13
ཞིང༌བད༌པའེ༌ ས༌འོན༌ ཏབ༌ཁན༌ནི༌ རུངས༌།
13:1 ནེ༌ 23
1 ཏེན༌ན༌ ཞག༌ག༌ གཙོ༌བོ༌ ཡེ༌ཤུ༌ ཁང༌པ༌ནེ༌ བིང༌ང༌ ཛད༌ཏེ༌ ཚོའེ༌ ཐའ༌མ༌ ཞུགས༌། 2 ཁོང༌ ཡོད༌ས༌ མི༌ཚོགས༌ མངས༌ཏེའང༌ མང༌པོ༌ ཛོམ༌པ༌ ཁོང༌ གྲུ༌ཟིང༌ངི༌ ནང༌ང༌ ཞོན༌ཏེ༌ ཞུགས༌, ཡང༌ མི༌ ཚང༌མ༌ ཚོའེ༌ ཐའ༌མ༌ དུགས༌།
3 ཏེ༌ནེ༌ ཁོང༌ངི༌ མི༌གུན༌ལ༌ རུངས༌ གྱུད༌ཏེ༌ ལབ༌ཞ༌ མང༌པོ༌ སལ༌ལ༌ ཛད༌ཏེ༌ མོལས༌, "ཉོན༌ཤིག༌, ཞིང༌བད༌པ༌ཞིག༌ ས༌འོན༌ ཏབ༌བ༌ལ༌ སོང༌། 4 ཞིང༌ང༌ ས༌འོན༌ ཏབ༌ ཟ༌ནེ༌ ཁ༌ཅིག༌ ལམ༌མི༌ཀ༌ བུད༌, ཅི༌པ༌ ཡོངས༌ཏེ༌ ཏེ༌གུན༌ ཟོས༌། 5 ས༌འོན༌ ཁ༌ཅིག༌ ས༌ མང༌པོ༌ མེད༌སའེ༌ བྲག༌གི༌ཀ༌ བུད༌, ས༌ མང༌པོ༌ མེད༌ཅེས༌པོའེ༌ ས༌འོན༌བོ༌ གྱོགས༌པ༌ སྐྱེས༌། 6 ཨིན༌ནའང༌ ཉི༌མའེ༌ ཚད༌དི༌ ཞས༌ཏེ༌ ཞིང༌ སྐྱེ༌ཁན༌བོ༌ ཚིག༌, ཡང༌ པ༌ཀྲག༌ ཏིང༌ཅན༌ མེད༌ པ༌སང༌, ཏེ༌བོ༌ སྐམས༌ཏེ༌ ཤི༌། 7 ས༌འོན༌ ཁ༌ཅིག༌ ཚེར༌མང༌ངི༌ ཕྲོའ༌ བུད༌, ཡང༌ ཚེར༌མང༌ སྐྱེས༌ཏེ༌ ནན༌པ༌, ཞིང༌བོ༌ ལྡན༌ མ༌ཐུབ༌། 8 ཞན༌ ས༌འོན༌གུན༌ ས༌ གྱལ༌ལ༌ ཡོད༌སའེ༌ ཞིང༌ངི༌ཀ༌ བུད༌པ༌, སྟོན༌ཐོག༌ སྨིན༌, ཀ༌བོ༌ ས༌འོན༌ ཏབ༌ཁན༌ནི༌ སང༌ 30, 60, ཡང༌ 100 གྱུར༌ སྨིན༌། 9 ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ངའེ༌ ཟེར༌ཁན༌ལ༌ ཉོན༌ཤིག༌།"
10 ལོབ༌ཕྲུགས༌གུན༌ ཡོངས༌ཏེ༌ ཁོང༌ང༌ ཏྲིས༌, "ཉེ༌རང༌ངི༌ མི༌གུན༌ལ༌ རུངས༌ གྱུད༌ཏེ༌ ལབ༌ཞ༌ ཅིའ༌ སལ༌ལ༌ ཛད༌དད༌།"
