༌ དྲག༌པོ༌ ཡོང༌ཨིན༌། 31 མུ༌གེ༌ ཞས༌ཏེ༌ སྐྱིད༌པོའི༌ ཏུས༌གུན༌ རྫེད༌ཅུག༌ཨིན༌ ཅིའ༌ཟེར༌ན༌ མུ༌གེ༌ ཏུས༌པོ༌ མ༌བར༌དོ༌ཅན༌ ཡོང༌ཨིན༌། 32 ཉེ༌རང༌ང༌ ཉི༌ལམ༌ ལྡབས༌ཏེ༌ ཐོང༌ཅེས༌སི༌ དོན༌ ནི༌ དཀོན༌མཆོག༌གི༌ ཏེ༌ཟུག༌ ཛད༌ཅེས༌ལ༌ ཐག༌ཅད༌ད༌ ཛད༌ཁན༌ ཡང༌ ཏེ༌བོ༌ གྱོགས༌པ༌ བྱུང༌ཅེས༌པོ༌ ཨིན༌ནོག༌།"
33 "ཏ༌ ཕེ༌རོ༌ ཉེ༌རང༌ངི༌ རིག༌པ༌ དང༌ ཤེས༌རབས༌ཅན༌ མི༌ཞིག༌ ལྡམས༌ཏེ༌ ཁོ༌ ཡུལ༌ལི༌ ཁག༌ཁུར༌པ༌ ཅོའ༌ ཛད༌། 34 སྟོན༌ཐོག༌ གྱལ༌ལ༌ ཡོང༌ཁན༌ནི༌ ལོ༌ རྡུན༌ནི༌ ཏུས༌ལ༌ ཏེ༌བོའེ༌ ལྔ༌ ཁག༌པོ༌ ཐེན༌ཏེ༌ བོར༌ཅེས༌ལ༌ ཉེ༌རང༌ངི༌ ཞན༌ཡང༌ འུ༌སྐྱོང༌གུན༌ སྐོའ༌ ཛད༌། 35 གྱལ༌པོ༌ ཕེ༌རོའེ༌ ཝང༌ཆའེ༌ ནང༌ང༌ ཁོང༌གུན༌ལ༌ ལོ༌ ཟང༌པོ༌གུན༌ནི༌ ནང༌ང༌ སྟོན༌ཐོག༌ ཐེ༌བ༌ སྨིན༌ཁན༌ ཚང༌མ༌ ལྡུ༌ཏེ༌ གྱལ༌ས༌གུན༌ནི༌ ནང༌ང༌ སག༌ཅུག༌ག༌ ཛད༌། 36 ཨི༌ཇིབ༌བི༌ ནང༌ང༌ ཡོང༌ཅེས༌ཅན༌ནི༌ ལོ༌ རྡུན༌ནི༌ མུ༌གེ༌ ཏུས༌ལ༌ ཡུལ༌པ༌གུན༌ནི༌ ཕིའ༌ ཀོལ༌ཅེས༌ལ༌ ཏེ༌ ཁར༌ཇི༌གུན༌ སགས༌ཏེ༌ བོར༌གོས༌། ཏེ༌ནེ༌ ཡུལ༌མི༌གུན༌ སྟོགས༌ཏེ༌ མི༌ཤི༌།"
ཡོ༌སེབ༌ ཨི༌ཇིབ༌ ཡུལ༌ལི༌ ཀའ༌ལོན༌ལ༌ སྐོས༌།
37 གྱལ༌པོ༌ དང༌ ཁོའེ༌ སྤོན༌བོ༌ ཚང༌མའ༌ ཐབས༌ལྡིངས༌པོ༌ གྱལ༌ལ༌ ཚོར༌ 38 ཏེ༌ནེ༌ ཕེ༌རོའེ༌ ཁོང༌གུན༌ལ༌ ཟེརས༌, "ང༌དང༌གུན༌ལ༌ ཡོ༌སེབ༌ ཙོགས༌སི༌ མི༌ དཀོན༌མཆོག༌གི༌ ཐུག༌ཉིད༌ ཡོད༌ཁན༌ཞིག༌ ཐོབ༌ ཨིན༌ན༌?"
