11
ལ༌ཟར༌རས༌ སོན༌ཏེའ༌ ལང༌ང༌ ཛདས༌།
11:1 ནེ༌ 16
1 ཏ༌ ལ༌ཟར༌རས༌ ཟེར༌ཁན༌ནི༌ མི༌ཞིག༌ག༌ ཟུ༌མོ༌ ཡོངས༌ཏེ༌ ཡོད༌པིན༌། ཁོ༌, ཁོའེ༌ ཨ༌ཅེ༌ མིར༌ཡམ༌ དང༌ མར༌ཐཱ༌ གུན༌ བེད༌ཐཱ༌ནི༌ གྲོང༌ཁྱེར༌ནེ༌ ཨིན༌པིན༌། 2 མིར༌ཡམ༌ ཏེན༌ན༌ བུ༌མོ༌བོ༌ ཨིན༌ནོག༌, ཀ༌བོའེ༌ སྟིང༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཞབས༌ལ༌ ཨ༌ཏིར༌ ལུགས༌ཏེ༌ ཁོ༌རང༌ངི༌ སྲ༌ ཉམ༌པོ༌ ཕིས༌། ཁོའེ༌ མིང༌བོ༌ ལ༌ཟར༌རས༌ལ༌ ཟུ༌མོ༌ ཡོད༌པིན༌། 3 ཏེ༌བོའེ༌ཕིའ༌ སྲིང༌མོ༌ ཉིས༌ཀོའེ༌, "གཙོ༌བོ༌ལེ༌, ཉེ༌རང༌ངི༌ ཅམས༌པ༌ ཛད༌ཁན༌ནི༌ ལ༌ཟར༌རས༌ལ༌ ཟུ༌མོ༌ སྲན༌ཏྲེ༌ དུག༌" ཟེར༌ཏེ༌ ཡེ༌ཤུའ༌ ཞུ༌ལོན༌ ཀལས༌།
4 གཙོ༌བོ༌ ཡེ༌ཤུའི༌ ཏེ༌བོ༌ སན༌ན༌ཅིག༌ མོལས༌, "འི༌ ཟུ༌མོ༌བོ༌ ཁོ༌ ཤི༌ཅུག༌ཅེས༌ལ༌ མ༌ནོག༌། འི༌བོ༌ དཀོན༌མཆོག༌གི༌ སྤལ༌ལི༌ ཕིའ༌ ཨིན༌ནོག༌, ཀ༌བོ༌ གྱུད༌ཏེ༌ ཁོང༌ངི༌ སྲས༌ལའང༌ སྤལ༌ ཐོབ༌ཨིན༌།" 5 ཡེ༌ཤུའི༌ མར༌ཐཱ༌, ཁོའེ༌ ནོ༌མོ༌ མིར༌ཡམ༌ དང༌ ལ༌ཟར༌རས༌ལ༌ ཅམས༌པ༌ ཛད༌དད༌པིན༌། 6 ལ༌ཟར༌རས༌ལ༌ ཟུ༌མོ༌ ཡོད༌ཁན༌ནི༌ ནས༌ཚུལ༌ སན༌ཏེའང༌ ཁོང༌ མ༌སྐྱོད༌ད༌, ཏེན༌ན༌རུ༌ ཡང༌ ཞག༌མ༌ ཉིས༌ ཞུགས༌།
7 ཏེ༌ སྟིང༌ནེ༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, "ང༌དང༌ ལོགས༌ཏེ༌ ཡ༌ཧུ༌དཱ༌ ཆེན༌།"
8 ཨིན༌ནའང༌ ལོབ༌ཕྲུགས༌གུན༌ནི༌ ཟེརས༌, "ལོབ༌པོན༌ལེ༌, ཞག༌ ཁ༌ཅིག༌གི༌ སྔུན༌ལ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཉེ༌རང༌ང༌ རྡོའ༌ གྱབས༌ཏེ༌ སད༌ཅེས༌ ཅོས༌, ཏེ༌ནེའང༌ ཉེ༌རང༌ ཏེ༌རུ༌ སྐྱོད༌དད༌ད༌?"
