50
1 ཡོ༌སེབ༌ ཁོ༌རང༌ངི༌ ཨ༌བ༌ ཁྲིལ༌ཏེ༌ ངུ༌ཨིན༌ ཁོའ༌ པུག༌ ཏངས༌། 2 ཏེ༌ནེ༌ ཡོ༌སེབ༌བི༌, ཁོའ༌ ཞབ༌སྟོག༌ ཅོ༌ཁན༌ནི༌ ཨམ༌ཅི༌གུན༌ལ༌ ཨ༌བའེ༌ ཟུགས༌པོ༌ མི༌ རུལ༌ཅེས༌སི༌ ཕིའ༌ སྨན༌ སྐུ༌ཅེས༌ལ༌ བཀའ༌ ཏངས༌། 3 ཏུས༌གྱུན༌ ཙོགས༌ལ༌ ཟུགས༌པོའ༌ སྨན༌ སྐུ༌ཅེས༌ལ༌ ཞག༌མ༌ ཞིབ༌ཅུ༌ གོར༌, ཡ༌ཀོབ༌བི༌ ཕིའ༌ ཨི༌ཇིབ༌པ༌ ཚང༌མའེ༌ ཞག༌པོ༌ རྡུན༌ཅུ༌ ཉ༌ངན༌ ཅོས༌།
4 ཉ༌ངན༌ནི༌ ཏུས༌པོ༌ བུད༌ད༌ཅིག༌ ཡོ༌སེབ༌བི༌ གྱལ༌པོའེ༌ འུ༌སྐྱོང༌གུན༌ལ༌ ཟེརས༌, "ང༌ ཐུག༌རྗེ༌ ཛད༌ཏེ༌ ཇུ༌ཇུ༌ འི༌ ལོན༌བོ༌ གྱལ༌པོའ༌ མོལ༌, 5 'ངའེ༌ ཨ༌བའེ༌ ངའ༌, ཀེ༌ནན༌ནི༌ ས༌ཆའེ༌ ནང༌ང༌ ཁོང༌རང༌ངི༌ ཕིའ༌ རོམ༌ཁང༌ གྲལ༌གྲིག༌ ཅོས༌ཏེ༌ ཡོད༌ཁན༌བོའེ༌ ནང༌ང༌ ཁོང༌ སུབ༌ཅེས༌ལ༌ ནའ༌ ཁུར༌ཏེ༌ ཁ༌ཆད༌ ཅོ༌ཅུགས༌། ཏ༌ ང༌ ང༌རང༌ངི༌ ཨ༌བ༌ སུབ༌ཅེས༌ལ༌ ཆའ༌ ཅུག༌ག༌ ཛད༌, ཏེ༌ནེ༌ ང༌ ལོགས༌ཏེ༌ ཡོང༌ཨིན༌།' "
6 གྱལ༌པོའེ༌ ལན༌ཏངས༌, "སོང༌ ཡང༌ ཁྱོ༌རང༌ངི༌ ཨ༌བ༌ སུབ༌ ཀ༌ཟུག༌ ཁྱོ༌རང༌ངི༌ ཁོང༌ང༌ ཁ༌ཆད༌ ཅོས༌ཏེ༌ ཨིན༌།"
7 ཏེ༌ནེ༌ ཡོ༌སེབ༌ ཁོ༌རང༌ངི༌ ཨ༌བ༌ སུབ༌བ༌ལ༌ སོང༌། གྱལ༌པོའེ༌ འུ༌སྐྱོང༌ ཚང༌མ༌ དང༌ ཨི༌ཇིབ༌པ༌ འུ༌སྐྱོང༌ ཚང༌མ༌ ཡོ༌སེབ༌ ཉམ༌པོ༌ སོང༌། 8 ཁོ༌ དང༌ ཁོའེ༌ སྤུན༌ལ༌གུན༌ནི༌ ནང༌ཚངས༌ ཚང༌མ༌ ཡང༌ ཁོང༌ངི༌ ཨ༌བའེ༌ ནང༌མི༌ ཚང༌མ༌ ཁོ༌ ཉམ༌པོ༌ སོང༌། ཁོང༌གུན༌ནི༌ ཕྲུ༌གུ༌གུན༌, ར༌ལུག༌ དང༌ བ༌ལང༌ངི༌ ཁྱུ༌གུན༌ གོ༌ཤེན༌ནི༌ ཡུལ༌ལ༌ བོརས༌། 9 ཤིང༌རྟ༌ དང༌ རྟའེ༌ཀ༌ ཞོན༌ཁན༌ནི༌ མི༌གུན༌ནའང༌ ཁོ༌ ཉམ༌པོ༌ སོང༌། མི༌ཚོགས༌ ཆེན༌མོ༌ཞིག༌ ཡོད༌པིན༌།
