23
ཡེ༌ཤུའི༌ ཆོས༌སི༌ འུ༌སྐྱོང༌གུན༌ལ༌ སྐྱོན༌རྗོད༌ ཛདས༌།
23:1 ནེ༌ 36
1 གཙོ༌བོ༌ ཡེ༌ཤུའི༌ མི༌ཚོགས༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, 2 "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ གུན༌ལ༌, མོ༌ཟེས༌སི༌ ཁྲིམས༌གུན༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཧ༌གོ༌ཅུག༌ཅེས༌སི༌ ཝང༌ཆ༌ ཡོད༌ཏེ༌ ཨིན༌ནོག༌། 3 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཁྱོ༌ཞའ༌ ལབ༌ཁན༌གུན༌ ཁའ༌ཉན༌ཏེ༌ ཅོ༌ཤིག༌། ཨིན༌ནའང༌ ཁོང༌གུན༌ནི༌ ཅོ༌ཁན༌ ཙོགས༌པོ༌ ཁྱོ༌ཞ༌གུན༌ནི༌ མ༌ཅོ༌ཤིག༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ལབ༌ཁན༌བོ༌ ཁོ༌རང༌གུན༌ནི༌ ལག༌ལེན༌ ཅོའ༌ མ༌ནོག༌། 4 ཆོས༌ཁྲིམས༌སི༌ ཁུ༌རུ༌ ལྕིན༌ཏྲེ༌ ཞན༌མའེ༌ གྱབ༌བ༌ ཀལ༌ཅེས༌ལ༌ ཁོང༌གུན༌ ཐད༌ད༌ནོག༌, ཨིན༌ནའང༌ ཡ༌ཏོ༌ ཅོ༌ཅེས༌ལ༌ ཁོ༌རང༌གུན༌ནི༌ ཛི༌གུའང༌ རྩེའ༌ ཐད༌ད༌ མ༌ནོག༌།"
5 "ཁོང༌གུན༌ནི༌ ལས༌ ཅོ༌ཁན༌ ཚང༌མ༌ མི༌གུན༌ལ༌ ལྟན༌ཅེས༌སི༌ ཕིའ༌ ཅོའ༌ནོག༌, སྤེར༌ན༌ ཁོང༌གུན༌ནི༌ ཐོད༌པ༌ དང༌ ལག༌པའེ༌ཀ༌ ལྡམས༌ཁན༌ ཆོས༌ བྲིས༌ཁན༌གུན༌ ཞང༌ཅན༌ དང༌ ཤན༌ཏབ༌བི༌ རུ༌གུན༌ རིང༌མོ༌ ཅོའ༌ནོག༌། 6 གྲོན༌ནི༌ ནང༌ང༌ གྲལ༌གོ༌ ཡང༌ དུ༌ཁང༌ངི༌ ནང༌ང༌ རྩི༌ཝ༌ཅན༌ནི༌ ནས༌ས༌ ཙལ༌ལ༌ནོག༌། 7 ཁྲོམས༌སི༌ ནང༌ང༌ མི༌གུན༌ནི༌ ཀ༌ནེ༌ རྩི༌ཝ༌ ཐོབ༌ཅེས༌ དང༌ ལོབ༌པོན༌ ཟེར༌ཏེ༌ བོད༌ད༌ལ༌ ཐད༌ད༌ནོག༌།"
8 "ཨིན༌ནའང༌ ཁྱོ༌ཞ༌གུན༌ལ༌ རབ༌བི༌ *23:8 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ རབ༌བི༌ ཏོན༌ནི༌ ལོབ༌པོན༌ ཨིན༌ནོག༌། ཟེར༌ མ༌ཅུག༌ ཅིའ༌ཟེར༌ན༌ ཁྱོ༌ཞའ༌ ལོབ༌པོན༌ ཅིག༌ཅིག༌ མ༌ནེ༌ མེད༌, ཡང༌ ཁྱོ༌ཞའ༌ ཚང༌མ༌ སྤུན༌ ཨིན༌ནོག༌། 9 ཡང༌ ཇིག༌རྟེན༌ནི༌ཀ༌ སུའང༌ ཡབ༌ མ༌ཟེར༌, ཅིའ༌ཟེར༌ན༌ ནམ༌ཁའ༌ ཞུགས༌ཁན༌བོ༌ ནི༌ ཁྱོ༌ཞ༌གུན༌ནི༌ ཡབ༌ ཅིག༌པོ༌ ཨིན༌། 10 ཡ༌ ཁྱོ༌ཞ༌གུན༌ལ༌ ལོབ༌པོན༌ ཟེར༌ མ༌ཅུག༌ ཅིའ༌ཟེར༌ན༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཅིག༌པོ༌ ནི༌ ཁྱོ༌ཞ༌གུན༌ནི༌ ལོབ༌པོན༌ ཨིན༌། 11 ཁྱོ༌ཞ༌གུན༌ནི༌ ཕྲོ༌ནེ༌ ཀྲག༌ཤོག༌ གྱུར༌ཉིན༌ ཡོད༌ཁན༌བོ༌ ཞན༌གུན༌ནི༌ ཡོག༌པོ༌ གྱུར༌གོས༌། 12 ཀྲག༌པོ༌ ལྟན༌ཁན༌གུན༌ལ༌ པས༌མོ༌ ཅོའ༌ ཛད༌ཨིན༌ ཡང༌ ཁོ༌རང༌ པས༌མོ༌ བོར༌ཁན༌གུན༌ལ༌ རྩི༌ཝ༌ སལ༌ལ༌ ཛད༌ཨིན༌།"
13 "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ ཁ༌ཆོས༌པ༌གུན༌, ཁྱོ༌ཞའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁྱོ༌ཞའེ༌ མི༌གུན༌ལ༌ ནམ༌ཁའེ༌ གྱལ༌སྲིད༌དི༌ སྒོ༌ ཅུག༌དུག༌, ཁྱོ༌ཞ༌རང༌གུན༌ ཏེ༌ནང༌ང༌ ཆ༌ མི༌དུག༌ མ༌ཚད༌ ཏེ༌ནང༌ང༌ ཆ༌ཅེས༌སི༌ རྩོན༌གྲུས༌ ཅོ༌ཁན༌གུན༌ལའང༌ ཆ༌ཅུག༌ག༌ མི༌དུག༌།"
14 †23:14 སྔན༌མའེ༌ གིརིས༌སི༌ སྤེ༌ཆའེ༌ 23:14 བྲིས༌ཏེ༌ མེད༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ སྟིང༌མ༌གུན༌ནི༌ ནང༌ང༌ "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌, ཁྱོ༌ཞ༌གུན༌ལ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁ༌ཆོས༌པ༌ ཁྱོ༌ཞ༌གུན༌ནི༌ ཨ༌ནེ༌ མ༌རང༌མོ༌གུན༌ལ༌ གོབ༌སྐོར༌ཏེ༌ ཁོང༌ངི༌ ཁང༌པ༌གུན༌ ཁྱེར༌ཅེས༌, ཡང༌ མི༌གུན༌ལ༌ ལྟན༌ཅེས༌སི༌ ཕིའ༌ མོས༌ལམ༌ རིང༌མོ༌ ཞུ༌དུག༌། ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ལ༌ ཆད༌པ༌ སྲན༌ཏྲེ༌ ཏང༌ཨིན༌" ཐུད༌ཏེ༌ ཨིན༌ནོག༌། 15 "ཁྱོ༌ཞའ༌ ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ གུན༌ལ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། མི༌ ཅིག༌ ལོབ༌ཕྲུགས༌ ཅོ༌ཅེས༌ལ༌ ཁྱོ༌ཞའ༌ ས༌ཀྱད༌ དང༌ ཚོ༌ མང༌པོ༌ རྒལ༌ཏེ༌ ཆ༌དུག༌། ལོབ༌ཕྲུགས༌ གྱུར༌ ཚར༌ར༌ཅིག༌, ཁོང༌གུན༌ ཁྱོ༌ཞ༌རང༌ངི༌ སང༌ ཉི༌ལྡབ༌ ཐུའ༌ གྱུར༌ཅུག༌དུག༌།"
16 "ལམ༌ལྟན༌པ༌ ཞ༌ར༌ ཁྱོ༌ཞའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁྱོ༌ཞ༌གུན༌ནི༌ ཟེར༌དུག༌, ཆོད༌ཁང༌ངི༌ ནའ༌ སྐྱལ༌ཁན༌གུན༌ལ༌ ཅའང༌ མི༌སྟོ༌, ཨིན༌ནའང༌ ཆོད༌ཁང༌ངི༌ ནང༌ང༌ ཡོད༌ཁན༌ནི༌ སེར༌རི༌ ནའ༌ སྐྱལ༌ཁན༌གུན༌ལ༌ ཏེ༌ ནའ༌ སྐྱལ༌ཁན༌བོ༌ ཅོ༌གོས༌ཨིན༌། 17 ཞ༌ར༌, སམ༌བ༌ མེད༌ཁན༌གུན༌ སེར༌བོ༌ ཀྲག༌ག༌ ཨིན༌ནོག༌ག༌ ཡ༌ ཆོད༌ཁང༌ ཀ༌བོའེ༌ ཏེ༌ སེར༌པོ༌ དམ༌པ༌ ཅོའད༌? 18 ཁྱོ༌ཞ༌གུན༌ནི༌ ཟེར༌དུག༌, ཆོད༌ཁྲི༌ ནའ༌ སྐྱལ༌ཁན༌གུན༌ལ༌ ཅའང༌ མི༌སྟོ༌, ཨིན༌ནའང༌ ཆོད༌ཁྲི༌ཀ༌ ཡོད༌ཁན༌ནི༌ ཆོད༌པའེ༌ ནའ༌ སྐྱལ༌ཁན༌གུན༌ལ༌ ཏེ༌ ནའ༌ སྐྱལ༌ཁན༌བོ༌ ཅོ༌གོས༌ཨིན༌། 19 ཞ༌ར༌གུན༌, ཆོད༌པ༌ ཀྲག༌ག༌ ཨིན༌ནོག༌ག༌ ཡ༌ ཆོད༌ཁྲི༌ ཀ༌བོའེ༌ ཆོད༌པ༌བོ༌ དམ༌པ༌ ཅོའད༌? 20 ཏེ༌ནེ༌ ཆོད༌ཁྲི༌ ནའ༌ སྐྱལ༌ཁན༌གུན༌ནི༌ ཆོད༌ཁྲི༌ དང༌ ཆོད༌ཁྲི༌ཀ༌ ཡོད༌ཁན༌ ཚང༌མའེ༌ ནའ༌ སྐྱལ༌ཏེ༌ ཨིན༌ནོག༌། 21 ཡང༌ ཆོད༌ཁང༌ངི༌ ནའ༌ སྐྱལ༌ཁན༌གུན༌ནི༌ ཆོད༌ཁང༌ དང༌ ཆོད༌ཁང༌ངི༌ ནང༌ང༌ ནས༌ས༌ ཛད༌ཁན༌བོའེ༌ ནའ༌ སྐྱལ༌ཏེ༌ ཨིན༌ནོག༌། 22 ཡང༌ ནམ༌ཁའེ༌ ནའ༌ སྐྱལ༌ཁན༌གུན༌ནི༌ དཀོན༌མཆོག༌གི༌ ཞུགས༌ཁྲིས༌ དང༌ ཏེ༌ཀ༌ ཞུགས༌ཏེ༌ ཡོད༌ཁན༌ནི༌ དཀོན༌མཆོག༌གི༌ ནའ༌ སྐྱལ༌ཏེ༌ ཨིན༌ནོག༌།"