9 གཙོ༌བོ༌ ཡེ༌ཤུའི༌ ལན༌སལས༌, "ཉི༌མའེ༌ ཆུ༌ཚོད༌ ཅུག༌ཉིས༌པོ༌ འོད༌ མེད༌ཀྱག༌ག༌? ཉི༌མའེ༌ འོད༌དི༌ ནང༌ང༌ གྲུལ༌ཁན༌གུན༌ སྒག༌གྱབས༌ཏེ༌ གྱེལ༌ལ༌ མ༌ནོག༌, ཅིའ༌ཟེར༌ན༌ ཇིག༌རྟེན༌ནི༌ཀ༌ ཕོག༌ཁན༌ནི༌ འོད༌དི༌ ཁོང༌ང༌ ཐོང༌ ཐུབ༌བ༌ནོག༌། 10 ཨིན༌ནའང༌ ཚན༌ནི༌ མུན༌གྲིག༌གི༌ ནང༌ང༌ གྲུལ༌ ཟ༌ནེ༌ ཁོ༌ སྒག༌གྱབས༌ཏེ༌ གྱེལ༌ལ༌ནོག༌, ཅིའ༌ཟེར༌ན༌ འོད༌ མེད༌པ༌ ཨིན༌ནོག༌།"
11 ཏེ༌ཟུག༌ མོལ༌ཏེ༌ སྟིང༌ནེ༌, གཙོ༌བོ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ང༌དང༌གུན༌ནི༌ ཛ༌འོ༌ ལ༌ཟར༌རས༌ ཉིད༌ལ༌ སོང༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ང༌ ཏེ༌རུ༌ ཁོའ༌ ཉིད༌ཚད༌ད༌ལ༌ ཆའད༌།"
12 ལོབ༌ཕྲུགས༌གུན༌ནི༌ ཡེ༌ཤུའ༌ ཟེརས༌, "གཙོ༌བོ༌ལེ༌, གལ༌ཏེས༌ ཁོ༌ ཉིད༌ལ༌ སོང༌ཏེ༌ ཨིན༌ན༌ ཁོའེ༌ ཟུ༌མོ༌ གྱལ༌ལ༌ནོག༌།" 13 ཡེ༌ཤུའི༌ ཁོ༌ ཤི༌ཏེ༌ ཨིན༌ནོག༌ མོལ༌ཏེ༌ ཨིན༌པིན༌, ཨིན༌ནའང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཁོ༌ དེན༌བའ༌ ཉིད༌ལ༌ སོང༌ཏེ༌ ཨིན༌ཀྱག༌ སམ༌།
14 ཡེ༌ཤུའི༌ ཁོང༌གུན༌ལ༌ སལ༌པོ༌ ཤད༌ད༌ ཛདས༌, "ལ༌ཟར༌རས༌ ཤི༌ཏེ༌ ཨིན༌ནོག༌, 15 ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ ཁོ༌ ཤི༌ ཟ༌ནེ༌ ང༌ ཁོ༌ ཉམ༌པོ༌ ཏེ༌རུ༌ མེད༌པ༌ མ༌ ཐད༌པོ༌ རག༌ ཅིའ༌ཟེར༌ན༌ ཏེ༌ནེ༌ ཁྱོ༌ཞའེ༌ དེན༌བ༌ ཏད༌པ༌ ཅོ༌ཨིན༌། ཏ༌ ང༌དང༌གུན༌ ཁོ༌ ཡོད༌ས༌ ཆེན༌།"
