6
ཅིན༌བ༌ ཏང༌ཅེས༌།
6:1 ནེ༌ 4
1 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "མི༌གུན༌ལ༌ ལྟན༌ཅེས༌སི༌ ཕིའ༌ ལས༌ ཟང༌པོ༌ མ༌ཅོ༌། ཏེ༌ཟུག༌ ཅོ༌ན༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ ཁྱོ༌ཞའེ༌ ཡབ༌ནེ༌ སོལ༌རས༌ ཅའང༌ མི༌ཐོབ༌། 2 སྒོས༌དོམ༌ ཡོད༌ཁན༌གུན༌ལ༌ ཅིན༌བ༌ ཏང༌ ཟ༌ནེ༌ དུ༌ཁང༌ དང༌ ལམ༌ གུན༌ལ༌ ཏུང༌ མ༌ཕུ༌ཤིག༌, ཀ༌ཟུག༌ མི༌གུན༌ནི༌ སྟོད༌པ༌ ཐོབ༌ཅེས༌ལ༌ ཁ༌ཆོས༌པ༌གུན༌ནི༌ ཅོའད༌། ངའེ༌ དེན༌བ༌ ཟེར༌རད༌, ཁོང༌གུན༌ལ༌ སོལ༌རས༌ གང༌པོ༌ ཐོབ༌ཏེ༌ ཨིན༌། 3 ཨིན༌ནའང༌ ཅིན༌བ༌ ཏང༌ ཟ༌ནེ༌ རང༌ངི༌ ལག༌པ༌ ཡོ༌མའ༌ ལག༌པ༌ ཡས༌པའེ༌ ཅི༌ ཅོའད༌ གྱུས༌ ཆ༌ མ༌ཅུག༌ཤིག༌། 4 ཅིན༌བ༌ སངས༌ཏེ༌ ཏང༌ན༌, ཏེ༌ནེ༌ ཁྱོ༌ཞའེ༌ ནམ༌ཁའེ༌ ཡབ༌བི༌ སང༌ཝའེ༌ ནང༌ང༌ ཁྱོ༌ཞའེ༌ ལས༌ ཅོ༌ཁན༌བོ༌ ཟིགས༌ཏེ༌ སོལ༌རས༌ སལ༌ཨིན༌།"
མོས༌ལམ༌མི༌ སྐོར༌།
6:5 ནེ༌ 15
5 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "མོས༌ལམ༌ ཞུ༌ ཟ༌ནེ༌, ཁ༌ཆོས༌པ༌གུན༌ ཙོགས༌ ཡོང༌ མ༌གོས༌ ཅིའ༌ཟེར༌ན༌ ཁོང༌གུན༌ དུ༌ཁང༌ དང༌ སྲང༌ངི༌ ཀྲུའི༌ཀ༌ ལངས༌ཏེ༌ མིའ༌ ཐོང༌ཅུགས༌ཏེ༌ མོས༌ལམ༌ ཏབ༌བ༌ལ༌ ཐད༌ད༌ནོག༌། ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌ ཏེ༌ ཁ༌ཆོས༌པ༌གུན༌ལ༌ སོལ༌རས༌ གང༌པོ༌ ཐོབ༌ཏེ༌ ཨིན༌། 6 མོས༌ལམ༌ ཏབ༌ ཟ༌ནེ༌, རང༌ངི༌ ནང༌ང༌ སོང༌ཏེ༌ སྒོ༌ ཅུགས༌ཏེ༌ སང༌ཝའེ༌ ཐོག༌ནེ༌ རང༌ངི༌ ནམ༌ཁའེ༌ ཡབ༌བ༌ མོས༌ལམ༌ ཞུ༌ཤིག༌། ཏེ༌ནེ༌ ཁྱོ༌ཞའེ༌ སང༌ཝའེ༌ ནང༌ང༌ ཅོ༌ཁན༌ནི༌ ལས༌གུན༌ ཟིགས༌ཏེ༌ ཁྱོ༌ཞའེ༌ ནམ༌ཁའེ༌ ཡབ༌བི༌ ཁྱོ༌ཞའ༌ སོལ༌རས༌ སལ༌ཨིན༌།"