39 ཏེ༌ནེ༌ གྱལ༌པོའེ༌ ཡོ༌སེབ༌བ༌ ཟེརས༌, "དཀོན༌མཆོག༌གི༌ ཁྱོ༌རང༌ང༌ འི༌ ཚང༌མ༌ སྔོན༌ཅུག༌ག༌ ཛད༌ པ༌སང༌ ཏན༌ཏན༌ ཁྱོ༌རང༌ ཚང༌མའེ༌སང༌ ཤེས༌རབས༌ དང༌ རིག༌པ༌ཅན༌ ཡོད༌ཏེ༌ ཨིན༌ནོག༌། 40 ངའེ༌ གྱལ༌སྲིད༌དི༌ ཁག༌པོ༌ ངའེ༌ ཁྱོ༌རང༌ང༌ ཀལ༌ལད༌, ཡང༌ ངའེ༌ མི༌ཚང༌མའེ༌ ཁྱོ༌རང༌ངི༌ བཀའ༌ ཁའ༌ ཉན༌ཨིན༌། ང༌ མན༌པ༌ ཁྱོ༌རང༌ང༌ ཅི༌ཚང༌མའེ༌ཀ༌ ཝང༌ཆ༌ ཡོད༌།"
41 ཏེ༌ནེ༌ ཕེ༌རོའེ༌ ཡོ༌སེབ༌བ༌ ཟེརས༌, "ཏ༌ ངའེ༌ ཁྱོ༌རང༌ ཨི༌ཇིབ༌བི༌ ཡུལ༌ གང༌པོའེ༌ཀ༌ ཝང༌སྲུལ༌པ༌ སྐོའད༌།" 42 གྱལ༌པོའེ༌ ཁོ༌རང༌ངི༌ ཛི༌གུའི༌ ཀ༌ནེ༌ ཐེ༌ཙེ༌ སེར༌དུབ༌པོ༌ ཕུད༌ཏེ༌ ཡོ༌སེབ༌བི༌ ཛི༌གུའ༌ སྐརས༌། ཁོའ༌ ཀུས༌པོ༌ ཀོས༌ སྐོནས༌ ཡང༌ ཁོའེ༌ སྐྱེའ༌ སེར༌རི༌ ཉག༌ཐག༌ ཏགས༌། 43 ཕེ༌རོའེ༌ ཝང༌སྲུལ༌པ༌ ཉིས༌པའེ༌ ཚུལ༌ལ༌ ཁོའ༌ རྟ༌རེལ༌ ཞོན༌ཅེས༌ལ༌ ཏངས༌, ཡང༌ མི༌གུན༌ ཁོའེ༌ སྔུན༌སྔུན༌ལ༌ ཆེན༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "གོ༌ སྒུས༌ཏེ༌ ཀུས༌པ༌ ཅོས༌།" གྱལ༌པོའེ༌ ཡོ༌སེབ༌ ཨི༌ཇིབ༌ ཡུལ༌ གང༌པོའེ༌ཀ༌ ཝང༌སྲུལ༌པའ༌ སྐོས༌།
44 གྱལ༌པོའེ༌ ཁོའ༌ ཟེརས༌, "ང༌ ཨི༌ཇིབ༌བི༌ གྱལ༌པོ༌ ཨིན༌ ཨིན༌ནའང༌ ཁྱོ༌རང༌ངི༌ གོངས༌པ༌ མེད༌པ༌ ཨི༌ཇིབ༌ གང༌པོའེ༌ ནང༌ང༌ སུ༌ཞིག༌གའང༌ ཅའང༌ ཅོ༌ མི༌ཉན༌།" 45 ཕེ༌རོའེ༌ ཡོ༌སེབ༌བི༌ མིང༌ ཟི༌ཕི༌ནེཐ༌ པེ༌ནེ༌ཨཧ༌ ཏགས༌ ཡང༌ འོན༌ ཡུལ༌ལི༌ བླ༌མ༌ པོ༌ཏི༌ཕར༌རི༌ བུ༌མོ༌ ཨ༌སི༌ནད༌ ཁོའ༌ ན༌མའ༌ ཏངས༌། ཏེ༌ནེ༌ ཡོ༌སེབ༌བི༌ ཨི༌ཇིབ༌ གང༌པོའེ༌ཀ༌ ཝང༌ སྲུལས༌།