16 ཐོ༌མཱས༌སི༌ ༼ཀ༌བོའ༌ ཚག༌ཕྲུག༌གའང༌ ཟེར༌རད༌པིན༌༽ ཞན༌མ༌ ལོབ༌ཕྲུགས༌གུན༌ལ༌ ཟེརས༌, "ཡོང༌ཤིག༌, ང༌དང༌གུན༌ ཤི༌གོས༌ནའང༌ ལོབ༌པོན༌ ཉམ༌པོ༌ ཆེན༌།"
ཐའ༌མེད༌པའེ༌ མི༌ཚེ༌ ཡེ༌ཤུ༌ནེ༌ ཐོབ༌ཨིན༌།
11:17 ནེ༌ 37
17 གཙོ༌བོ༌ ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ བེད༌ཐཱ༌ནི༌ གྲོང༌ཁྱེར༌རི༌ ཉེ༌མོའ༌ ལེབ༌བ༌ཅིག༌, ལ༌ཟར༌རས༌སི༌ སྤུར༌ སྤུར༌ཁང༌ངི༌ ནང༌ང༌ བོར༌ཏེ༌ ཞག༌ ཞི༌ *11:17 ཡ༌ཧུ༌དཱ༌པ༌ ཁ༌ཅིག༌གི༌ མི༌ཞིག༌ ཤི༌ཏེ༌ སྟིང༌ནེ༌ ཁོའེ༌ སེམས༌ཉིད༌པོ༌ ཟུགས༌པོའེ༌ ཉེ༌ཁོར༌ལ༌ ཞག༌མ༌ སུམ༌ ཚོག༌པ༌ལ༌ ནས༌ཤེས༌ དང༌ ཏེ༌བོའེ༌ སྟིང༌ནེ༌ མི༌བོ༌ ལོགས༌ཏེ༌ ཡོང༌ཅེས༌སི༌ སྐབས༌ མ༌ནེ༌ མེད༌ཅེས༌པོ༌ སམ༌མད༌པིན༌། ཡེ༌ཤུ༌ ལ༌ཟར༌རས༌ ཡོད༌ས༌ གོར༌ཏེ༌ སྐྱོད༌ཅེས༌སི༌ ཏོན༌ཏག༌ ཅིག༌ཅིག༌ ནི༌, འི༌ མི༌ཚེའེ༌ ནང༌ང༌ སོན༌ཏེའ༌ ལང༌ང༌ ཛད༌ཅེས༌པོ༌ ཐེ༌ཚོམས༌ མེད༌པ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ཞིག༌ ཨིན༌ཁན༌བོ༌ ལྟན༌ཅེས༌སི༌ དོད༌པ༌ ཨིན༌པིན༌། སོང༌ཁན༌བོ༌ ཡེ༌ཤུའ༌ གྱུས༌ སྐྱོད༌། 18 བེད༌ཐཱ༌ནི༌ གྲོང༌ཁྱེར༌, ཡེ༌རུ༌ཤ༌ལེམ༌ནེ༌ ཀི༌ལོ༌མི༌ཀྲར༌ སུམ༌མི༌ ཐག༌རིང༌ང༌ ཡོད༌ཏེ༌ ཨིན༌ནོག༌། 19 ཡང༌ ཡ༌ཧུ༌དཱ༌པ༌ མང༌པོ༌ཞིག༌ མར༌ཐཱ༌ དང༌ མིར༌ཡམ༌མི༌ མིང༌བོ༌ ཤི༌ཅེས༌པོའེ༌ ཁོང༌ང༌ སེམས༌སོ༌ ཏང༌ཅེས༌ལ༌ ཡོངས༌ཏེ༌ ཡོད༌པིན༌། 20 མར༌ཐཱའེ༌ ཡེ༌ཤུ༌ སྐྱོད༌དུག༌ ཟེར༌ཏེ༌ ཚོར༌ར༌ཅིག༌, ཡེ༌ཤུ༌ ཇལ༌ལ༌ལ༌ ཕི༌ལོག༌ག༌ སོང༌, ཨིན༌ནའང༌ མིར༌ཡམ༌ ཁང༌པའེ༌ ནང༌ང༌ དུགས༌།
