9
ཟའ༌ཕོག༌ཁན༌ཞིག༌ ཕན༌ཅུག༌ག༌ ཛདས༌།
9:1 ནེ༌ 8
གཙོ༌བོ༌ ཡེ༌ཤུ༌ གྲུ༌ཟིང༌ང༌ ཞོན༌ཏེ༌ ཚོའེ༌ ཕར༌ཀ༌ ཁོང༌རང༌ངི༌ གྲོང༌ཁྱེར༌ལ༌ སྐྱོད༌ད༌ ཛདས༌། ཏེ༌རུ༌ མི༌ ཁ༌ཅིག༌གི༌ ཟའ༌ཕོག༌ཁན༌ཞིག༌ མལ༌ཙའེ༌ཀ༌ ཁུར༌ཏེ༌ ཡེ༌ཤུ༌ ཡོད༌ས༌ ཁྱོངས༌། ཁོང༌གུན༌ནི༌ མི༌བོ༌ གྱལ༌ཅུག༌ཅེས༌སི༌ ཏད༌པ༌ ཅོ༌ཁན༌བོ༌ ཡེ༌ཤུའི༌ ཟིགས༌ཏེ༌ ཁོང༌ངི༌ ཟའ༌ཕོག༌ཁན༌བོའ༌ མོལས༌, "བུ༌ཚ༌ སེམས༌དེ༌ ཅོས༌, ངའེ༌ ཁྱོ༌རང༌ངི༌ སྡིག༌པ༌གུན༌ལ༌ ཤགས༌པ༌ ཏང༌ངད༌།"
ཏེ༌བོ༌ ཚོར༌ར༌ཅིག༌ ཆོས༌ཁྲིམས༌ལ༌ ཁས༌པ༌ ཁ༌ཅིག༌གི༌ སེམས༌སི༌ ནང༌ང༌ སམས༌, "འི༌ མི༌བོའེ༌ དད༌ལོག༌ ཅོས༌།"
ཁོང༌གུན༌ནི༌ སམ༌ཁན༌བོ༌ ཡེ༌ཤུའི༌ ཁྱེན༌ཏེ༌ མོལས༌, "ཁྱོ༌ཞའེ༌ ཁྱོ༌ཞ༌རང༌ངི༌ སེམས༌སི༌ ནང༌ང༌ སེམས༌ངན༌ ཅིའ༌ སམ༌མད༌། ཅི༌ སམ༌མ༌རག༌, 'ཁྱོ༌རང༌ངི༌ སྡིག༌པའ༌ ཤགས༌པ༌ ཏངས༌ཏེ༌ ཨིན༌' ཟེར༌ཅེས༌པོ༌ ལ༌མོ༌ ཨིན༌ནོག༌ག༌ ཡ༌ 'ལངས༌ཏེ༌ གྲུལ༌' ཟེར༌ཅེས༌པོ༌? ཨིན༌ནའང༌ མི༌རིགས༌སི༌བུའ༌ ཇིག༌རྟེན༌ནི༌ཀ༌ སྡིག༌པའ༌ ཤགས༌པ༌ ཏང༌ཅེས༌སི༌ ཝང༌ཆའ༌ ཡོད༌ཁན༌བོ༌ ཁྱོ༌ཞའ༌ ལྟན༌ཨིན༌" ཏེ༌ནེ༌ ཡེ༌ཤུའི༌ ཟའ༌ཕོག༌ཁན༌བོའ༌ མོལས༌, "ལོངས༌, རང༌ངི༌ མལ༌ཙ༌ ཁུར༌ཏེ༌ ཁང༌པ༌ སོང༌།"
ཁོ༌ ལངས༌ ཡང༌ ཁང༌པའ༌ སོང༌། མི༌ཚོགས༌སི༌ ཏེ༌བོ༌ ཐོང༌ང༌ཅིག༌, རྩི༌ཝ༌ དང༌ ཇིགས༌སི༌ ནང༌ང༌, མིའ༌ འི༌ཙོགས༌སི༌ ཝང༌ཆའ༌ སལ༌ལ༌ ཛད༌ཅེས༌ལ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལས༌།
མད༌ཐཱའ༌ བོད༌ད༌ ཛདས༌།
9:9 ནེ༌ 13