23 "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ ཁ༌ཆོས༌པ༌གུན༌, ཁྱོ༌ཞའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁྱོ༌ཞ༌གུན༌ནི༌ མ༌ས༌ལའེ༌ ཚས༌སི༌ ཀ༌ནེ༌ ཡོང༌གོ༌ ཆུང༌ཤོག༌གི༌ ནང༌ནེའང༌ རྕུ༌ཁག༌བོ༌ ཕུལ༌དུག༌པ༌, ཨིན༌ནའང༌ མོ༌ཟེས༌སི༌ མ༌ ཁག༌ཅན༌ བཀའ༌ཁྲིམས༌གུན༌ལ༌ སྣང༌མེད༌ ཅོ༌རུག༌ སྤེར༌ན༌ འོས༌པའེ༌ ཁྲིམས༌ཅད༌, སྙིང༌རྗེ༌ དང༌ ཨིད༌ཤེས༌ཅན༌ནི༌ མི༌ཚེ༌ ཕུད༌ཅེས༌། ཁྱོ༌ཞའེ༌ ཏེ༌ བཀའ༌ཁྲིམས༌གུན༌ལ༌ སྣང༌ང༌ ཅོ༌ཅེས༌ མ༌ཚད༌ ཡོང༌གོའེ༌ རྕུ༌ཁག༌པོའང༌ དཀོན༌མཆོག༌ག༌ ཕུལ༌གོས༌། 24 ཆོས༌སི༌ ལམ༌ལྟན༌ཁན༌ ཞ༌ར༌གུན༌, ཁྱོ༌ཞའེ༌ ཆུ༌ ཐུང༌ངི༌ སང༌ སྔུན༌ལ༌ ཏེ༌ནང༌ནེ༌ ཚི༌ཏུ༌ ཅོ༌ཁན༌ནི༌ བུ༌ཙིག༌ ཆུ༌ངུན༌བོ༌ ཕིང༌དུག༌ ཨིན༌ནའང༌ སྔ༌བོང༌བོ༌ སྨིད༌ཏང༌དུག༌།"
25 "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ ཁ༌ཆོས༌པ༌ གུན༌, ཁྱོ༌ཞའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཀོ༌རེ༌ དང༌ ཐལ༌ལི༌ ཕི༌ལོག༌པོ༌ ལག༌མོ༌ ཅོ༌རུག༌, ཨིན༌ནའང༌ ཁྱོ༌ཞའེ༌ ནང༌ཀུག༌པོ༌ ནབ༌སེམས༌ དང༌ རང༌དོད༌དི༌ གངས༌ཏེ༌ དུག༌། 26 ཕ༌རུ༌ཤི༌པ༌ ཞ༌ར༌གུན༌, གོ༌མ༌ ཀོ༌རེ༌ དང༌ ཐལ༌ལི༌ ནང༌ཀུག༌པོ༌ ལག༌མོ༌ ཅོས༌སའང༌, ཏེ༌ནེ༌ ཕི༌ལོག༌པོའང༌ ལག༌མོ༌ ཆེན༌།"
27 "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ ཁ༌ཆོས༌པ༌ གུན༌, ཁྱོ༌ཞའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁྱོ༌ཞ༌གུན༌ ཀར༌ཙི༌ སྐུས༌ཁན༌ནི༌ རོམ༌ཁང༌ ཙོགས༌ ཨིན༌ནོག༌, ཀ༌བོ༌ ཕི༌ལོག༌ནེ༌ ལྡེ༌མོ༌ ཐོང༌ནའང༌ ནང༌ཀུག༌པོ༌ རོའེ༌ རུས༌པ༌ དང༌ ཚི༌ཏུའི༌ རིགས༌ ཚང༌མ༌ གངས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། 28 ཏེན༌ན༌ ཙོགས༌ལ༌ ཁྱོ༌ཞའ༌ ཕི༌ལོག༌ནེ༌ མི༌གུན༌ལ༌ དྲང༌པོ༌ ཐོང༌ནའང༌ ཁྱོ༌ཞའེ༌ ནང༌ཀུག༌པོ༌ ཁ༌ཆོས༌ དང༌ ངན༌པ༌ གུན༌ནི༌ གངས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།"