46 ཨི༌ཇིབ༌བི༌ གྱལ༌པོའ༌ ཞབ༌སྟོག༌ ཞུ༌ཅེས༌ གོ༌ཟུག༌ ཟ༌ནེ༌ ཡོ༌སེབ༌བ༌ ལོ༌ སུམ༌ཅུ༌ ཆའད༌པིན༌། ཁོ༌ གྱལ༌པོའེ༌ ཁར༌ནེ༌ བིང༌ཏེ༌ ཨི༌ཇིབ༌བི༌ ཡུལ༌ གང༌པོའེ༌ ནང༌ང༌ ལྟ༌སྟོག༌ག༌ སོང༌། 47 ལོ༌ རྡུན༌ ས༌ཆའེ༌ ཀ༌ནེ༌ སྟོན༌ཐོག༌ མ༌ མང༌པོ༌ སྨིན༌། 48 ཡོ༌སེབ༌བི༌ ལོ༌ རྡུན༌ནི༌ ནང༌ང༌ ཐེ༌བ༌ སྟོན༌ཐོག༌ སྨིན༌ཁན༌གུན༌ ལྡུས༌ཏེ༌ གྱལ༌ས༌གུན༌ནི༌ ཛོད༌ཁང༌ངི༌ ནང༌ང༌ སགས༌། ཁོའེ༌ གྱལ༌ས༌ རེ༌རེ༌ ནང༌ང༌ ཏེ༌ ཉེ༌ཁོར༌རི༌ སྟོན༌ཐོག༌གུན༌ ལྡུས༌ཏེ༌ སགས༌། 49 ཡོ༌སེབ༌བི༌ གྱ༌ཚོའེ༌ པེ༌མ༌ ཙོགས༌ མང༌པོ༌ གྲུ༌ སགས༌, ཁོའ༌ ཏེ༌བོ༌ ཏབ༌ ཁོ༌རང༌ མ༌ཉན༌ ཅིའ༌ཟེར༌ན༌ གྲུ༌ ཏེ༌ཟམ༌ མང༌པོ༌ ཡོད༌པིན༌།
50 མུ༌གེ༌ བྱུང༌ངི༌ སང༌ སྔུན༌ལ༌ ཡོ༌སེབ༌བ༌ བུ༌ཚ༌ ཉིས༌ ཡོད༌པིན༌, ཀ༌གུན༌ འོན༌ ཡུལ༌ལི༌ བླ༌མ༌ པོ༌ཏི༌ཕར༌རི༌ བུ༌མོ༌ ཨ༌སི༌ནད༌ལ༌ ཇོར༌ཏེ༌ ཨིན༌པིན༌། 51 ཁོའེ༌ ཁོ༌རང༌ངི༌ གོ༌མའེ༌ བུ༌ཚའེ༌ མིང༌ང༌ མ༌ནས༌སེཧ༌ *41:51 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ མ༌ནས༌སེཧ༌ ཏོན༌ནི༌ "ཞེད༌ཅེས༌" ཨིན༌ནོག༌། ཏགས༌ ཅིའ༌ཟེར༌ན༌ ཁོའེ༌ ཟེརས༌, "དཀོན༌མཆོག༌གི༌ ངའེ༌ རྡུག༌ངལ༌ དང༌ ངའེ༌ ཨ༌བའེ༌ ནང༌ཚངས༌ ཚང༌མ༌ ཞེད༌ ཅུག༌ག༌ ཛདས༌།" 52 ཁོའེ༌ ཁོ༌རང༌ངི༌ བུ༌ཚ༌ ཉིས༌པ༌བོའ༌ ཨེཕ༌ར༌ཡིམ༌ †41:52 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨེཕ༌ར༌ཡིམ༌མི༌ ཏོན༌ནི༌ "ཕེལ༌ཅེས༌" ཨིན༌ནོག༌། མིང༌ང༌ ཏགས༌ ཡང༌ ཟེརས༌, "དཀོན༌མཆོག༌གི༌ ངའ༌ རྡུག༌ངལ༌ ཐོང༌སའེ༌ ས༌ཆའེ༌ ནང༌ང༌ ཕྲུ༌གུ༌ སལ༌ལ༌ ཛདས༌།"
53 ཨི༌ཇིབ༌བི༌ ནང༌ང༌ སྟོན༌ཐོག༌ གྱལ༌ལ༌ སྨིན༌ཁན༌ནི༌ སྐྱིད༌པོའི༌ ལོ༌ རྡུན༌བོ༌ ཚར༌ 54 ཡང༌ ཡོ༌སེབ༌བི༌ ཟེར༌ཁན༌ ནང༌ཞིན༌ མུ༌གེ༌ ལོ༌ རྡུན༌བོ༌ གོ༌ཟུག༌ སོང༌། ཞན༌ ཡུལ༌ ཚང༌མའེ༌ ནང༌ངའང༌ མུ༌གེ༌ བྱུང༌, ཨིན༌ནའང༌ ཨི༌ཇིབ༌བི༌ ཡུལ༌ གང༌པོའེ༌ ནང༌ང༌ ཟའ༌གྱུ༌ ཡོད༌པིན༌། 55 ཨི༌ཇིབ༌པ༌གུན༌ལ༌ མུ༌གེ༌ ཞས༌ཏེ༌ སྟོག༌རི༌ ཐོང༌ང༌ཅིག༌ ཁོང༌གུན༌ནི༌ གྱལ༌པོའ༌ ཟའ༌ཅེས༌ ཏོང༌ ཟེར༌ཏེ༌ ཀུ༌ཅོ༌ ཏངས༌། ཏེ༌ནེ༌ གྱལ༌པོའེ༌ ཁོང༌ ཚང༌མ༌ ཟེརས༌, "ཡོ༌སེབ༌ ཡོད༌ས༌ སོང༌ཏེ༌ ཁོའེ༌ ཟེར༌ཁན༌བོ༌ ཅོས༌།" 56 མུ༌གེ༌ ཡུལ༌ གང༌པོའེ༌ ནང༌ང༌ ཕེལ༌ལ༌ཅིག༌ ཡོ༌སེབ༌བི༌ ཛོད༌ཁང༌ ཚང༌མ༌ ཕེས༌ཏེ༌ ཨི༌ཇིབ༌པ༌གུན༌ལ༌ གྲུ༌ ཙོངས༌ ཅིའ༌ཟེར༌ན༌ ཨི༌ཇིབ༌བི༌ ཡུལ༌ གང༌པོའེ༌ ནང༌ང༌ མུ༌གེ༌ མ༌ སྲན༌ཏྲེ༌ ལངས༌ཏེ༌ ཡོད༌པིན༌། 57 ཇིག༌རྟེན༌ གང༌པོ༌ནེ༌ མི༌གུན༌ ཨི༌ཇིབ༌བ༌ ཡོ༌སེབ༌བི༌ ཀ༌ནེ༌ གྲུ༌ ཉོའ༌ལ༌ ཡོངས༌ ཅིའ༌ཟེར༌ན༌ ཇིག༌རྟེན༌ གང༌པོའེ༌ ནང༌ང༌ མུ༌གེ༌ སྲན༌ཏྲེ༌ ལངས༌ཏེ༌ ཡོད༌པིན༌།