10 ཁོང༌གུན༌ ཡོར༌དཱན༌ ལྩངས༌པོ༌ ཤར༌ ཆོགས༌ལ༌ ཁུ༌ཡུས༌ སྐོར༌སའེ༌ ས༌ཆ༌ ཨ༌ཏད༌ལ༌ ལེབ༌བ༌ཅིག༌ ཁོང༌གུན༌ནི༌ ཤེད༌ཅན༌ ངུས༌ཏེ༌ ཉ༌ངན༌ ཅོས༌ ཡང༌ ཏེ༌རུ༌ ཡོ༌སེབ༌བི༌ ཞག༌པོ༌ རྡུན༌ ཨ༌བའེ༌ ཕིའ༌ ཉ༌ངན༌ ཅོས༌། 11 ཀེ༌ནན༌པ༌གུན༌ནི༌ ཨ༌ཏད༌ ཁུ༌ཡུས༌ སྐོར༌སའེ༌ ས༌ཆའེ༌ཀ༌ ཁོང༌གུན༌ནི༌ ཉ༌ངན༌ ཅོ༌ཨིན༌ ཐོང༌ཏེ༌ ཟེརས༌, "འི༌ ཏུས༌པོ༌ ཨི༌ཇིབ༌པ༌གུན༌ནི༌ ཕིའ༌ ཉ༌ངན༌ སྲན༌ཏྲེ༌ ཏུས༌ཤིག༌ ཨིན༌ནོག༌།" ཏེན༌ན༌བོའེ༌ ཞས༌ཏེ༌ ཡོར༌དཱན༌ ལྩངས༌པོའེ༌ ཉེ༌མོའ༌ ཡོད༌ཁན༌ ཏེ༌ ས༌ཆ༌བོའེ༌ མིང༌ང༌ ཨ༌བེལ༌ མིཟ༌རེམ༌ *50:11 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨ༌བེལ༌ མིས༌རེམ༌མི༌ ཏོན༌ "ཨི༌ཇིབ༌པ༌གུན༌ནི༌ རྡུག༌པོ༌ ཅོ༌ཅེས༌" ཨིན༌ནོག༌།༌ ཏགས༌།
12 ཏེ༌ནེ༌ ཡ༌ཀོབ༌བི༌ བུ༌ཚ༌གུན༌ནི༌ ཨ༌བའེ༌ བཀའ༌ ཏང༌ཁན༌ ནང༌ཞིན༌ ཅོས༌། 13 ཁོང༌གུན༌ནི༌ ཁོའེ༌ སྤུར༌ ཀེ༌ནན༌ལ༌ ཁྱེརས༌ ཡང༌ མམ༌རེའེ༌ ཉེ༌མོའ༌ མེཁ༌ཕི༌ལའི༌ ཞིང༌ངི༌ གྲག༌ཕུགས༌སི༌ ནང༌ང༌ སུབས༌ ཀ༌བོ༌ ཨབ༌ར༌ཧམ༌མི༌ ཧེད༌པ༌ ཨེ༌ཕོ༌རོན༌ནི༌ ཀ༌ནེ༌ རོ༌ སུབ༌ཅེས༌སི༌ ཕིའ༌ ཉོས༌ཏེ༌ ཨིན༌པིན༌། 14 ཨ༌བའེ༌ སྤུར༌ སུབ༌ ཚར༌ཏེ༌ སྟིང༌ནེ༌ ཡོ༌སེབ༌ ཨི༌ཇིབ༌བ༌ ལོགས༌ཏེ༌ སོང༌། ཁོའེ༌ སྤུན༌ལ༌གུན༌ དང༌ ཁོ༌ ཉམ༌པོ༌ ཡོངས༌ཏེ༌ ཡོད༌ཁན༌ ཚང༌མའང༌ ལོགས༌ཏེ༌ སོང༌།
ཡོ༌སེབ༌བི༌ ཁོ༌རང༌ངི༌ ཨ༌ཅོ༌གུན༌ལ༌ སྤོས༌པ༌ ཏངས༌།