21 མར༌ཐཱའེ༌ ཡེ༌ཤུའ༌ ཟེརས༌, "གཙོ༌བོ༌ལེ༌, གལ༌ཏེས༌ ཉེ༌རང༌ འི༌ཀ༌ ཡོད༌པིན༌ན༌ ངའེ༌ ནོ༌ མ༌ཤིའ༌ ཡོད༌གྲོ༌། 22 ཨིན༌ནའང༌ ང༌ གྱུས༌ཡོད༌, ཉེ༌རང༌ངི༌ ཅི༌ཞིག༌ དཀོན༌མཆོག༌ག༌ ཞུ༌ནའང༌ ཁོང༌ངི༌ སལ༌ལ༌ ཛད༌ད༌ནོག༌།"
23 ཡེ༌ཤུའི༌ ཁོའ༌ མོལས༌, "ཁྱོ༌རང༌ངི༌ ནོ༌ ཡང༌སྐྱར༌ སོན༌ཏེའ༌ ལང༌ཨིན༌།"
24 མར༌ཐཱའེ༌ ལན༌ཏངས༌, "ང༌ གྱུས༌ཡོད༌ལེ༌, ཐའ༌མའེ༌ ཞག༌ག༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ངི༌ ཏུས༌ལ༌, ཁོའང༌ སོན༌ཏེའ༌ ལང༌ཨིན༌།"
25 ཡེ༌ཤུའི༌ ཁོའ༌ མོལས༌, "ང༌ ནི༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ཁན༌ དང༌ ཐའ༌མེད༌པའེ༌ མི༌ཚེ༌ ཏང༌ཁན༌བོ༌ ཨིན༌། ངའེ༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ ཤི༌ཏེའང༌ སོན༌ཏེའ༌ ལུས༌ཨིན༌, 26 ཡང༌ ངའེ༌ཀ༌ ཏད༌པ༌ ཅོས༌ཏེ༌ སོན༌ཏེའ༌ ཡོད༌ཁན༌གུན༌ མ༌ནེ༌ མི༌ཤི༌། ཁྱོ༌རང༌ངི༌ ཏེ༌བོའ༌ ཨིད༌ཤེས༌ ཅོའད༌ད༌?"
27 མར༌ཐཱའེ༌ ཟེརས༌, "འོ༌ན༌ གཙོ༌བོ༌ལེ༌, ངའེ༌ ཏད༌པ༌ ཅོའད༌, ཉེ༌རང༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌, དཀོན༌མཆོག༌གི༌ སྲས༌ འི༌ ཇིག༌རྟེན༌ལ༌ སྐྱོད༌ཁན༌བོ༌ ཨིན༌ནོག༌།"
28 ཏེ༌བོ༌ ཟེར༌ཏེ༌ སྟིང༌ནེ༌ ཁོ༌ ལོགས༌ཏེ༌ སོང༌, ཡང༌ མིར༌ཡམ༌ སོ༌སོའ༌ བོད༌ཏེ༌ ཟེརས༌, "ལོབ༌པོན༌ འི༌རུ༌ སྐྱོད༌ཏེ༌ ཁྱོ༌རང༌ང༌ བོད༌ད༌ ཛད༌དུག༌།" 29 ཏེ༌བོ༌ ཚོར༌ར༌ཅིག༌, མིར༌ཡམ༌ ཀོའག༌ ལངས༌ ཡང༌ གྱུགས༌ཏེ༌ ཡེ༌ཤུ༌ ཡོད༌ས༌ སོང༌། 30 ཡེ༌ཤུ༌ ཏ༌རུང༌ གྲོང༌སེབ༌བི༌ ནང༌ང༌ མ༌ལེབ༌བ༌ ཏེན༌ན༌ ནས༌ས༌བོའེ༌ཀ༌ ཞུགས༌ཏེ༌ ཡོད༌པིན༌, ཀ༌རུ༌ མར༌ཐཱ༌ ཁོང༌ང༌ ཐུག༌ག༌ལ༌ ཡོངས༌། 31 ཁང༌པའེ༌ ནང༌ང༌ མིར༌ཡམ༌མ༌ སེམས༌སོ༌ ཏང༌ང༌ དུགས༌ཏེ༌ ཡོད༌ཁན༌གུན༌ནི༌ མིར༌ཡམ༌ ཀོའག༌ ལངས༌ཏེ༌ ཕི༌ལོག༌ག༌ ཆའ༌ ཐོང༌པ༌, ཁོང༌གུན༌ནའང༌ ལངས༌ཏེ༌ ཁོའེ༌ སྟིང༌རང༌ནེ༌ སོང༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ མིར༌ཡམ༌ སྤུར༌ཁང༌ང༌ ངུའ༌ལ༌ སོང༌ཏེ༌ ཨིན༌ནོག༌ སམ༌།
32 མིར༌ཡམ༌ ཡེ༌ཤུ༌ ཞུགས༌ཏེ༌ ཡོད༌ས༌ ལེབ༌བ༌ཅིག༌, ཡེ༌ཤུ༌ ཐོང༌ཏེ༌ ཁོང༌ངི༌ ཞབས༌སི༌ དུན༌ལ༌ གྱེལ༌ཏེ༌ ཟེརས༌, "གཙོ༌བོ༌ལེ༌, གལ༌ཏེས༌ ཉེ༌རང༌ འི༌རུ༌ ཞུགས༌ཏེ༌ ཡོད༌པིན༌ན༌ ངའེ༌ ནོ༌ མ༌ཤིའ༌ ཡོད༌གྲོ༌།"
33 ཡེ༌ཤུའི༌ མིར༌ཡམ༌ དང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ ངུའ༌ ཟིགས༌ཏེ༌ སྙིང༌ངི༌ ཐིལ༌ནེ༌ ཐུགས༌སྐྱོ༌མོ༌ སྐྱོདས༌ 34 ཡང༌ ཁོང༌གུན༌ལ༌ མོལས༌, "ལ༌ཟར༌རས༌ ཀ༌རུ༌ བོར༌ཏེ༌ ཡོད༌?"
ཁོང༌གུན༌ནི༌ ཟེརས༌, "གཙོ༌བོ༌ལེ༌, སྐྱོད༌ཏེ༌ ཟིགས༌སའང༌།"
35 ཡེ༌ཤུ༌ ཤུམ༌ས༌ ཛདས༌།
36 ཏེ༌ནེ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཟེརས༌, "ལྟོས༌སའང༌, ཁོང༌ངི༌ ལ༌ཟར༌རས༌ལ༌ ཙམ༌ཤིག༌ ཅེས༌པ༌ ཅོའ༌ ཛད༌དུག༌།"
37 ཨིན༌ནའང༌ ཏེ༌ ཕྲོ༌ནེ༌ ཁ༌ཅིག༌གི༌ ཟེརས༌, "ཁོང༌ངི༌ ཞ༌རའ༌ ཐོང༌ཅུག༌དུག༌, ཅི༌ ལ༌ཟར༌རས༌ ཤི༌ཅེས༌ནེ༌ སྐྱོབ༌ མི༌ཉན༌ན༌?"