11 ཡེ༌ཤུའི༌ ལན༌སལས༌, "ནམ༌ཁའེ༌ གྱལ༌སྲིད༌དི༌ སང༌ཝ༌གུན༌ ཧ༌གོ༌ཅེས༌སི༌ སྐབས༌ ཁྱོ༌ཞ༌གུན༌ལ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ཁོང༌གུན༌ལ༌ མ༌སལས༌། 12 ངའེ༌ ལབ༌ཞ༌ ཉན༌ཁན༌གུན༌ལ༌ མང༌ང༌ ཧ༌གོ༌ཅུག༌ག༌ ཛད༌ཨིན༌, མ༌ཚད༌ ཁོང༌ངི༌ ནང༌ནེ༌ ལུད༌ཏེ༌ ཆེན༌ ཨིན༌ནའང༌ མ༌ཉན༌ཁན༌གུན༌ནི༌ ནང༌ནེ༌ ཧ༌གོ༌ཏེ༌ ཡོད༌ཁན༌བོའང༌ ཁྱེར༌ར༌ ཛད༌ཨིན༌། 13 ངའེ༌ རུངས༌ གྱུད༌ཏེ༌ ཤད༌ཅེས༌སི༌ ཏོན༌བོ༌ ནི༌ འི༌བོ༌ ཨིན༌",
"ཁོང༌གུན༌ནི༌ ལྟ༌དུག༌ ཨིན༌ནའང༌ ཁོང༌གུན༌ལ༌ དེན༌བ༌ ཐོང༌ང༌ མི༌དུག༌,
ཉན༌དུག༌ ཨིན༌ནའང༌ ཁོང༌གུན༌ལ༌ ཚོར༌ར༌ ཡ༌ ཧ༌གོ༌ ཐུབ༌བ༌ མི༌དུག༌།
14 ཏེ༌བོའེ༌ ཡེ༌ཤ༌ཡཱ༌ ལུང༌སྟོན༌པའེ༌ མ༌འོང༌ ལུང༌སྟན༌བོ༌ གྲུབ༌ཏེ༌ ཨིན༌ནོག༌, ཀ༌བོ༌
ཁོང༌གུན༌ནི༌ ངའེ༌ ཤད༌ཁན༌གུན༌ ཚོར༌ནའང༌ ཧ༌གོ༌ཐུབ༌བ༌ མི༌དུག༌,
ཁོང༌གུན༌ནི༌ ངའེ༌ ཅོ༌ཁན༌གུན༌ ཐོང༌ནའང༌ ང༌ སུ༌ ཨིན༌ཁན༌བོ༌ ངོ༌ཤེས༌ས༌ མི༌དུག༌།
15 ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ སྙིང༌ སྐྱོང༌པོ༌ གྱུར༌ཏེ༌ དུག༌།
ནམ༌ཅོག༌གུན༌ གགས༌ཏེ༌ མིག༌གུན༌ ཙུམས༌ཏེ༌ དུག༌
ཏེ༌ མ༌ནེ༌ ཁོང༌གུན༌ནི༌ ནམ༌ཅོག༌ནེ༌ ཚོར༌ཏེ༌ མིག༌གུན༌ནེ༌ ཐོང༌ཏེ༌,
ཁོང༌གུན༌ནི༌ སྙིང༌ནེ༌ ང༌ སུ༌ ཨིན༌ཁན༌བོ༌ ཧ༌གོ༌ཏེ༌ ང༌ ཆོགས༌ལ༌ སེམས༌ གྱུར༌ཏེ༌,
ངའེ༌ ཁོང༌གུན༌ ཕན༌ཅུགས༌ཏེ༌ ཡོད༌གྲོ༌། *13:15 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 6:9 "
16 "ཨིན༌ནའང༌ ཁྱོ༌ཞའེ༌ མིག༌ དང༌ ནམ༌ཅོག༌ གུན༌ ཅིན༌ལབས༌ཅན༌ ཨིན༌ ཅིའ༌ཟེར༌ན༌ ཁྱོ༌ཞའེ༌ མིག༌གི༌ ཐོང༌ང༌ནོག༌ ཡང༌ ནམ༌ཅོག༌གི༌ ཚོར༌ར༌ནོག༌། 17 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, ཁྱོ༌ཞ༌གུན༌ལ༌ ཐོང༌ཁན༌ དང༌ ཚོར༌ཁན༌ གུན༌, སྔུན༌མའེ༌ ལུང༌སྟོན༌པ༌ དང༌ མི༌ དྲང༌པོ༌ མང༌པོ༌ཞིག༌གི༌ ཐོང༌ཅེས༌ དང༌ ཚོར༌ཅེས༌སི༌ དོད༌པ༌ ཡོད༌ནའང༌ མ༌ཐོང༌ང༌ ཡང༌ མ༌ཚོར༌ར༌ ཨིན༌པིན༌།"