7 "ཁྱོ༌ཞའེ༌ མོས༌ལམ༌ ཞུ༌ ཟ༌ནེ༌, ཏོན༌མེད༌དི༌ ཚིགས༌གུན༌ ཟེར༌ཨིན༌ ཞན༌ ཆོས༌ལུག༌གི༌ མི༌གུན༌ ཙོགས༌ མ༌ཅོ༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ སམ༌མ༌ནོག༌ མོས༌ལམ༌ རིང༌མོ༌ ཞུ༌ཅེས༌པོའེ༌ དཀོན༌མཆོག༌གི༌ ཁོང༌གུན༌ནི༌ མོས༌ལམ༌བོ༌ སན༌ཨིན༌། 8 ཁོང༌གུན༌ ཙོགས༌ མ༌ཅོ༌, ཅིའ༌ཟེར༌ན༌ ཞུའི༌ སང༌ སྔུན༌ལ༌ ཁྱོ༌ཞའེ༌ སྒོས༌དོམ༌གུན༌ ནམ༌ཁའེ༌ ཡབ༌བི༌ ཁྱེན༌ན༌ ཛད༌ད༌ནོག༌། 9 ཁྱོ༌ཞའེ༌ མོས༌ལམ༌ འི༌ཙོགས༌ལ༌ ཞུས༌,
'ནམ༌ཁའ༌ ཞུགས༌ཁན༌ནི༌ ང༌ཞའེ༌ ཡབ༌,
ཉེ༌རང༌ང༌ མི༌ ཐམས༌ཅད༌ནེ༌ རྩི༌ཝ༌ ཐོབ༌ཤིག༌།
10 ཉེ༌རང༌ངི༌ གྱལ༌སྲིད༌ གྱོགས༌པ༌ ལེབ༌ཤིག༌།
ཉེ༌རང༌ངི༌ ཐུག༌གོངས༌ ནམ༌ཁའེ༌ ནང༌ང༌ གྲུབ༌བ༌ ཙོགས༌ལ༌,
འི༌ ཇིག༌རྟེན༌ནི༌ཀའང༌ གྲུབ༌ཤིག༌།
11 དི༌རིང༌ ང༌ཞའ༌ སྒོས༌དོམ༌མི༌ ཁར༌ཇི༌ སལ༌ལ༌ ཛད༌།
12 ང༌ཞའེ༌ སྡིག༌པ༌ ཅོ༌ཁན༌གུན༌ལ༌ ཤགས༌པ༌ སལ༌ལ༌ ཛད༌,
ཀ༌ཟུག༌གི༌ ང༌ཞའེ༌ གྱབ༌གལ༌ལ༌ སྡིག༌པ༌ ཅོ༌ཁན༌གུན༌ལ༌
ང༌ཞེའང༌ ཤགས༌པ༌ ཏངས༌པིན༌།
13 ཚོད༌ལྟའེ༌ ཏུས༌ལ༌ སྡིག༌པ༌ ཅོ༌ཅེས༌ནེ༌ ང༌ཞའ༌ སྐྱོབ༌བ༌ཛད༌,
ཡང༌ ངན༌པ༌ ཤེ༌ཏན༌ནེ༌ ང༌ཞའ༌ ཐར༌ ཅུག༌ག༌ ཛད༌།"*6:13 སྔུན༌མའེ༌ ལོ༌ཁྱེལ༌ མེད༌ཁན༌ནི༌ སྤེ༌ཆ༌ ཁ༌ཅིག༌གི༌ ནང༌ང༌ "ཅིའ༌ཞུ༌ན༌ གྱལ༌སྲིད༌ དང༌ ཝང༌ དང༌ ཟིར༌རྗིད༌ ནི༌ ཏུས༌གྱུན༌ ཉེ༌རང༌ངི༌ ཨིན༌, ཨ༌མེན༌" པོའང༌ བྲིས༌ཏེ༌ དུག༌།