ཡེ༌ཤུའི༌ ལ༌ཟར༌རས༌ སོན༌ཏེའ༌ ལང༌ང༌ ཛདས༌།
11:38 ནེ༌ 44
38 གཙོ༌བོ༌ ཡེ༌ཤུ༌ སྙིང༌ངི༌ ཐིལ༌ནེ༌ ཐུགས༌སྐྱོ༌མོ༌ སྐྱོད༌ཏེ༌ སྤུར༌ཁང༌ང༌ སྐྱོདས༌, ཏེ༌བོ༌ ཁར༌རྡོ༌ ཀབས༌ཁན༌ནི༌ གྲག༌ཕུག༌ཤིག༌ ཡོད༌པིན༌། 39 ཡེ༌ཤུའི༌ མོལས༌, "ཁར༌རྡོ༌བོ༌ ཐའ༌མའ༌ རིལ༌།"
ཤི༌ཁན༌བོའེ༌ སྲིང༌མོ༌ མར༌ཐཱའེ༌ ཡེ༌ཤུའ༌ ཟེརས༌, "གཙོ༌བོ༌ལེ༌, ཁོའེ༌ སྤུར༌བོ༌ ཏེ༌ནང༌ང༌ བོར༌ཏེ༌ ཞག༌མ༌ ཞི༌ སོང༌, ཏྲི༌མ༌ རྩོག༌པོ༌ ཡོངས༌ཏེ༌ ཡོད༌གྲོ༌།"
40 ཡེ༌ཤུའི༌ མོལས༌, "ངའེ༌ ཟེར༌ར༌ མེ༌རག༌ག༌ གལ༌ཏེས༌ ཏད༌པ༌ ཅོ༌ན༌ དཀོན༌མཆོག༌གི༌ སྤལ༌ ཁྱོ༌རང༌ང༌ ཐོང༌ཨིན༌།"
41 ཏེ༌ནེ༌ ཁོང༌གུན༌ནི༌ ཁར༌རྡོ༌བོ༌ ཐའ༌མ༌ རིལས༌ ཡང༌ ཡེ༌ཤུའི༌ ནམ༌ཁའ༌ ཟིགས༌ཏེ༌ མོལས༌, "ཀྱེ༌ ངའེ༌ ཡབ༌, ངའ༌ སན༌ན༌ ཛདས༌པའ༌ ངའེ༌ ཉེ༌རང༌ང༌ ཐུག༌རྗེ༌ཆེ༌ ཞུའད༌། 42 ཉེ༌རང༌ངི༌ ཏུས༌གྱུན༌ ངའ༌ སན༌ན༌ ཛད༌ཅེས༌པོ༌ ང༌ གྱུས༌ཡོད༌, ཨིན༌ནའང༌ ངའ༌ ཁོར༌ཏེ༌ ཡོད༌ཁན༌གུན༌ནི༌ ཉེ༌རང༌ངི༌ ངའ༌ ཀལ༌ལ༌ ཛད༌ཁན༌བོ༌ ཏད༌པ༌ ཅོས༌ཏེ༌ ཕན༌ཐོགས༌ ཐོབ༌ཅེས༌ལ༌, ངའེ༌ འིན༌ན༌བོ༌ ཟེར༌རད༌།"
43 ཏེ༌བོ༌ མོལ༌ཏེ༌ སྟིང༌ནེ༌ ཡེ༌ཤུའི༌ ཤེད༌ནང༌ མོལས༌, "ལ༌ཟར༌རས༌ ཕི༌ལོག༌ག༌ བིང༌ཏེ༌ ཡོང༌།" 44 ཡང༌ ཤི༌ཁན༌ནི༌ མི༌བོ༌ བིང༌ཏེ༌ ཡོངས༌, ཁོའེ༌ རྐང༌ལག༌ ཚང༌མ༌ རོ༌རས༌ ཉམ༌པོ༌ སྲིལ༌ཏེ༌ ཡང༌ གོའ༌ རས༌ཤིག༌ སྐོན༌ཏེ༌ ཡོད༌པིན༌།
ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "སྲིལ༌ཁན༌བོ༌ ཀྲོལ༌ཏེ༌ ཁོ༌ ཆ༌ཅུག༌།"
ཡེ༌ཤུ༌ སད༌ཅེས༌སི༌ གྲབས༌ ཅོས༌།
11:45 ནེ༌ 57