18 "ཏ༌ ཞིང༌བད༌པའེ༌ ས༌འོན༌ ཏབ༌ཁན༌ནི༌ རུངས༌སི༌ དོན༌བོ༌ ཉོན༌། 19 ལམ༌མ༌ ས༌འོན༌ བུད༌ཁན༌གུན༌ ནི༌ ནམ༌ཁའེ༌ གྱལ༌སྲིད༌དི༌ བཀའ༌ ཚོར༌ཏེའང༌ ཧ༌མ༌གོ༌ཁན༌གུན༌ ཨིན༌ནོག༌ ཅིའ༌ཟེར༌ན༌ ཤེ༌ཏན༌ ཡོངས༌ཏེ༌ ཁོང༌གུན༌ནི༌ སྙིང༌ངི༌ ནང༌ང༌ ཏབ༌ཁན༌བོ༌ ཀོགས༌ཏེ༌ ཁྱེར༌ར༌ནོག༌། 20 བྲག༌གི༌ཀ༌ ས༌འོན༌ བུད༌ཁན༌བོ༌ ནི༌ ནམ༌ཁའེ༌ གྱལ༌སྲིད༌དི༌ བཀའ༌ ཚོར༌ར༌ཅིག༌ ཐད༌པོ༌ ཉམ༌པོ༌ ཏད༌པ༌ ཅོ༌ཁན༌གུན༌ ཨིན༌ནོག༌། 21 ཨིན༌ནའང༌ ཏེ༌བོའ༌ པ༌ཀྲག༌ ཏིང༌ཅན༌ མེད༌ པ༌སང༌ ཏུས༌ཡུན༌རིང༌ མི༌ལུས༌། ཁོང༌གུན༌ནི༌ བཀའེ༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌པོའེ༌ ནགས༌ དང༌ བར༌དོ༌ ཐོང༌ང༌ཅིག༌ ཏད༌པ༌ ཕང༌ཨིན༌། 22 ཚེར༌མངས༌སི༌ ཕྲོའ༌ ས༌འོན༌ བུད༌ཁན༌བོ༌ ནི༌ དཀོན༌མཆོག༌གི༌ བཀའ༌ ཚོར༌ཁན༌གུན༌ ཨིན༌ནོག༌, ཨིན༌ནའང༌ མི༌ཚེའེ༌ ཚེར༌ཁ༌ ཡང༌ ནོར༌རི༌ དོད༌པ༌ གུན༌ནི༌ ནན༌ཅེས༌པོའེ༌ ཏེ༌བོའ༌ བྲས༌བུ༌ སྨིན༌ན༌ མ༌ནོག༌། 23 ཨིན༌ནའང༌ ས༌ ཟང༌པོའེ༌ཀ༌ ས༌འོན༌ བུད༌ཁན༌བོ༌ ནི༌ དཀོན༌མཆོག༌གི༌ བཀའ༌ ཉན༌ཏེ༌ ཧ༌གོ༌ ཐུབ༌ཁན༌གུན༌ ཨིན༌ནོག༌, ཡང༌ ཁོང༌གུན༌ལ༌ བྲས༌བུ༌ ས༌འོན༌ ཏབ༌ཁན༌བོའེ༌ སང༌ 30, 60, ཡང༌ 100 གྱུར༌ སྨིན༌ན༌ནོག༌།"
ཞིང༌ངི༌ ནང༌ང༌ ཙཱ༌ངན༌ནི༌ རུངས༌།
13:24 ནེ༌ 30
24 གཙོ༌བོ༌ ཡེ༌ཤུའི༌ ཡང༌ རུངས༌ཤིག༌ ཤད༌ད༌ ཛདས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ ཞིང༌བད༌པའེ༌ ཁོ༌རང༌ངི༌ ཞིང༌ང༌ ས༌འོན༌ ཟང༌པོ༌ ཏབ༌ཁན༌ ཙོགས༌ ཨིན༌། 25 ཚན༌ལ༌ ཚང༌མ༌ ཉིད༌ལོགས༌ཏེ༌ ཡོད༌ཏུས༌, ཁོའེ༌ གྲ༌འོ༌ ཡོངས༌ཏེ༌ ཀྲོ༌ ཏབ༌ཁན༌ནི༌ ཕྲོའ༌ ཙཱ༌ངན༌ནི༌ ས༌འོན༌ ཏབས༌ ཡང༌ སོང༌། 26 ཞིང༌ ལྡན༌ཏེ༌ སྙེ༌མ༌ བིང༌ང༌ཅིག༌ ཙཱ༌ངན༌ནའང༌ ཏེ༌ཕྲོའ༌ སྐྱེ༌ཁན༌བོ༌ ཐོང༌།"
