4
ཤེ༌ཏན༌ནི༌ ཡེ༌ཤུའ༌ ཚོད༌ལྟས༌།
4:1 ནེ༌ 11
1 ཏེ༌ནེ༌ རྡུད༌གུན༌ནི༌ གོ༌བའ༌ ཚོད༌ལྟ༌ ཅུག༌ཅེས༌ལ༌ དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཡེ༌ཤུ༌ རི༌སྟོང༌ངི༌ ནང༌ང༌ ཁྱེར༌ར༌ ཛདས༌། 2 ཚན༌ཉིན༌ ཞིབ༌ཅུ༌ དོན༌ཏང༌ མ༌དོན༌ན༌ རོ༌ཟཱ༌ ཞུགས༌པ༌ ཡེ༌ཤུ༌ རིམས༌ཏེ༌ ཡོད༌པིན༌།
3 ཚོད༌ལྡ༌ཁན༌ནི༌ ཤེ༌ཏན༌ ཁོང༌ངི༌ དུན༌ལ༌ ཡོངས༌ཏེ༌ ཟེརས༌, "གལ༌ཏེས༌ ཉེ༌རང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ན༌ འི༌ རྡོའ༌གུན༌ ཏ༌གི༌ གྱུར༌ཅེས༌ལ༌ བཀའ༌ སལ༌?"
4 གཙོ༌བོ༌ ཡེ༌ཤུའི༌ ལན༌སལས༌, "དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ཛད༌ཏེ༌ དུག༌,
'མི༌ ཏ༌གི༌ ཅིག༌པོའེ༌ སོན༌ཏེའ༌ མི༌ལུས༌
ཨིན༌ནའང༌ དཀོན༌མཆོག༌གི༌ ཞལ༌ནེ༌ བིང༌ང༌ ཛད༌ཁན༌ནི༌
ཞལ༌ཏ༌ རེ༌རེའེ༌ ཁའ༌ ཉན༌ཅེས༌ནེ༌ སོན༌ཏེའ༌ ལུས༌ཨིན༌'།*4:4 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 8:3 "
5 ཏེ༌ནེ༌ ཁོའེ༌ ཡེ༌ཤུ༌ དམ༌པའེ༌ གྱལ༌ས༌ ཡེ༌རུ༌ཤ༌ལེམ༌མ༌ ཁྲིད༌ཏེ༌ ཁྱེརས༌ ཡང༌ ཆོད༌ཁང༌ངི༌ གོ༌ལིང༌ང༌ ཁྱེར༌ཏེ༌ 6 ཁོང༌ང༌ ཟེརས༌, "གལ༌ཏེས༌ ཉེ༌རང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ན༌ འི༌ཀ༌ནེ༌ ཐུར༌ལ༌ ལྕེབ༌བའང༌ ཅིའ༌ཟེར༌ན༌ སུང༌རབས༌སི༌ ནང༌ང༌ བྲིའ༌ཛད༌ཏེ༌ དུག༌
'ཁྱོ༌རང༌ སྐྱོབ༌ཅེས༌ལ༌ དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ལ༌ བཀའ༌ སལ༌ཨིན༌།
ཁྱོ༌རང༌ངི༌ རྐང༌པའང༌ རྡོའེ༌ཀ༌ ཕོག༌ མི༌ཅུག༌ཅེས༌སི༌ ཕིའ༌,
ཕོ༌ཉ༌གུན༌ནི༌ ལག༌པ༌ རྐྱངས༌ཏེ༌ ཁྱོ༌རང༌ ཟུམ༌མ༌ ཛད༌ཨིན༌'།†4:6 སུང༌གུར༌རི༌ སྤེ༌ཆའེ༌ 91:11,12
7 ཡེ༌ཤུའི༌ ཁོའ༌ ལན༌སལས༌, "དམ༌པའེ༌ སུང༌རབས༌སི༌ ནང༌ང༌ འི༌བོའང༌ མོལ༌དུག༌།
'གཙོ༌བོ༌ ཁྱོ༌ཞ༌རང༌ངི༌ དཀོན༌མཆོག༌ག༌ ཚོད༌ མ༌ལྟའ༌'།‡4:7 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 6:16 "
8 ཡང༌སྐྱར༌ རྡུད༌དི༌ གོ༌བའེ༌ ཁོང༌ རི༌ ཐོན༌པོ༌ཞིག༌གི༌ཀ༌ ཁྱེར༌ཏེ༌ ཇིག༌རྟེན༌ནི༌ གྱལ༌སྲིད༌ ཚང༌མ༌ དང༌ ཏེ༌གུན༌ནི༌ སྤལ༌ ལྟན༌ཏེ༌, 9 ཟེརས༌, "གལ༌ཏེས༌ ཁྱོ༌རང༌ངི༌ ང༌ ཆག༌ཕུལ༌ཏེ༌ ཅོལ༌ན༌, ངའེ༌ ཁྱོ༌རང༌ང༌ འི༌ ཚང༌མ༌ ཏང༌ཨིན༌།"