15 ཡ༌ཀོབ༌ ཤིའ༌ཅིག༌ ཡོ༌སེབ༌བི༌ ཨ༌ཅོ༌གུན༌ནི༌ ཟེརས༌, "ཡོ༌སེབ༌བ༌ ང༌དང༌གུན༌ནི༌ཀ༌ ཏ༌རུང༌ངའང༌ སྲོ༌ ལུས༌ཏེ༌ ང༌དང༌གུན༌ནི༌ ཁོའ༌ ངན༌པ༌ ཅོ༌ཁན༌བོའེ༌ གྱབ༌གལ༌ལ༌ ལན༌ ཏང༌སྲིད༌ཅེས༌ ཨིན༌ནོག༌།" 16 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཡོ༌སེབ༌བ༌ ལོན༌ ཀལས༌, "ང༌དང༌གུན༌ནི༌ ཨ༌བ༌ ཤི༌ སང༌ སྔུན༌ལ༌, 17 ཁོང༌ངི༌ ང༌ཞའ༌ ཉེ༌རང༌ང༌ འི༌བོ༌ ཟེར༌ཅེས༌ལ༌ མོལས༌, 'ཇུ༌ཇུ༌ ཁྱོ༌རང༌ངི༌ ཨ༌ཅོ༌གུན༌ནི༌ ཁྱོ༌རང༌ང༌ ངན༌པ༌ ཅོས༌ཏེ༌ སྡིག༌པ༌ ཅོ༌ཁན༌བོའ༌ གོངས༌པ༌ ཏོང༌།' ཏ༌ ཇུ༌ཇུ༌ ང༌ཞའ༌ ཉེ༌རང༌ངི༌ ཨ༌བའེ༌ དཀོན༌མཆོག༌གི༌ ཡོག༌པོ༌གུན༌ནི༌ སྡིག༌པ༌ ཅོ༌ཁན༌བོའ༌ གོངས༌པ༌ སལ༌ལ༌ ཛད༌།" ཏེ༌ ལོན༌བོ༌ ཚོར༌ཏེ༌ ཡོ༌སེབ༌ ངུས༌།
18 ཏེ༌ནེ༌ ཁོའེ༌ ཨ༌ཅོ༌གུན༌ ཡོངས༌ཏེ༌ ཡོ༌སེབ༌བི༌ དུན༌ལ༌ གྱེལ༌ཏེ༌ ཟེརས༌, "ང༌ཞའ༌ ཉེ༌རང༌ངི༌ ཚེ༌ཡོག༌གི༌ ཚུལ༌ལ༌ དུག༌ཨིན༌།" 19 ཨིན༌ནའང༌ ཡོ༌སེབ༌བི༌ ཁོང༌གུན༌ལ༌ ཟེརས༌, "ཇིགས༌ མ༌ཇིགས༌། ངའ༌ ཁྲིམས༌ཅད༌ ཏང༌ཁན༌ནི༌ དཀོན༌མཆོག༌ མན༌? 20 ཁྱོ༌ཞ༌གུན༌ནི༌ ངའེ༌ གྱབ༌གལ༌ལ༌ ངན༌པ༌ ཅོ༌ཅེས༌ ཅོས༌, ཨིན༌ནའང༌ དཀོན༌མཆོག༌གི༌ ཏེ༌བོ༌ གྱལ༌ལ༌ གྱུར༌ཅུག༌ག༌ ཛད༌ཏེ༌ མི༌ མང༌པོའེ༌ སྲོག༌ སྐྱོབ༌བ༌ ཛདས༌, ཀ༌ཟུག༌ དི༌རིང༌ བྱུང༌ཨིན༌ ཨིན༌ནོག༌། 21 ཁྱོ༌ཞའ༌ ཇིགས༌གོས༌ མེད༌པ༌ ཨིན༌ནོག༌། ངའེ༌ ཁྱོ༌ཞའ༌ དང༌ ཁྱོ༌ཞའེ༌ ཕྲུ༌གུ༌གུན༌ནི༌ སྒོས༌དོམ༌གུན༌ རིག༌ཨིན༌།" ཏེན༌ན༌ཟུག༌གི༌ ཡོ༌སེབ༌བི༌ ཁོང༌གུན༌ལ༌ སྤེ༌ར༌ ལྡེ༌མོ༌ ཏངས༌ཏེ༌ ལོ༌ཁྱེལ༌ ཅུགས༌།