27 "ལས༌མི༌གུན༌ ཡོངས༌ཏེ༌ སྤོན༌བོའ༌ ཟེརས༌, 'ཉེ༌རང༌ངི༌ ཞིང༌ང༌ ས༌འོན༌ ཟང༌པོ༌ ཏབ༌བ༌ མ༌ཛད༌པིན༌ན༌? ཏེ༌ནེ༌ ཙཱ༌ངན༌ ཀ༌ཟུག༌གི༌ སྐྱེས༌ཏེ༌ ཨིན༌ཧེ༌?' "
28 "སྤོན༌བོའེ༌ ཟེརས༌, 'གྲ༌འོའེ༌ ཏབས༌ཏེ༌ ཨིན༌ནོག༌།' ལས༌མི༌གུན༌ནི༌ ཁོའ༌ ཟེརས༌, 'ང༌ཞའ༌ སོང༌ཏེ༌ ཙཱ༌ངན༌པ༌གུན༌ ཕུད༌ཏེ༌ ཕང༌ང༌?' "
29 "ཁོའེ༌ ལན༌ཏངས༌, 'མ༌ཆ༌, ཙཱ༌ངན༌པ༌ ཉམ༌པོ༌ གྲོའང༌ བུད༌ཏེ༌ ཡོང༌སྲིད༌ཅེས༌ ཨིན༌ནོག༌། 30 རྔབ༌ས༌ ཏང༌ཏང༌ ཚག༌པ༌ ཉིས༌ཀོ༌ ཉམ༌པོ༌ སྐྱེ༌ཅུག༌, ཏེ༌ཏུས༌ལ༌ ངའེ༌ རྔ༌ཁན༌གུན༌ལ༌ ཟེར༌ཨིན༌, སྔུན༌ལ༌ ཙཱ༌ངན༌པ༌ ཏུས༌ཏེ༌ མེའ༌ སྲག༌ག༌ལ༌ ལྡོམ༌, ཏེ༌ནེ༌ ཀྲོ༌གུན༌ བང༌ངེ༌ ནང༌ང༌ ཁྱེར༌།' "
ཉུང༌སྐར༌རི༌ ས༌འོན༌ནི༌ རུངས༌།
13:31 ནེ༌ 35
31 གཙོ༌བོ༌ ཡེ༌ཤུའི༌ ཡང༌ རུངས༌ཤིག༌ ཤད༌ད༌ ཛདས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ ཉུང༌སྐར༌རི༌ ས༌འོན༌ ཙོགས༌ ཨིན༌ནོག༌ ཀ༌བོ༌ མི༌ཞིག༌གི༌ ཁོ༌རང༌ངི༌ ཞིང༌ང༌ ཏབ༌བ༌ལ༌ ཁྱེརས༌། 32 ས༌འོན༌གུན༌ནི༌ ཕྲོ༌ནེ༌ ཏེ༌བོ༌ ཚང༌མའེ༌སང༌ ཆུ༌ངུན༌ ཨིན༌ནའང༌, ལྡན༌ ཚར༌ར༌ཅིག༌ ཚས༌སི༌ ནང༌ང༌ ཚང༌མའེ༌སང༌ ཆེན༌མོ༌ ལྕང༌མ༌ གྱུར༌, ཡང༌ ནམ༌ཁའེ༌ ཅ༌གུན༌ ཡོངས༌ཏེ༌ ཏེ༌བོའེ༌ ཡལ༌གེ༌ཀ༌ ཚངས༌ ཅོས༌།"
33 ཁོང༌ངི༌ ཡང༌ རུངས༌ཤིག༌ ཤད༌ད༌ ཛདས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ སྐྱུར༌ ཙོགས༌ ཨིན༌, ཀ༌བོ༌ བུ༌མོའེ༌, ཕེ༌ མང༌པོའེ༌ ནང༌ང༌ སྲེས༌ཏེ༌ རུས༌པ༌ སྐྱུར༌བོ༌ པག༌པའེ༌ གང༌པོའེ༌ ནང༌ང༌ ཁྱེད༌།"