གཙོ༌བོ༌ ཡེ༌ཤུ༌ ཏེ༌ཀ༌ནེ༌ སྐྱོད༌ཨིན༌ ཡོད༌ ཟ༌ནེ༌, མད༌ཐཱ༌ ཁྲལ༌ནེན༌སའེ༌ ནས༌སའེ༌ཀ༌ དུགས༌ཏེ༌ ཡོད༌ད༌ ཟིགས༌ ཡང༌ ཁོང༌ངི༌ ཁོའ༌ མོལས༌, "ངའེ༌ སྟིང༌རང༌ནེ༌ བྲོངས༌།" ཁོ༌ ལངས༌ཏེ༌ ཡེ༌ཤུའི༌ སྟིང༌རང༌ནེ༌ བྲངས༌།
10 སྟིང༌ནེ༌ ཡེ༌ཤུ༌ མད༌ཐཱའེ༌ ཁང༌པ༌ གོང༌ཟན༌ དོན༌ན༌ལ༌ སྐྱོད༌ཏེ༌ ཡོད༌ཏུས༌, ཁྲལ༌ལེན༌ཁན༌ དང༌ ཞན༌ སྡིག༌ཅན༌ མི༌ མང༌པོའང༌ ཡེ༌ཤུ༌ དང༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཁར༌ཇི༌ ཟའ༌ལ༌ ཡོངས༌ཏེ༌ ཡོད༌པིན༌། 11 ཕ༌རུ༌ཤི༌པ༌གུན༌ནི༌ ཏེ༌བོ༌ ཐོང༌ང༌ཅིག༌, ཁོང༌གུན༌ནི༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ ཏྲིས༌, "ཁྱོ༌ཞའེ༌ ལོབ༌པོན༌, ཁྲལ༌ལེན༌ཁན༌ དང༌ སྡིག༌ཅན༌ མི༌གུན༌ ཉམ༌པོ༌ ཅིའ༌ དོན༌ཏང༌ དོན༌ན༌ནོག༌?"
12 ཡེ༌ཤུའི༌ ཏེ༌བོ༌ སན༌ན༌ཅིག༌, ཁོང༌ངི༌ མོལས༌, "ཟུ༌མོ༌ ཡོང༌ཁན༌ཞིག༌ག༌ མ༌ནེ༌ ཁམ༌ཟང༌ མི༌ཞིག༌ག༌ ཨམ༌ཆི༌ གོས༌ས༌ མ༌ནོག༌། 13 སོང༌ ཡང༌ དཀོན༌མཆོག༌གི༌, 'ཆོད༌པ༌ ཕུལ༌ཅེས༌ མན༌པ༌, ཅིག༌ དང༌ ཅིག༌ག༌ སྙིང༌རྗེ༌ ལྟན༌ཅེས༌པོ༌ ངའེ༌ དོད༌པ༌ ཨིན༌' མོལ༌ཁན༌ནི༌ ཏོན༌བོ༌ ཅི༌ ཨིན༌ ཧ༌གོ༌ཅེས༌སི༌ རྩོན༌གྲུས༌ ཅོས༌། ཁྱོ༌ཞ༌ དྲང༌པོ༌ ཨིན༌ སམ༌ཁན༌གུན༌ལ༌ མན༌པ༌, སྡིག༌ཅན༌གུན༌ལ༌ བོད༌ད༌ ངའ༌ ཡོངས༌པིན༌།"
སྙིང༌པ༌ ལུག༌སྲོལ༌གུན༌ ཡེ༌ཤུའི༌ སོ༌མ༌ ལབ༌ཞ༌གུན༌ ཉམ༌པོ༌ མ༌སྲེ༌།
9:14 ནེ༌ 17
14 ཏེ༌ནེ༌ ཡོ༌ཧཱ༌ནན༌ནི༌ ལོབ༌ཕྲུགས༌གུན༌ གཙོ༌བོ༌ ཡེ༌ཤུ༌ ཡོད༌ས༌ ཡོངས༌ཏེ༌ ཁོང༌ང༌ ཏྲིས༌, "ང༌ཞའ༌ དང༌ ཕ༌རུ༌ཤི༌པ༌གུན༌ ཉེ༌ནས༌ལ༌ ལན༌ མང༌པོ༌ དུག༌གད༌, ཨིན༌ནའང༌ ཉེ༌རང༌ངི༌ ལོབ༌ཕྲུགས༌གུན༌ ཅིའ༌ ཉེ༌ནས༌ལ༌ དུག༌ག༌ མ༌ནོག༌?"