10 ཡེ༌ཤུའི༌ ཁོའ༌ མོལས༌, "ཤེ༌ཏན༌ ཁྱོ༌རང༌ འི༌ཀ༌ནེ༌ སོང༌, ཅིའ༌ཟེར༌ན༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ཛད༌ཏེ༌ དུག༌,
'ཁྱོ༌ཞའེ༌, ཁྱོ༌ཞ༌རང༌ངི༌ གཙོ༌བོ༌ དཀོན༌མཆོག༌ག༌ ཅོལ༌གོས༌།
ཡང༌ ཁོང༌ ཅིག༌པོའ༌ ཞབ༌སྟོག༌ ཞུ༌གོས༌'།§4:10 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 6:13
11 ཏེ༌ནེ༌ རྡུད༌གུན༌ནི༌ གོ༌བ༌ ཁོང༌ནེ༌ བེ༌ཏེ༌ སོང༌ ཡང༌ དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ སྐྱོད༌ཏེ༌ ཁོང༌ང༌ ཞབ༌སྟོག༌ ཞུས༌།
གཙོ༌བོ༌ ཡེ༌ཤུའི༌ གཱ༌ལིལ༌ལིའི༌ ནང༌ང༌ ཞབ༌སྟོག༌ གོ༌ཟུག༌ ཛདས༌།
4:12 ནེ༌ 17
12 ཡོ༌ཧཱ༌ནན༌ ཟུམས༌ཏེ༌ ཙོན༌ཁང༌ང༌ ཀགས༌ཁན༌བོ༌ གཙོ༌བོ༌ ཡེ༌ཤུའི༌ སན༌ན༌ཅིག༌, ཁོང༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌ལ༌ ལོགས༌ཏེ༌ སྐྱོད༌ད༌ ཛདས༌། 13 ན༌ཙ༌རེད༌དི༌ གྲོང༌ཁྱེར༌ལ༌ མ༌ཞུགས༌ས༌, ཚོའེ༌ དུན༌ལ༌ ཡོད༌ཁན༌ ཟེ༌བུ༌ལོན༌ དང༌ ནབ༌ཐལ༌ལིའི༌ ཡུལ༌ཇོངས༌སི༌ ཀ༌ཕར༌ན༌ཧུམ༌ གྲོང༌ཁྱེར༌ལ༌ སྐྱོད༌ཏེ༌ ཞུགས༌ས༌ ཛདས༌། 14 སྔུན༌མའེ༌ ལུང༌སྟོན༌པ༌ ཡེ༌ཤ༌ཡཱ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ མོལ༌ཁན༌བོ༌ དྲན༌དྲ༌ གྲུབ༌ཐུབ༌ཅེས༌སི༌ ཕིའ༌ ཡེ༌ཤུའི༌ ཏེ༌ ཚང༌མ༌ ཅོའ༌ ཛདས༌། ཡེ༌ཤ༌ཡཱའེ༌ བྲིའ༌ ཛད༌ཏེ༌ དུག༌,
15 "ཟེ༌བུ༌ལོན༌ དང༌ ནཕ༌ཐལ༌ལི༌ ཡུལ༌གུན༌,
ཚོའེ༌ ལམ༌མི༌ཀ༌ ཡོར༌དཱན༌ ལྩངས༌པོའེ༌ ཕར༌ཀ༌,
གཱ༌ལིལ༌ལིའི༌ ཡུལ༌ཇོངས༌སི༌ ནང༌ང༌ དུག༌ཁན༌ ཡ༌ཧུ༌དཱ༌པ༌ མན༌ཁན༌,
16 མུན༌པའེ༌ ནང༌ང༌ དུག༌ཁན༌གུན༌ལ༌
འོད༌ ལྡང༌ཤན༌ཞིག༌ ཐོང༌ཨིན༌།
ཤིན༌ ཡུལ༌ མུན༌པའེ༌ ནང༌ང༌ དུག༌ཁན༌གུན༌ལ༌
ཉི༌མ༌ ཤར༌ཏེ༌ འོད༌ ཕོག༌ཨིན༌། *4:16 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 9:1,2 '
17 ཏེན༌ན༌ ཏུས༌ནེ༌ ཕར༌ལ༌ ཡེ༌ཤུའི༌ ཆོས༌ཤད༌ཅེས༌ གོ༌ཟུག༌ ཛདས༌, "ནམ༌ཁའེ༌ གྱལ༌སྲིད༌ ཉེ༌མོ༌ ཨིན༌ནོག༌, གྱོད༌པ༌ ཅོས༌ཏེ༌ དཀོན༌མཆོག༌ ཆོགས༌ལ༌ སེམས༌ གྱུར༌ཤིག༌།"
ཡེ༌ཤུའི༌ གོ༌མའེ༌ ལོབ༌ཕྲུགས༌གུན༌ ལྡམ༌མ༌ ཛདས༌།
4:18 ནེ༌ 22