ཡོ༌སེབ༌ ཀྲོངས༌།
22 ཡོ༌སེབ༌ ཁོའེ༌ ཨ༌བའེ༌ ནང༌མི༌ ཚང༌མ༌ ཉམ༌པོ༌ ཨི༌ཇིབ༌བི༌ ནང༌ང༌ ཁོའ༌ ལོ༌ གྱ༌དང༌རྕུ༌ ཆ༌ཆའ༌ ཚག༌པ༌ ལུས༌། 23 ཡོ༌སེབ༌ ཨེཕ༌ར༌ཡིམ༌མི༌ ཕྲུ༌གུ༌གུན༌ དང༌ ཚ༌འོ༌ གུན༌ ཐོང༌ཐོང༌ ཚག༌པ༌ སོན༌ཏེའ༌ ལུས༌། ཡོ༌སེབ༌བི༌ མ༌ནས༌སེཧ༌ བུ༌ཚ༌ མ༌ཀིར༌རི༌ ཕྲུ༌གུ༌གུན༌ སོས༌བུའ༌ ལེནས༌། 24 ཏེ༌ནེ༌ ཡོ༌སེབ༌བི༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌གུན༌ལ༌ ཟེརས༌, "ང༌ ཤི༌ཅེས༌ ཨིན༌ནོག༌། ཨིན༌ནའང༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ རོགས༌ ཛད༌ཏེ༌ ཁྱོ༌ཞ༌གུན༌ ཨི༌ཇིབ༌བི༌ ཡུལ༌ནེ༌ ཕིངས༌ཏེ༌ ཨབ༌ར༌ཧམ༌, ཨི༌སཱག༌ དང༌ ཡ༌ཀོབ༌ གུན༌ལ༌ ཁ༌ཆད༌ ཛད༌ཁན༌ནི༌ ས༌ཆའེ༌ ནང༌ང༌ ཁྱེར༌ར༌ ཛད༌ཨིན༌།" 25 ཏེ༌ནེ༌ ཡོ༌སེབ༌བི༌ ཡ༌ཀོབ༌བི༌ བུ༌ཚ༌གུན༌ལ༌ ནའ༌ ཁུར༌ཅུགས༌ཏེ༌ ཟེརས༌, "དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ འི༌ ས༌ཆའ༌ ནེ༌ ཕིངས༌ཏེ༌ ཁྱེར༌ར༌ ཛད༌ ཟ༌ནེ༌ ཁྱོ༌ཞ༌གུན༌ནི༌ ངའེ༌ རུས༌པ༌གུན༌ ཁྱོ༌ཞའ༌ ཉམ༌པོ༌ ཁྱེར༌།" 26 ཏེ༌ནེ༌ ཨི༌ཇིབ༌བི༌ ནང༌ང༌ ཡོ༌སེབ༌བ༌ ལོ༌ གྱ༌དང༌རྕུ༌ སོང༌ཏེ༌ ཀྲོངས༌། ཁོའེ༌ ཟུགས༌པོའ༌ སྨན༌ སྐུས༌ཏེ༌ སྤུར༌ སྒམ༌མི༌ ནང༌ང༌ བོརས༌།
*50:11 50:11 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨ༌བེལ༌ མིས༌རེམ༌མི༌ ཏོན༌ "ཨི༌ཇིབ༌པ༌གུན༌ནི༌ རྡུག༌པོ༌ ཅོ༌ཅེས༌" ཨིན༌ནོག༌།༌