15 ཡེ༌ཤུའི༌ ལན༌སལས༌, "བག༌སྟོན༌ནི༌ ནང༌ང༌ མག༌པ༌ ཉམ༌པོ༌ ཡོད༌ ཟ༌ནེ༌ ཁོའེ༌ གྲོན༌པོ༌གུན༌ནི༌ རྡུག༌པོ༌ ཅོ༌ཨིན༌ན༌? མི༌ཅོ༌། ཏུས༌པོ༌ ལེབ༌ཨིན༌ ནམ༌ མག༌པ༌ གྲོན༌པོ༌གུན༌ནེ༌ ཕེས༌ཏེ༌ ཁྱེར༌ཨིན༌, ཏེ༌ནེ༌ ཁོང༌གུན༌ནི༌ རྡུག༌པོ༌ ཅོས༌ཏེ༌ ཉེ༌ནས༌ལ༌ དུག༌ཨིན༌།"
16 "སུ༌ཞིག༌གིའང༌ ཀོས༌ལག༌ སྙིང༌པ༌ཞིག༌ག༌ ལྷན༌བ༌ སོ༌མ༌ ཏབ༌བ༌ མ༌ནོག༌, གལ༌ཏེས༌ ཏབ༌ན༌ ཀོས༌ ཁྲུའ༌ཅིག༌ ལྷན༌བ༌ སོ༌མ༌བོ༌ ཁོངས༌ཏེ༌ ཀོས༌ ཆད༌ཁན༌བོ༌ མང༌ང༌ ཐུའ༌ ཅོའ༌ནོག༌།"
17 "ཏེན༌ན༌ ཙོགས༌ལ༌ ཆང༌ སོ༌མ༌ པགས༌པའེ༌ སྐྱ༌པ༌ སྙིང༌པའེ༌ ནང༌ང༌ མི༌ལུག༌། གལ༌ཏེས༌ ལུག༌ན༌ ཆང༌བོའ༌ སྐྱུར༌ ལངས༌ཏེ༌ པགས༌པའེ༌ སྐྱ༌པ༌ བོས༌ཏེ༌ ཆད༌ཨིན༌, ཆང༌ བོ༌ཏེ༌ སྐྱ༌པའང༌ དོད༌མེད༌ ཆེན༌། ཨིན༌ནའང༌ ཆང༌ སོ༌མ༌ པགས༌པའེ༌ སྐྱ༌པ༌ སོ༌མའེ༌ ནང༌ང༌ ལུག༌ན༌ ཆང༌ དང༌ པགས༌པ༌ ཉིས༌ཀོ༌ སྐྱོབ༌ཨིན༌།
ཟུ༌མོ༌ ཡོད༌ཁན༌ནི༌ བུ༌མོ༌ དང༌ བུ༌མོ༌ ཆུ༌ངུན༌ ཤི༌ཁན༌།
9:18 ནེ༌ 26
18 གཙོ༌བོ༌ ཡེ༌ཤའི༌ ཏེ༌གུན༌ མོལ༌ཨིན༌ ཡོད༌ཏུས༌, ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ངི༌ འུ༌སྐྱོང༌ཞིག༌ ཡོངས༌ཏེ༌ པིག༌དོང༌ ཙུགས༌ཏེ༌ ཁོང༌ང༌ ཟེརས༌, "ངའེ༌ བུ༌མོ༌ དག༌ས༌རང༌ ཤི༌, ཨིན༌ནའང༌ ཉེ༌རང༌ སྐྱོད༌ཏེ༌ ཉེ༌རང༌ངི༌ ཆག༌ ཁོའེ༌ཀ༌ བོར༌ར༌ ཛད༌ན༌, ཁོ༌ སོན༌ཨིན༌།"