14 ཡེ༌ཤུའི༌ མོལས༌, "གལ༌ཏེས༌ ཁྱོ༌ཞའེ༌ གྱབ༌གལ༌ལ༌ སྡིག༌པ༌ ཅོ༌ཁན༌གུན༌ལ༌ ཤགས༌པ༌ ཏང༌ན༌, ཁྱོ༌ཞ༌གུན༌ནི༌ ནམ༌ཁའེ༌ ཡབ༌བིའང༌ ཁྱོ༌ཞ༌གུན༌ལ༌ ཤགས༌པ༌ སལ༌ལ༌ ཛད༌ཨིན༌། 15 ཨིན༌ནའང༌ གལ༌ཏེས༌ ཁྱོ༌ཞའེ༌ གྱབ༌གལ༌ལ༌ སྡིག༌པ༌ ཅོ༌ཁན༌གུན༌ལ༌ ཤགས༌པ༌ མ༌ཏང༌ན༌, ཁྱོ༌ཞ༌གུན༌ནི༌ ནམ༌ཁའེ༌ ཡབ༌བི༌ ཁྱོ༌ཞའེ༌ སྡིག༌པ༌གུན༌ལ༌ ཤགས༌པ༌ སལ༌ལ༌ མི༌ཛད༌།"
རོ༌ཟཱ༌ དུགས༌ཅེས༌སི༌ སྐོར༌།
6:16 ནེ༌ 18
16 "ཁྱོ༌ཞ༌གུན༌ ཉེ༌ནས༌ལ༌ དུག༌ ཟ༌ནེ༌, རྡུག༌པོ༌ མ༌ཅོ༌, ཀ༌ཟུག༌ ཁ༌ཆོས༌པ༌གུན༌ནི༌ ཁོ༌རང༌གུན༌ནི༌ ལྡོང༌བོ༌ སྡིག༌པ༌ཞིག༌ ཅོས༌ཏེ༌ ཉེ༌ནས༌ལ༌ དུག༌ཁན༌བོ༌ མི༌གུན༌ལ༌ སྔོན༌ ཅུག༌ག༌ནོག༌། ངའེ༌ ཁྱོ༌ཞ༌གུན༌ལ༌ དེན༌བ༌ ཟེར༌རད༌, ཏེ༌ ཁ༌ཆོས༌པ༌གུན༌ལ༌ སོལ༌རས༌ གང༌པོ༌ ཐོབ༌ཚར༌ཏེ༌ ཨིན༌། 17 ཨིན༌ནའང༌ ཁྱོ༌ཞ༌གུན༌ ཉེ༌ནས༌ལ༌ དུག༌ ཟ༌ནེ༌ སྲ༌ མར༌ སྐུས༌ཏེ༌ ལྡོང༌ ཁྲུས༌ཏེ༌ དུག༌ཤིག༌། 18 ཁྱོ༌ཞའ༌ ཉེ༌ནས༌ལ༌ དུག༌ཁན༌བོ༌ སུའིང༌ མ༌ཇལ༌ཁན༌ནི༌ ཁྱོ༌ཞའེ༌ ཡབ༌ མ༌སྟོགས༌ ཡང༌སུ༌ཞིག༌གའང༌ མི༌ཤེ༌ཤེས༌ལ༌ ཏེ༌ ཙོགས༌ ཅོ༌ཤིག༌། ཡབ༌ དཀོན༌མཆོག༌གི༌ ཁྱོ༌ཞའེ༌ སང༌ཝའེ༌ ནང༌ང༌ ཅོ༌ཁན༌བོ༌ ཟིགས༌ཏེ༌ སོལ༌རས༌ སལ༌ལ༌ ཛད༌ཨིན༌།"
ནམ༌ཁའེ༌ ནང༌ང༌ ནོར༌།
6:19 ནེ༌ 21
19 "ཁྱོ༌ཞ༌རང༌ངི༌ ཕིའ༌ ཇིག༌རྟེན༌ནི༌ཀ༌ ནོར༌གུན༌ མ༌སག༌ཤིག༌། ཏེ༌གུན༌ མུག༌པའེ༌ ཟའ༌ཅེས༌ དང༌ ཡའ༌ ཡོང༌ཅེས༌ མ༌ཚད༌ རྐུན༌མ༌ ཡོངས༌ཏེ༌ རྐུ༌ཨིན༌། 20 ཨིན༌ནའང༌ ཁྱོ༌ཞ༌རང༌ངི༌ ཕིའ༌ ནམ༌ཁའེ༌ ནང༌ང༌ ནོར༌ སོག༌ཤིག༌, ཏེ༌རུ༌ མུག༌པའེ༌ མི༌ཟའ༌ ཡང༌ ཡའ༌ མི༌ཡོང༌ མ༌ཚད༌ རྐུན༌མིའང༌ མི༌རྐུ༌། 21 ཁྱོ༌ཞའེ༌ ནོར༌ ཡོད༌ས༌ ཁྱོ༌ཞའེ༌ སྙིང༌ངའང༌ ཆགས༌ཨིན༌།"
ཟུགས༌སི༌ འོད༌།