45 མིར༌ཡམ༌མ༌ ཐུག༌ག༌ ཡོངས༌ཏེ༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ མང༌པོའེ༌ གཙོ༌བོ༌ ཡེ༌ཤུའི༌ ཛད༌ཁན༌བོ༌ ཐོང༌ཏེ༌ ཁོང༌ངི༌ཀ༌ ཏད༌པ༌ ཅོས༌། 46 ཨིན༌ནའང༌ ཁ༌ཅིག༌ ཕ༌རུ༌ཤི༌པ༌གུན༌ནི༌ཀ༌ སོང༌ཏེ༌ ཡེ༌ཤུའི༌ ཛད༌ཁན༌བོ༌ ཁོང༌གུན༌ལ༌ ཤདས༌།
47 ཏེ༌ནེ༌ བླ༌མ༌ འུ༌སྐྱོང༌གུན༌ དང༌ ཕ༌རུ༌ཤི༌པ༌གུན༌ནི༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཐུས༌མི༌གུན༌ ཛོམ༌ཅེས༌ལ༌ བོད༌ཏེ༌ གྲབས༌ ཅོས༌, "ང༌དང༌གུན༌ནི༌ ཅི༌ ཅོ༌ཨིན༌? འི༌ མི༌བོའེ༌ ཧ༌ལས༌ཤེས༌སི༌ ལྟས༌ མང༌པོ༌ ལྟན༌དུག༌། 48 གལ༌ཏེས༌ ང༌དང༌གུན༌ནི༌ ཁོ༌ འིན༌ན༌ ཟུག༌ག༌ ཕུད༌ཏང༌ན༌ ཚང༌མའེ༌ ཁོའེ༌ཀ༌ ཏད༌པ༌ ཅོ༌ཨིན༌། ཏེ༌ནེ༌ རོམ༌པ༌ མག༌མི༌གུན༌ ཡོངས༌ཏེ༌ ང༌དང༌ངི༌ ཆོད༌ཁང༌ དང༌ ང༌དང༌ངི༌ གྱལ༌ཁམས༌པོ༌ མེད༌ཁན༌ ཅོའ༌ནོག༌།"
49 ཁོང༌གུན༌ནི༌ ཕྲོ༌ནེ༌ ཏེན༌ན༌ ལོའེ༌ བླ༌མ༌ ཆེན༌མོ༌ ཨིན༌ཁན༌ ཀ༌ཡ༌ཕཱས༌སི༌ ཟེརས༌, "ཁྱོ༌ཞ༌གུན༌ལ༌ ཅའང༌ ཤེས༌ས༌ མི༌དུག༌། 50 ཁྱོ༌ཞ༌གུན༌ལ༌ ཧ༌གོ༌གོས༌ ཁྱོ༌ཞའེ༌ ཕིའ༌ ང༌དང༌ངི༌ གྱལ༌ཁམས༌པོ༌ སྟོར༌རི༌ སང༌ ཏེ༌ ཏོན༌ལ༌ མི༌ ཅིག༌ ཤི༌ན༌ མི༌གྱལ༌ལ༌?"
51 ཏེ༌ སྤེ༌ར༌གུན༌ ཁོའེ༌ རང༌ངི༌ ཆོགས༌ནེ༌ མ༌ཟེར༌ར༌ ཏེ༌ ལོའེ༌ བླ༌མ༌ ཆེན༌མོ༌ ཨིན༌ཅེས༌པོའེ༌, ཁོའེ༌ ཡ༌ཧུ༌དཱ༌པའེ༌ གྱལ༌ཁམས༌སི༌ ཏོན༌ལ༌ ཡེ༌ཤུ༌ ཤི༌ཅེས༌སི༌ ལུང༌སྟན༌ ཤད༌ཏེ༌ ཨིན༌པིན༌། 52 ཡང༌ ཡ༌ཧུ༌དཱ༌པའེ༌ གྱལ༌ཁམས༌ ཅིག༌པོ༌ མ༌ཚད༌, ཁྲེས༌སྟོར༌ སོང༌ཁན༌ནི༌ དཀོན༌མཆོག༌གི༌ མི༌གུན༌ ཀུགས༌ཏེ༌ ཏེ༌བོ༌ ཉམ༌པོ༌ ཅིག༌ གྱུར༌ཅུག༌ཅེས༌སི༌ ཕིའང༌ ཨིན༌པིན༌། 53 ཏེན༌ན༌ ཞག༌ནེ༌ ཕར༌ལ༌ ཁོང༌གུན༌ནི༌ ཡེ༌ཤུ༌ སད༌ཅེས༌སི༌ ཐབས༌ལྡིངས༌།