34 ཡེ༌ཤུའི༌ མི༌ཚོགས༌ལ༌ ལབ༌ཞ༌ སལ༌ ཟ༌ནེ༌ ཏུས༌གྱུན༌ རུངས༌ ཀོལ༌ལ༌ ཛད༌དད༌པིན༌། ཁོང༌ངི༌ རུངས༌ གྱུད༌ཏེ༌ མ༌སྟོགས༌ ཅི༌ ལབ༌ཞ༌ཞིག༌གའང༌ སལ༌ལ༌ མེད༌པིན༌། 35 ཏེ༌བོའེ༌ ལུང༌སྟོན༌པ༌ གྱུད༌ཏེ༌ སྔུན༌ལ༌ མོལ༌ཁན༌གུན༌ དྲན༌དྲ༌ གྲུབ༌ཏེ༌ ཨིན༌,
"ངའེ༌ མི༌གུན༌ལ༌ རུངས༌ གྱུད༌ཏེ༌ སྤེ༌ར༌ ཏང༌ཨིན༌།
ཡང༌ ཇིག༌རྟེན༌ ཆགས༌པ༌ནེ༌ ཕར༌ལ༌
སངས༌ཏེ༌ ཡོད༌ཁན༌གུན༌ ཤད༌ཨིན༌།"
ཙཱ༌ངན༌ནི༌ རུངས༌སི༌ ཏོན༌།
13:36 ནེ༌ 43
36 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུ༌ མི༌ཚོགས༌པོ༌ ཕི༌ལོག༌ག༌ བོར༌ཏེ༌ ཁང༌པའེ༌ ནང༌ང༌ སྐྱོདས༌། ཁོང༌ངི༌ ལོབ༌ཕྲུགས༌གུན༌ ཡོངས༌ཏེ༌ ཁོང༌ང༌ ཟེརས༌, "ཙཱ༌ངན༌ནི༌ རུངས༌སི༌ ཏོན༌བོ༌ ང༌ཞའ༌ ཧ༌གོ༌ཅུག༌ག༌ ཛད༌དའང༌།"
37 ཁོང༌ངི༌ མོལས༌, "ས༌འོན༌ ཟང༌པོ༌ ཏབ༌ཁན༌བོ༌, མི༌རིགས༌སི༌བུ༌ ཨིན༌། 38 ཞིང༌བོ༌ ཇིག༌རྟེན༌, ས༌འོན༌ ཟང༌པོ༌ ནམ༌ཁའེ༌ གྱལ༌སྲིད༌དི༌ མི༌གུན༌, ཡང༌ ཙཱ༌ངན༌བོ༌ ངན༌པ༌ ཤེ༌ཏན༌ནི༌ མི༌གུན༌ ཨིན༌ནོག༌། 39 ཙཱ༌ངན༌ ཏབ༌ཁན༌ནི༌ གྲ༌འོ༌ ནི༌ རྡུད༌གུན༌ནི༌ གོ༌བ༌, རྔབ༌ས༌ ནི༌ ཐའ༌མའེ༌ ཏུས༌ ཡང༌ རྔ༌ཁན༌གུན༌ ནི༌ ཕོ༌ཉ༌གུན༌ ཨིན༌ནོག༌།"
40 "ཐའ༌མའེ༌ ཏུས༌ལ༌ ཙཱ༌ངན༌ ཏུས༌ཏེ༌ མེའ༌ སྲག༌ཁན༌ ཙོགས༌ བྱུང༌ཨིན༌། 41 མི༌རིགས༌སི༌བུའི༌ ཁོ༌རང༌ངི༌ ཕོ༌ཉ༌གུན༌ ཀལ༌ཨིན༌, ཡང༌ ཁོང༌གུན༌ནི༌ ཁོའེ༌ གྱལ༌སྲིད༌དི༌ ནང༌ནེ༌ སྡིག༌པའེ༌ རྒྱུ༌ ཚང༌མ༌ དང༌ ངན༌པ༌ ཅོ༌ཁན༌ ཚང༌མ༌ ཕིང༌ཨིན༌། 42 ཡང༌ ཕོ༌ཉ༌གུན༌ནི༌ ཁོང༌ ཚང༌མ༌ ཉལ༌ཝའེ༌ མེའེ༌ ནང༌ང༌ ཕང༌ཨིན༌, ཏེ༌རུ༌ ནགས༌ སྲན༌ཏྲེ༌ ཞས༌ཏེ༌ ངུ༌ཅེས༌ དང༌ སོ༌ སྲིག༌ཅེས༌ ཡོང༌ཨིན༌། 43 ཏེ༌ནེ༌ མི༌ དྲང༌པོ༌གུན༌ ཁོང༌གུན༌ནི༌ ནམ༌ཁའེ༌ ཡབ༌བི༌ གྱལ༌སྲིད༌དི༌ ནང༌ང༌ ཉི༌མ༌ ཙོགས༌ལ༌ ལྡང༌ཤན༌ བར༌ཨིན༌། ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ངའེ༌ ཟེར༌ཁན༌ལ༌ ཉོན༌ཤིག༌།"
གྱུ༌ནོར༌ རིན༌ཅན༌ སྦས༌ཏེ༌ ཡོད༌ཁན༌ནི༌ རུངས༌།
13:44 ནེ༌ 46
44 "ནམ༌ཁའེ༌ གྱལ༌སྲིད༌ ནི༌ ཞིང༌ངི༌ ནང༌ང༌ སྦས༌ཏེ༌ ཡོད༌ཁན༌ནི༌ གྱུ༌ནོར༌ རིན༌ཅན༌ ཙོགས༌ ཨིན༌། མི༌ཞིག༌ག༌ ཏེ༌བོ༌ ཐོབ༌བ༌ཅིག༌ ཐད༌ཏེ༌ ཏེན༌ན༌ ཞིང༌ངི༌ ནང༌ང༌ ཡང༌སྐྱར༌ སྦས༌, ཏེ༌ནེ༌ ཁོ༌ སོང༌ཏེ༌ ཡོད༌ཁན༌ནི༌ ནོར༌ ཚང༌མ༌ ཙོངས༌ ཡང༌ ཏེ༌ ཞིང༌བོ༌ ཉོས༌།"
45 "ནམ༌ཁའེ༌ གྱལ༌སྲིད༌ ནི༌ ཚོང༌པའེ༌ ཙལ༌ཁན༌ནི༌ མུ༌ཏིག༌ ལག༌མོ༌ རིན༌ཅན༌གུན༌ ཙོགས༌ ཨིན༌། 46 མུ༌ཏིག༌ རིན༌ཅན༌ ཐོབ༌བ༌ཅིག༌ ཁོ༌ སོང༌ཏེ༌ ཁོ༌རང༌ངི༌ གྱུ༌ནོར༌ ཚང༌མ༌ ཙོངས༌ཏེ༌, ཏེ༌བོ༌ ཉོས༌།"
ཉ༌དོལ༌ལི༌ རུངས༌།
13:47 ནེ༌ 52
47 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ གྱ༌ཚོའེ༌ ནང༌ང༌ ཉ༌རིགས༌ སྣ༌ཚོགས༌ ཟུམ༌མ༌ལ༌ ཕང༌ཁན༌ནི༌ ཉ༌དོལ༌ ཙོགས༌ ཨིན༌། 48 ཉ༌དོལ༌བོ༌ གང༌ང༌ཅིག༌ ཚོའེ༌ ཐའ༌མ༌ དྲུད༌ཏེ༌ ཁྱེར༌ཨིན༌, སའེ༌ཀ༌ དུགས༌ཏེ༌ ཉ༌ གྱལ༌ལ༌གུན༌ པག༌ཙེ༌ ནང༌ང༌ གྱངས༌ ཡང༌ གྱལ༌ལ༌ མེད༌ཁན༌གུན༌ ཕངས༌། 49 ཏེན༌ན༌ ཙོགས༌ ཐའ༌མའེ༌ ཏུས༌ལ༌ བྱུང༌ཨིན༌, ཕོ༌ཉ༌གུན༌ སྐྱོད༌ཏེ༌ མི༌ དྲང༌པོ༌གུན༌ནི༌ ཕྲོ༌ནེ༌ ངན༌པ༌གུན༌ ཕེའ༌ ཛད༌ཏེ༌, 50 ཁོང༌གུན༌ ཉལ༌ཝའེ༌ མེའེ༌ ནང༌ང༌ ཕང༌ཨིན༌, ཏེ༌རུ༌ ནགས༌ སྲན༌ཏྲེ༌ ཞས༌ཏེ༌ ངུ༌ཅེས༌ དང༌ སོ༌ སྲིག༌ཅེས༌ ཡོང༌ཨིན༌། 51 ཡེ༌ཤུའི༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ལ༌ ཏྲིའ༌ ཛདས༌, "འི༌ ཚང༌མ༌ ཁྱོ༌ཞའེ༌ ཧ༌གོའ༌?" ཁོང༌གུན༌ནི༌ ལན༌ཏངས༌, "ཧ༌གོ༌ལེ༌།"