6:22 ནེ༌ 23
22 "མིག༌ ནི༌ ཟུགས༌སི༌ འོད༌པོ༌ ཨིན༌། མིག༌པོ༌ ཁམ༌ཟང༌ ཡོད༌ན༌ ཁྱོ༌ཞའེ༌ ལུས༌ གང༌པོ༌ འོད༌དི༌ གང༌ཨིན༌། 23 ཨིན༌ནའང༌ གལ༌ཏེས༌ མིག༌པོ༌ ཁམ༌ཟང༌ མེད༌ན༌, ཁྱོ༌ཞའེ༌ ལུས༌ གང༌པོ༌ མུན༌གྲིག༌གི༌ གང༌ཨིན༌། གལ༌ཏེས༌ ཁྱོ༌ཞའེ༌ ཁྱོ༌ཞ༌རང༌ངི༌ སེམས༌སི༌ ནང༌ང༌ དཀོན༌མཆོག༌གི༌ འོད༌ ཡོད༌ སམ༌ཁན༌བོ༌ ངོས༌པོའ༌ མུན༌གྲིག༌ ཨིན༌ན༌ ཏེ༌ནེ༌ ཏེ༌ མུན༌གྲིག༌པོ༌ ཙམ༌ཤིག༌ ཇིགས༌ནང༌ཅན༌ མི༌ཡོང༌།
དཀོན༌མཆོག༌ དང༌ གྱུ༌ནོར༌།
6:24
24 "སུ༌ཞིག༌གིའང༌ སྤོན༌བོ༌ ཉིས༌སི༌ ཞབ༌སྟོག༌ ཞུ༌ མི༌ཉན༌, ཅིག༌པོའ༌ ནཕ༌རད༌ ཡང༌ ཅིག༌པོའ༌ ཅེས༌པ༌ ཅོའ༌ནོག༌, ཡ༌ ཅིག༌པོའ༌ སྙིང༌ནེ༌ ཞབ༌སྟོག༌ ཞུ༌ཨིན༌ ཡང༌ ཅིག༌པོའ༌ མ༌ཐད༌ད༌ ཞབ༌སྟོག༌ ཞུའ༌ནོག༌། ཏེན༌ན༌ ཙོགས༌ལ༌ དཀོན༌མཆོག༌ དང༌ ནོར༌ ཉིས༌ཀོའ༌ ཞབ༌སྟོག༌ ཞུ༌ མི༌ཉན༌།"
ཚེར༌ མ༌ཚེར༌།
6:25 ནེ༌ 34
25 "ཏེ༌བོའེ༌ཕིའ༌ ངའེ༌ ཁྱོ༌ཞའ༌ ཟེར༌རད༌, ཅི༌ ཟེན༌, ཅི༌ ཐུང༌ཨིན༌ ཡ༌ ཟུགས༌ལ༌ ཅི༌ གོན༌ཨིན༌ སམས༌ཏེ༌ རང༌ངི༌ མི༌ཚེའེ༌ ཕིའ༌ ཚེར༌ མ༌ཚེར༌། ཟན༌ནི༌ སང༌ སྲོག༌པོ༌ ཡང༌ ཀོས༌སི༌ སང༌ ལུས༌པོ༌ ཁག༌ཆེའ༌ མ༌ནོག༌ག༌? 26 ནམ༌མི༌ ཅ༌གུན༌ལ༌ ལྟོས༌སའང༌, ཏེ༌གུན༌ནི༌ ཞིང༌ ཏབ༌བ༌ ཡ༌ ཞིང༌ རྔའ༌ ཡ༌ བང༌ངེ༌ ནང༌ང༌ ཀྲོ༌ སག༌ག༌ མི༌དུག༌, ཨིན༌ནའང༌ ཁྱོ༌ཞའེ༌ ནམ༌ཁའེ༌ ཡབ༌བི༌ ཏེ༌གུན༌ལ༌ ཟན༌ སལ༌ལ༌ ཛད༌དུག༌། ཏེ༌གུན༌ནི༌ སང༌ ཁྱོ༌ཞའ༌ མང༌ང༌ རིན༌ མི༌ཆེའ༌? 27 ཁྱོ༌ཞའ༌ སུ༌ཞིག༌གི༌ ཚེར༌ཁ༌ ཅོས༌ཏེ༌ ཁྱོ༌ཞའེ༌ མི༌ཚེ༌ ནང༌ང༌ ཆུ༌ཚོད༌ ཅིག༌ སྐྱེད༌ ཐུབ༌ཨིན༌ན༌?"