29 "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌ ཁ༌ཆོས༌པ༌གུན༌, ཁྱོ༌ཞའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁྱོ༌ཞའེ༌ ལུང༌སྟོན༌པ༌གུན༌ནི༌ སྤུར༌ཁང༌ རྩིག༌དུག༌, ཡང༌ མི༌ དྲང༌པོ༌གུན༌ནི༌ སྤུར༌ཁང༌ང༌ རྩི༌སྲུལ༌ཏེ༌ ལྡེ༌མོ༌ ཅོ༌རུག༌། 30 ཡང༌ ཁྱོ༌ཞའེ༌ ཟེར༌དུག༌, གལ༌ཏེས༌ ང༌ཞའ༌ ང༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ ཏུས༌ལ༌ ཡོད༌པིན༌ན༌, ལུང༌སྟོན༌པ༌གུན༌ སད༌ཅེས༌སི༌ ནང༌ང༌ ང༌ཞའ༌ དྲེས༌ཏེ༌ མེད༌གྲོ༌།"
31 "ཁྱོ༌ཞའེ༌ ཟེར༌ཁན༌བོའེ༌ ཁྱོ༌ཞའ༌ ལུང༌སྟོན༌པ༌གུན༌ སད༌ཁན༌ནི༌ པུར༌གྱུད༌ ཨིན༌ཁན༌བོའེ༌ སྤང༌པོ༌ ཏང༌ང༌ནོག༌། 32 ཏ༌ སོང༌ཏེ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ གོ༌ཟུག༌ ཅོ༌ཁན༌ནི༌ ལས༌ངན༌བོ༌ གྲུབ༌ཅུག༌། 33 རུལ༌གུན༌, ཁྱོ༌ཞའ༌ ཏུག༌རུལ༌ལི༌ གྱུད༌གུན༌, ཉལ༌ཝའེ༌ ཆད༌པ༌ནེ༌ ཀ༌ཟུག༌གི༌ ཁྱོ༌ཞའ༌ ཐར༌ཐུབ༌ཨིན༌?"
34 "ཏེ༌བོའེ༌ཕིའ༌ ཁྱོ༌ཞའེ༌ཀ༌ ངའེ༌ ལུང༌སྟོན༌པ༌གུན༌, ཤེས༌རབས༌ཅན༌གུན༌ དང༌ ལོབ༌པོན༌གུན༌ ཀལ༌ཨིན༌། ཡང༌ ཁོང༌གུན༌ ཙལ༌ལ༌ གྲོང༌ཁྱེར༌ནེ༌ གྲོང༌ཁྱེར༌ལ༌ སོང༌ཏེ༌ ཁྱོ༌ཞའེ༌ ཁ༌ཅིག༌ རྐྱང༌ཤིང༌ང༌ རྐྱངས༌ཏེ༌ སད༌ཨིན༌, ཁ༌ཅིག༌ག༌ དུ༌ཁང༌ངི༌ ནང༌ང༌ རྟལ༌ལྕག༌ གྱབ༌ཨིན༌། 35 ཏེ༌བོའེ༌ ཞས༌ཏེ༌ ཇིག༌རྟེན༌ ཆགས༌པ༌ནེ༌ ཕར༌ལ༌ མི༌ དྲང༌པོ༌ ཚང༌མའེ༌ སྲོག༌ ལེན༌ཁན༌ནི༌ ཉད༌གལ༌བོ༌ ཁྱོ༌ཞ༌གུན༌ནི༌ཀ༌ ཕོག༌ཨིན༌, ཨ༌བེལ༌ མི༌ དྲང༌པོ༌ སད༌ཁན༌ ནེ༌ ཏངས༌ཏེ༌ ཆོད༌ཁང༌ དང༌ ཆོད༌ཁྲིའི༌ པར༌ལ༌ སད༌ཁན༌ནི༌ བ༌རག༌ཡཱའི༌ བུ༌ཚ༌ ཟ༌ཀར༌ཡཱའེ༌ ཚག༌པ༌། 36 ངའེ༌ དེན༌བ༌ ཟེར༌རད༌, ཏེ༌ བྱུང༌ཁན༌ ཚང༌མའེ༌ ཆད༌པ༌བོ༌ འི༌ མི༌རབས༌པོའེ༌ཀ༌ ཕོག༌ཨིན༌།"