52 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ཆོས༌ཁྲིམས༌ ལབ༌ཁན༌, ནམ༌ཁའེ༌ གྱལ༌སྲིད༌དི༌ ལོབ༌ཕྲུགས༌ གྱུར༌ཁན༌ ཚང༌མ༌ ཁང༌པའེ༌ ཁང༌དག༌ ཙོགས༌ ཨིན༌, ཀ༌བོའེ༌ བང༌ཛོད༌དི༌ ནང༌ནེ༌ རིན༌ཅན༌ ནོར༌ སོ༌མ༌ དང༌ སྙིང༌པ༌ ཉིས༌ཀོ༌ ཕིངས༌ཏེ༌ ཁྱོང༌ང༌ནོག༌།
ལུང༌སྟོན༌པའ༌ རྩི༌ཝ༌ མི༌ཐོབ༌།
13:53 ནེ༌ 58
53 གཙོ༌བོ༌ ཡེ༌ཤུའི༌ རུངས༌གུན༌ ཤད༌ ཚར༌ར༌ཅིག༌ ཁོང༌ ཏེ༌ཀ༌ནེ༌ སྐྱོདས༌། 54 ཁོང༌རང༌ངི༌ གྲོང༌ཁྱེར༌ལ༌ སྐྱོད༌ཏེ༌ དུ༌ཁང༌ངི༌ ནང༌ང༌ མི༌གུན༌ལ༌ ལབ༌ཞ༌ སལ༌ཅེས༌ གོ༌ཟུགས༌། མི༌གུན༌ ཧ༌ལས༌ཏེ༌ ཏྲིས༌, "འི༌ མི༌བོའ༌ ཤེས༌རབས༌ དང༌ ཛད༌པ༌གུན༌ ལྟན༌ཅེས༌སི༌ ཁྱུད༌ ཀ༌ནེ༌ ཐོབ༌ཀྱག༌? 55 ཁོ༌ ཤིང༌ཁན༌བོའེ༌ བུ༌ཚ༌ མ༌ནོག༌ག༌? ཁོའེ༌ ཨ༌མ༌ མིར༌ཡམ༌ ཡང༌ ཡ༌ཀོབ༌, ཡོ༌སེབ༌, ཤི༌མོན༌ དང༌ ཡུ༌དཱ༌ གུན༌ ཁོའེ༌ ནོ༌ མ༌ནོག༌ག༌? 56 ཁོའེ༌ སྲིང༌མོ༌ ཚང༌མ༌ ང༌དང༌གུན༌ ཉམ༌པོ༌ མེད༌ད༌? ཏེ༌ནེ༌ འི༌ མི༌བོའ༌ ཏེ༌ ཁྱུད༌གུན༌ ཀ༌ནེ༌ ཐོབ༌ཀྱག༌? 57 ཁོང༌གུན༌ ཚིག༌ཅེས༌པོའེ༌ ཁོང༌ངི༌ཀ༌ ཏད༌པ༌ མ༌ཅོས༌།
ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ལུང༌སྟོན༌པ༌ཞིག༌ག༌ ཁོ༌རང༌ངི༌ ཡུལ༌ ཡང༌ ཁོ༌རང༌ངི༌ ནང༌ཚངས༌སི༌ ནང༌ང༌ མ༌ནེ༌, ཞན༌ ཀ༌རུང༌ས༌ རྩི༌ཝ༌ ཅོ༌རུག༌།" 58 ཁོང༌གུན༌ནི༌ ཏད༌པ༌ མི༌ཅོ༌ཅེས༌པོའེ༌ ཞས༌ཏེ༌, ཡེ༌ཤུའི༌ ཏེ༌རུ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ ལྟན༌ན༌ མ༌ཛདས༌།