54 ཏེ༌བོའེ༌ཕིའ༌ ཏེ༌ནེ༌ཕར༌ལ༌ ཡེ༌ཤུ༌ སྔོན༌ཅུགས༌ཏེ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཕྲོའ༌ སྐྱོད༌ད༌ མ༌ཛད༌ད༌, རི༌སྟོང༌ནེ༌ ཉེ༌མོ༌ ཨེཕ༌ར༌ཡིམ༌ ཟེར༌སའེ༌ གྲོང༌ཁྱེར༌ལ༌ སྐྱོད༌ཏེ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཞུགས༌།
55 ཡ༌ཧུ༌དཱ༌པའེ༌ པེ༌སག༌གི༌ ཏུས༌ཆེན༌ ཉེ༌མོ༌ ལེབ༌བ༌ཅིག༌, ཡུལ༌ ཆོགས༌ ཚང༌མ༌ནེ༌ མི༌ མང༌པོ༌ པེ༌སག༌ ལེབ༌བི༌ སང༌ སྔུན༌ལ༌ རྩང༌རའེ༌ ཚིར༌གུན༌ དྲན༌དྲ༌ ཅོ༌ཅེས༌ལ༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ ཡོངས༌། 56 ཁོང༌གུན༌ནི༌ ཡེ༌ཤུ༌ ཙལ༌ལད༌པིན༌, ཡང༌ ཆོད༌ཁང༌ངི༌ ནང༌ང༌ ཡོད༌ ཟ༌ནེ༌ ཅིག༌ དང༌ ཅིག༌ག༌ ཏྲིས༌, "ཅི༌ སམ༌མ༌རག༌? ཁོ༌ ཏུས༌ཆེན༌ལ༌ འི༌རུ༌ མི༌ཡོང༌ང༌?" 57 ཏེན༌ན༌ ཏུས༌ལ༌ བླ༌མ༌ འུ༌སྐྱོང༌གུན༌ དང༌ ཕ༌རུ༌ཤི༌པ༌གུན༌ནི༌ གལ༌ཏེས༌ སུ༌ཞིག༌ག༌ ཡེ༌ཤུ༌ འི༌རུ༌ ཡོད༌ཁན༌བོ༌ གྱུས༌ཆའ༌ན༌ ལོན༌ ཁྱོང༌གོས༌ ཟེར༌ཏེ༌ བཀའ༌ ཏངས༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཡེ༌ཤུ༌ ཟུམ༌ཅེས༌ ཨིན༌པིན༌།
*11:17 11:17 ཡ༌ཧུ༌དཱ༌པ༌ ཁ༌ཅིག༌གི༌ མི༌ཞིག༌ ཤི༌ཏེ༌ སྟིང༌ནེ༌ ཁོའེ༌ སེམས༌ཉིད༌པོ༌ ཟུགས༌པོའེ༌ ཉེ༌ཁོར༌ལ༌ ཞག༌མ༌ སུམ༌ ཚོག༌པ༌ལ༌ ནས༌ཤེས༌ དང༌ ཏེ༌བོའེ༌ སྟིང༌ནེ༌ མི༌བོ༌ ལོགས༌ཏེ༌ ཡོང༌ཅེས༌སི༌ སྐབས༌ མ༌ནེ༌ མེད༌ཅེས༌པོ༌ སམ༌མད༌པིན༌། ཡེ༌ཤུ༌ ལ༌ཟར༌རས༌ ཡོད༌ས༌ གོར༌ཏེ༌ སྐྱོད༌ཅེས༌སི༌ ཏོན༌ཏག༌ ཅིག༌ཅིག༌ ནི༌, འི༌ མི༌ཚེའེ༌ ནང༌ང༌ སོན༌ཏེའ༌ ལང༌ང༌ ཛད༌ཅེས༌པོ༌ ཐེ༌ཚོམས༌ མེད༌པ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ཞིག༌ ཨིན༌ཁན༌བོ༌ ལྟན༌ཅེས༌སི༌ དོད༌པ༌ ཨིན༌པིན༌།