ཡེ༌ཤུའི༌ ཡེ༌རུ༌ཤ༌ལེམ༌པ༌གུན༌ནི༌ཀ༌ ཐུགས༌ཚེར༌ ཛདས༌།
23:37 ནེ༌ 39
37 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ཡེ༌རུ༌ཤ༌ལེམ༌པ༌, ཡེ༌རུ༌ཤ༌ལེམ༌པ༌, ལུང༌སྟོན༌པ༌གུན༌ སད༌ཁན༌ ཡང༌ ཁྱོ༌ཞའེ༌ཀ༌ ལམ༌ཅུག༌ག༌ ཛད༌ཁན༌གུན༌ལ༌ རྡོའ༌ གྱབས༌ཏེ༌ སད༌ཁན༌ གུན༌, ཅ༌མོའེ༌ རང༌ངི༌ ཅབ༌ཕྲུག༌གུན༌ སྐྱོབ༌ཅེས༌ལ༌ ཤོག༌པའེ༌ ཡོག༌ག༌ ལྡུའ༌ ཙོགས༌ལ༌, ངེའང༌ ཁྱོ༌ཞའ༌ ལན༌ མང༌པོ༌ ལྡུ༌ཅེས༌སི༌ དོད༌པ༌ ཅོས༌པིན༌, ཨིན༌ནའང༌ ཁྱོ༌ཞའེ༌ ངའ༌ ཅོ༌ མ༌ཅུགས༌། 38 ཏ༌ ལྟོས༌, ནས༌ཏེ༌ ཡོད༌ཁན༌བོ༌ བིང༌ཏེ༌ སྐྱོད༌པ༌ ཁྱོ༌ཞའེ༌ ཆོད༌ཁང༌ སྟོང༌པ༌ ཨིན༌ནོག༌། 39 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, ཁྱོ༌ཞའ༌ ང༌ ཡང༌སྐྱར༌ མི༌ཐོང༌, ནམ༌ཚོག༌པ༌ ཁྱོ༌ཞའེ༌ 'གཙོ༌བོ༌ དཀོན༌མཆོག༌གི༌ ཝང༌ཆའེ༌ ནང༌ང༌ སྐྱོད༌ཁན༌བོ༌ ཅིན༌ལབས༌ཅན༌ ཨིན༌' མི༌ཟེར༌།"
*23:8 23:8 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ རབ༌བི༌ ཏོན༌ནི༌ ལོབ༌པོན༌ ཨིན༌ནོག༌།
†23:14 23:14 སྔན༌མའེ༌ གིརིས༌སི༌ སྤེ༌ཆའེ༌ 23:14 བྲིས༌ཏེ༌ མེད༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ སྟིང༌མ༌གུན༌ནི༌ ནང༌ང༌ "ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཕ༌རུ༌ཤི༌པ༌, ཁྱོ༌ཞ༌གུན༌ལ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཁ༌ཆོས༌པ༌ ཁྱོ༌ཞ༌གུན༌ནི༌ ཨ༌ནེ༌ མ༌རང༌མོ༌གུན༌ལ༌ གོབ༌སྐོར༌ཏེ༌ ཁོང༌ངི༌ ཁང༌པ༌གུན༌ ཁྱེར༌ཅེས༌, ཡང༌ མི༌གུན༌ལ༌ ལྟན༌ཅེས༌སི༌ ཕིའ༌ མོས༌ལམ༌ རིང༌མོ༌ ཞུ༌དུག༌། ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ལ༌ ཆད༌པ༌ སྲན༌ཏྲེ༌ ཏང༌ཨིན༌" ཐུད༌ཏེ༌ ཨིན༌ནོག༌།