28 "ཀོས༌ལག༌གི༌ ཕིའ༌ ཅིའ༌ ཚེར༌རད༌? སྤང༌ཐང༌ངི༌ མེན༌ཏོག༌གུན༌ ཀ༌ཟུག༌གི༌ ལྡན༌དུག༌ ལྟོས༌ཤིག༌, ཏེ༌གུན༌ནི༌ ལས༌ ཅོའ༌ ཡ༌ བལ༌ ཁལ༌ཏེ༌ ཀོས༌ ཐག༌ག༌ མི༌དུག༌། 29 ཨིན༌ནའང༌ ངའེ༌ ཁྱོ༌ཞའ༌ ཟེར༌རད༌, གྱལ༌པོ༌ སོ༌ལོ༌མོན༌, ཁོ༌རང༌ངི༌ སྤལ༌ལི༌ ནང༌ང༌ མ༌ཀྲག༌པོ༌ ཀོས༌ལག༌ གོན༌ནའང༌ ཏེ༌ མེན༌ཏོག༌གུན༌ ཙོགས༌ ལྡེ༌མོ༌ དང༌ ཛེས༌པོ༌ ཐོང༌ང༌ མེད༌པིན༌། 30 གལ༌ཏེས༌ དཀོན༌མཆོག༌གི༌ དི༌རིང༌ ཡོད༌ཁན༌ ཐོ༌རེ༌ མེའ༌ སྲག༌ག༌ ཕང༌ཅེས༌ཅན༌ནི༌ སྤང༌ཐང༌ངི༌ མེན༌ཏོག༌གུན༌ལ༌ ཏེ༌ཙོགས༌སི༌ ཀོས༌ལག༌ སྐོན༌ ཐུབ༌བད༌ན༌, ཏད༌ཆུང༌ཅན༌གུན༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ ཏེ༌གུན༌ནི༌ སང༌ ཀོས༌ལག༌ ཀྲག༌པོ༌ སྐོན༌ན༌ མི༌ཛད༌ད༌?"
31 "ཏེ༌བོའེ༌ཕིའ༌ 'ང༌དང༌ ཅི༌ ཟེན༌ ཡ༌ ང༌དང༌ ཅི༌ ཐུང༌ཨིན༌ ཡ༌ ང༌དང༌ ཅི༌ གོན༌ཨིན༌' ཟེར༌ཏེ༌ ཚེར༌ཁ༌ མ༌ཅོ༌། 32 ཞན༌ ཆོས༌ལུག༌གི༌ མི༌གུན༌ ཏེ༌ ཚང༌མའེ༌ སྟིང༌རང༌ནེ༌ བང༌ཏང༌ང༌ནོག༌, ཡང༌ ཁྱོ༌ཞའེ༌ ནམ༌ཁའེ༌ ཡབ༌བི༌ ཁྱོ༌ཞའེ༌ ཏེ༌ཙོགས༌ སྒོས༌དོམ༌གུན༌ ཁྱེན༌ན༌ ཛད༌ད༌ནོག༌། 33 ཨིན༌ནའང༌ གོ༌མ༌ ཁྱོ༌ཞ༌གུན༌ དཀོན༌མཆོག༌གི༌ གྱལ༌སྲིད༌ དང༌ མི༌ཚེ༌ དྲང༌པོ༌ ཕུད༌ཅེས༌སི༌ སྟིང༌རང༌ནེ༌ བང༌ཏོང༌ཤིག༌, ཏེ༌ནེ༌ ཁོང༌ངི༌ ཏེ༌ཀ༌ ནན༌ཏེ༌ ཁྱོ༌ཞའེ༌ ཞན༌ སྒོས༌དོམ༌གུན༌ནའང༌ སལ༌ལ༌ ཛད༌ཨིན༌།"
34 ཐོ༌རེ༌ ཕིའ༌ དི༌རིང༌ ཚེར༌ཁ༌ མ༌ཅོ༌ཤིག༌ ཅིའ༌ཟེར༌ན༌ ཐོ༌རེ༌ བྱུང༌ཅེས༌སི༌ ཚེར༌ཁ༌གུན༌ནི༌ སྐོར༌ལ༌ སམ༌བ༌ ཐོ༌རེ༌ ཏང༌ཉན༌ན༌ནོག༌། དི༌རིང༌ངི༌ ཚེར༌ཁ༌ དི༌རིང༌ངི༌ ཕིའ༌ ཙམ༌ ཐའ༌ཐད༌ཨིན༌ནོག༌།
*6:13 6:13 སྔུན༌མའེ༌ ལོ༌ཁྱེལ༌ མེད༌ཁན༌ནི༌ སྤེ༌ཆ༌ ཁ༌ཅིག༌གི༌ ནང༌ང༌ "ཅིའ༌ཞུ༌ན༌ གྱལ༌སྲིད༌ དང༌ ཝང༌ དང༌ ཟིར༌རྗིད༌ ནི༌ ཏུས༌གྱུན༌ ཉེ༌རང༌ངི༌ ཨིན༌, ཨ༌མེན༌" པོའང༌ བྲིས༌ཏེ༌ དུག༌།