19 ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ ཞངས༌ཏེ༌ འུ༌སྐྱོང༌ ཉམ༌པོ༌ སྐྱོད༌ད༌ ཛདས༌། 20 ཏེན༌ན༌ ཏུས༌ལ༌ བུད༌ཁན༌ནི༌ ལོ༌ ཅུག༌ཉིས༌ནེ༌ ཕར༌ལ༌ ཏུས༌གྱུན༌ ཟུགས༌པོ༌ ཞིག༌ཅེས༌སི༌ ཟུ༌མོ༌ ཡོད༌ཁན༌ནི༌ བུ༌མོ༌ཞིག༌ ཡེ༌ཤུའི༌ གྱབ༌ནེ༌ ཡོངས༌ཏེ༌ ཁོང༌ངི༌ ནམ༌ཟའེ༌ གྲུ༌ཞིག༌ག༌ ལག༌པ༌ ཏུགས༌། 21 ཁོའེ༌ ཁོ༌རང༌ངི༌ སེམས༌སི༌ ནང༌ང༌ སམ༌, "གལ༌ཏེས༌ ཁོང༌ངི༌ ནམ༌ཟའ༌ ལག༌པ༌ ཐུག༌ན༌ ངའེ༌ ཟུ༌མོ༌ གྱལ༌ལ༌ནོག༌།"
22 ཡེ༌ཤུ༌ གྱབ༌ལོག༌ག༌ ཟིགས༌ཏེ༌ བུ༌མོའ༌ མོལས༌, "བུ༌མོ༌, སེམས༌ཏེ༌ ཅོས༌། ཁྱོ༌རང༌ངི༌ ཏད༌པའེ༌ ཁྱོ༌རང༌ ཕན༌ཅུགས༌ཏེ༌ ཨིན༌", ཏེན༌ན༌མལ༌ལ༌ ཁོའེ༌ ཟུ༌མོ༌ གྱལ༌།
23 ཡེ༌ཤུ༌ འུ༌སྐྱོང༌ངི༌ ཁང༌པའེ༌ ནང༌ང༌ སྐྱོད༌ད༌ཅིག༌ ལིང༌བུ༌ ཕུ༌ཁན༌གུན༌ནི༌ ཉ༌ངན༌ནི༌ ཉགས༌ ཕུ༌ཨིན༌ ཡང༌ མི༌གུན༌ ཀུ༌ཅོ༌ ཏང༌ཨིན༌ ངུ༌ཨིན༌ ཟིགས༌། 24 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "བིང༌ཏེ༌ སོང༌, བུ༌མོ༌བོ༌ མ༌ཤིའ༌ ཉིད༌ལོགས༌ཏེ༌ ཨིན༌", ཨིན༌ནའང༌ ཁོང༌གུན༌ནི༌ ཁྲེལ༌གོད༌ ཏངས༌། 25 ཁོང༌གུན༌ ཕི༌ལོག༌ག༌ ཕིངས༌ཏེ༌ སྟིང༌ནེ༌ ཡེ༌ཤུ༌ བུ༌མོ༌ ཡོད༌སའེ༌ ནང༌ང༌ སྐྱོད༌ཏེ༌, ཁོའེ༌ ལག༌པའ༌ ཐམས༌ས༌ཅིག༌, བུ༌མོའ༌ སྲོག༌ ལོགས༌ཏེ༌ ཐོབ༌ ཡང༌ ཀོའག༌ ལངས༌། 26 ཡང༌ ཏེ༌ ནས༌ཚུལ༌བོ༌ ཡུལ༌ གང༌པོའེ༌ ནང༌ང༌ ཕེལ༌།
ཞ༌ར༌ དང༌ ཧན༌གྲང༌ གུན༌ ཕན༌ཅུག༌ག༌ ཛད༌།
9:27 ནེ༌ 34