18 གཙོ༌བོ༌ ཡེ༌ཤུ༌ གཱ༌ལིལ༌ལིའི༌ ཚོའེ༌ ཐའ༌མ༌ནེ༌ ཞབ༌གྲུལ༌ ཛད༌ཨིན༌ ཡོད༌ཏུས༌, ཁོང༌ངི༌ ཨ༌ཅོ༌ནོ༌ ཉིས༌, ཤི༌མོན༌ ཀ༌བོའ༌ པི༌ཏྲར༌རའང༌ ཟེར༌རད༌ ཡང༌ ཁོའེ༌ ནོ༌ ཨེན༌གྲིརུ༌ ཟིགས༌། ཁོང༌གུན༌ནི༌ ཚོའེ༌ ནང༌ང༌ ཉ༌དོལ༌ ཕང༌ངད༌པིན༌ ཅིའ༌ཟེར༌ན༌ ཁོང༌གུན༌ ཉ༌ ཟུམ༌ཁན༌ ཨིན༌པིན༌། 19 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངའེ༌ གྱབ༌ནེ༌ ཡོངས༌ཏེ༌ ངའེ༌ ལོབ༌ཕྲུགས༌ གྱུར༌, ཏ༌ནེ༌ཕར༌ལ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཉའེ༌ ཚབས༌ལ༌ མི༌གུན༌ ཟུམ༌ཅེས༌ ལབ༌ཨིན༌།" 20 ཏེན༌ན༌མལ༌ལ༌ ཉ༌དོལ༌ སྤངས༌ཏེ༌ ཁོང༌གུན༌ ཡེ༌ཤུའི༌ གྱབ༌ནེ༌ བྲངས༌།
21 ཡེ༌ཤུ༌ ཏེ༌ཀ༌ནེ༌ སྐྱོད༌ ཟ༌ནེ༌ ཨ༌ཅོ༌ནོ༌ ཉིས༌, ཟེ༌བེད༌དིའི༌ བུ༌ཚ༌ ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ ཟིགས༌, ཁོང༌གུན༌ནི༌ ཨ༌བ༌ ཉམ༌པོ༌, གྲུ༌ཟིང༌ངི༌ ནང༌ང༌ ཁོ༌རང༌གུན༌ནི༌ ཉ༌དོལ༌ གྲལ༌གྲིག༌ ཅོའད༌པིན༌, ཡེ༌ཤུའི༌ ཁོང༌གུན༌ལ༌ བོད༌ད༌ ཛདས༌། 22 ཏེན༌ན༌མལ༌ལ༌ ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ནི༌ གྲུ༌ཟིང༌ དང༌ ཨ༌བ༌ བོར༌ཏེ༌ གཙོ༌བོ༌ ཡེ༌ཤུའི༌ གྱབ༌ནེ༌ བྲངས༌།
ཡེ༌ཤུའི༌ ནད༌པ༌གུན༌ ཕན༌ཅུག༌ག༌ ཛདས༌།
4:23 ནེ༌ 25
23 གཙོ༌བོ༌ ཡེ༌ཤུ༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌ གང༌པོའེ༌ ནང༌ང༌ སྐྱོདས༌, ཁོང༌ངི༌ དུ༌ཁང༌གུན༌ནི༌ ནང༌ང༌ ལབ༌ཞ༌ སལ༌ཨིན༌, ནམ༌ཁའེ༌ གྱལ༌སྲིད༌དི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤད༌ད༌ ཛདས༌, ཡང༌ ཟུ༌མོ༌ དང༌ ནད༌ ཚང༌མ༌ནེ༌ མི༌གུན༌ ཕན༌ཅུག༌ག༌ ཛདས༌། 24 ཁོང༌ མིང༌ཅན༌ནི༌ ནས༌ཚུལ༌བོ༌ ཐག༌རིང༌ སི༌རི༌ཡཱ༌ ཡུལ༌ཇོངས༌ ཚོག༌པ༌ ཁྱེབས༌ པ༌སང༌ མི༌གུན༌ནི༌ ཟུ༌མོ༌ མིན༌དྲ༌ མིན༌དྲ༌ ཡོངས༌ཁན༌ནི༌ ནད༌པ༌གུན༌ ཁྱོངས༌: སྤེར༌ན༌ ན༌ཚ༌ མ༌སྲན༌ཏྲེ༌, རྡུད༌ ཞུགས༌ཁན༌, མིར༌གི༌ ཡོང༌ཁན༌ དང༌, ཟའ༌ཕོག༌ཁན༌ གུན༌, ཏེ༌ ནད༌པ༌ ཚང༌མ༌ གཙོ༌བོ༌ ཡེ༌ཤུའི༌ གྱལ༌ཅུག༌ག༌ ཛདས༌། 25 གཱ༌ལིལ༌ལི༌, གྱལ༌ས༌ རྕུ༌ ཟེར༌ས༌, ཡེ༌རུ༌ཤ༌ལེམ༌, ཡ༌ཧུ༌དཱ༌ དང༌ ཡོར༌དཱན༌ ལྩངས༌པོའེ༌ ཉེ༌ཁོར༌ནེ༌ མི༌ མང༌པོ༌ གཙོ༌བོ༌ ཡེ༌ཤུའི༌ སྟིང༌རང༌ནེ༌ ཡོངས༌།