27 བུ༌མོའེ༌ ཁང༌པ༌ནེ༌ གཙོ༌བོ༌ ཡེ༌ཤུ༌ བིང༌ཏེ༌ སྐྱོད༌ ཟ༌ནེ༌, ཞ༌ར༌ ཉིས༌ ཁོང༌ངི༌ སྟིང༌རང༌ནེ༌ ཡོངས༌ཏེ༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ *9:27 ཡ༌ཧུ༌དཱ༌པ༌གུན༌ནི༌ "གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌" ཟེར༌ར༌ཅིག༌ "དཀོན༌མཆོག༌གི༌ ཞལ༌ཆད༌ ཛད༌ཁན༌ནི༌ སྐྱབ༌གོན༌" ཟེར༌ཏེ༌ ཨིན༌ཁན༌བོ༌ ཧ༌གོའ༌ནོག༌། ང༌ཞའེ༌ཀ༌ སྙིང༌རྗེ༌ ཛད༌།"
28 ཡེ༌ཤུ༌ ཁང༌པའེ༌ ནང༌ང༌ སྐྱོད༌ད༌ཅིག༌, ཞ༌ར༌ ཉིས༌ཀོ༌ ཁོང༌ ཡོད༌ས༌ ཡོངས༌། ཁོང༌ངི༌ མོལས༌, "ངའེ༌ ཁྱོ༌ཞའ༌ ཕན༌ཅུག༌ ཉན༌ཨིན༌ སམ༌ཏེ༌ ཨིད༌ཤེས༌ ཅོའད༌ད༌?" ཁོང༌ ཉིས༌ཀོའེ༌ ཟེརས༌, "ང༌ཞའེ༌ ཨིད༌ཤེས༌ ཅོའད༌།"
29 ཏེ༌ནེ༌ ཡེ༌ཤུའི༌ ཁོང༌གུན༌ནི༌ མིག༌གི༌ཀ༌ ཆག༌ རྩེའ༌ ཛད༌ཏེ༌ མོལས༌, "ཁྱོ༌ཞའ༌ ཨིད༌ཤེས༌ ཡོད༌ཁན༌ ནང༌ཞིན༌ གྲུབ༌ཤིག༌།" 30 ཁོང༌གུན༌ནི༌ མིག༌ གྱལ༌ཏེ༌ ཐོང༌ཐུབ༌ ཡང༌ ཡེ༌ཤུའི༌ ཁོང༌གུན༌ལ༌, "འི༌བོའེ༌ སྐོར༌ལ༌ སུའང༌ མ༌ཤད༌" མོལ༌ཏེ༌ སྤང༌ པུད༌ད༌ ཛདས༌། 31 ཨིན༌ནའང༌ ཁོང༌གུན༌ ཕི༌ལོག༌ག༌ སོང༌ཏེ༌ ཡུལ༌ཇོངས༌ གང༌པོའེ༌ ནང༌ང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ ཛད༌ཁན༌ནི༌ ནས༌ཚུལ༌བོ༌ ཕེལ༌ཅུགས༌།
32 ཁོང༌ ཉིས༌ཀོ༌ ཆའ༌ ཚར༌ར༌ཅིག༌, རྡུད༌ ཞུགས༌ཁན༌ ཧན༌གྲང༌ཞིག༌ ཡེ༌ཤུ༌ ཡོད༌ས༌ ཁྱོངས༌, 33 ཡང༌ རྡུད༌པོ༌ ཕིང༌ང༌ཅིག༌, ཧན༌གྲང༌བོའེ༌ སྤེ༌ར༌ ཏངས༌། མི༌ཚོགས༌ ཧ༌ལས༌ཏེ༌ ཟེརས༌, "ཨིས༌ར༌ཨེལ༌ལི༌ ནང༌ང༌ འི༌ཙོག༌ཤིག༌ མ༌ནེ༌ མ༌ཐོང༌།"
34 ཨིན༌ནའང༌ ཕ༌རུ༌ཤི༌པ༌གུན༌ནི༌ ཟེརས༌, "རྡུད༌གུན༌ནི༌ གོ༌བའེ༌ ཁོའ༌ རྡུད༌གུན༌ ཕིང༌ཅེས༌སི༌ ཁྱུད༌ ཏངས༌ཏེ༌ ཨིན༌ནོག༌།"
ལས༌མིའི༌ སྒོས༌དོམ༌།
9:35 ནེ༌ 38
35 གཙོ༌བོ༌ ཡེ༌ཤུ༌ གྲོང༌ཁྱེར༌ དང༌ གམ༌ཡུལ༌ ཚང༌མ༌ལ༌ སྐྱོད༌ཏེ༌, དུ༌ཁང༌གུན༌ནི༌ ནང༌ང༌ ལབ༌ཞ༌ སལ༌ཨིན༌ ནམ༌ཁའེ༌ གྱལ༌སྲིད༌དི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤད༌ད༌ ཛདས༌, ཡང༌ ཟུ༌མོ༌ དང༌ ནད༌ ཚང༌མ༌ ཕན༌ཅུག༌ག༌ ཛདས༌། 36 ཁོང༌ངི༌ མི༌ཚོགས༌པོ༌ ཟིགས༌ས༌ཅིག༌, ཁོང༌གུན༌ནི༌ཀ༌ སྙིང༌རྗེ༌ སྐྱེས༌ ཅིའ༌ཟེར༌ན༌ ཁོང༌གུན༌ ནགས༌ ཐོང༌ཁན༌ ཡང༌ རོགས༌ མ༌ཐོབ༌ཁན༌, ལུག༌རྫི༌ མེད༌ཁན༌ནི༌ ལུག༌ ཙོགས༌ ཡོད༌པིན༌། 37 ཏེ༌ནེ༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, "སྟོན༌ཐོག༌ མང༌པོ༌ཞིག༌ རྔ༌ ཆོག༌ཆོག༌ དུག༌, ཨིན༌ནའང༌ སྟོན༌ཐོག༌ རྔ༌ཁན༌ནི༌ ལས༌མི༌ མ༌ ཉུ༌ངུན༌ཞིག༌ མ༌ནེ༌ མི༌དུག༌། 38 ཏེ༌བོའེ༌ཕིའ༌ སྟོན༌ཐོག༌གི༌ དག༌པོ༌ དཀོན༌མཆོག༌ག༌ སྟོན༌ཐོག༌ རྔ༌ཁན༌ནི༌ ལས༌མི༌ མང༌ང༌ ཀལ༌ལ༌ ཛད༌ཅེས༌ལ༌ ཞུ༌ཝ༌ ཕུལ༌།"

*9:27 9:27 ཡ༌ཧུ༌དཱ༌པ༌གུན༌ནི༌ "གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌" ཟེར༌ར༌ཅིག༌ "དཀོན༌མཆོག༌གི༌ ཞལ༌ཆད༌ ཛད༌ཁན༌ནི༌ སྐྱབ༌གོན༌" ཟེར༌ཏེ༌ ཨིན༌ཁན༌བོ༌ ཧ༌གོའ༌ནོག༌།