21
ཡེ༌རུ༌ཤ༌ལེམ༌ སོ༌མ༌།
21:1 ནེ༌ 27
1 ཏེ༌ནེ༌ ང༌ ནམ༌ཁའ༌ སོ༌མ༌ དང༌ ཇིག༌རྟེན༌ སོ༌མ༌ གུན༌ ཐོང༌། སྔུན༌ལ༌ ཡོད༌ཁན༌ནི༌ ནམ༌ཁའ༌ དང༌ ཇིག༌རྟེན༌ མེད༌ཁན༌ སོང༌, ཡང༌ གྱ༌ཚོའང༌ སྟོར༌ཏེ༌ མི༌དུག༌། 2 བག༌མ༌ ཁོ༌རང༌ངི༌ མག༌པའེ༌ ཕིའ༌ ཟབས༌ཏེ༌ ལྡེ༌མོ༌ ཅོ༌ཁན༌ ཙོགས༌ལ༌ ངའེ༌ གྱལ༌ས༌ དམ༌པ༌, ཡེ༌རུ༌ཤ༌ལེམ༌ སོ༌མ༌ ནམ༌ཁའ༌ནེ༌ དཀོན༌མཆོག༌གི༌ སྐུན༌དུན༌ནེ༌ བབས༌ཨིན༌ ཐོང༌། 3 ཡང༌ ང༌ ཞུགས༌ཁྲིས༌སི༌ ཀ༌ནེ༌ སྐད༌ ཆེན༌མོ༌ཞིག༌གི༌ མོལ༌ཨིན༌ ཚོར༌, "ཏ༌ དཀོན༌མཆོག༌གི༌ ཞུག༌སི༌ ནས༌ས༌ མི༌གུན༌ནི༌ ཕྲོའ༌ དུག༌, ཡང༌ ཁོང༌ མི༌གུན༌ ཉམ༌པོ༌ ཞུགས༌ཨིན༌། ཁོང༌གུན༌ དཀོན༌མཆོག༌གི༌ མི༌ དང༌ དཀོན༌མཆོག༌ ཁོང༌གུན༌ནི༌ དཀོན༌མཆོག༌ གྱུར༌ཨིན༌, ཡང༌ དཀོན༌མཆོག༌ ཁོང༌རང༌ ཁོང༌གུན༌ ཉམ༌པོ༌ ཞུགས༌ཨིན༌། 4 ཁོང༌ངི༌ ཁོང༌གུན༌ནི༌ མིག༌ནེ༌ ཆི༌མ༌གུན༌ ཕིའ༌ ཛད༌ཨིན༌། ཏེ༌རུ༌ ཤི༌ཅེས༌, ཡ༌ རྡུག༌ངལ༌, ཡ༌ ངུ༌ཅེས༌, ཡ༌ ཟུག༌ཟེར༌ མི༌ཡོང༌, ཅིའ༌ཟེར༌ན༌ འི༌ ཚང༌མ༌ མ༌ནེ༌ མེད༌ཁན༌ སོང༌ཏེ༌ ཨིན༌ནོག༌།
5 ཞུགས༌ཁྲིས༌སི༌ཀ༌ ཞུགས༌ཏེ༌ ཡོད༌ཁན༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ལྟོས༌ཤིག༌ ངའེ༌ ཅི༌ཚང༌མ༌ སོ༌མ༌ ཅོའད༌།" ཡང༌ ཁོང༌ངི༌ ངའ༌ མོལས༌, "འི༌བོ༌ བྲིས༌ ཅིའ༌ཟེར༌ན༌ འི༌ སྤེ༌ར༌ ཚང༌མ༌ ཨིད༌ཤེས༌ཅན༌ དང༌ དྲང༌པོ༌ ཨིན༌ནོག༌།"
6 ཁོང༌ངི༌ ངའ༌ ཡང༌ མོལས༌, "ཏ༌ ཅི༌ཚང༌མ༌ གྲུབ༌ ཚར༌། ང༌ ནི༌ ཨལ༌ཕཱ༌ དང༌ ཨོ༌མེ༌ག༌ ཨིན༌, གོ༌ཟུག༌ནེ༌ ཕར༌ལ༌ ཡོད༌ཁན༌ ཡང༌ ཐའ༌མ༌ ཚོག༌པ༌ ལུས༌ཁན༌། སྐོམས༌ཏེ༌ ཡོད༌ཁན༌གུན༌ལ༌ ངའེ༌ མི༌ཚེ༌ ཏང༌ཁན༌ནི༌ ཆུ༌མིག༌གི༌ ཆུ༌བོ༌ ཆོན༌ལ༌ ཏང༌ཨིན༌། 7 གྱལ༌ཁའ༌ ཐོབ༌ཁན༌གུན༌ལ༌ འི༌ ཅིན༌ལབས༌ ཚང༌མ༌ ཐོབ༌ཨིན༌, ཡང༌ ང༌ ཁོང༌ངི༌ དཀོན༌མཆོག༌ དང༌ ཁོང༌གུན༌ ངའེ༌ ཕྲུ༌གུ༌ གྱུར༌ཨིན༌། 8 ཨིན༌ནའང༌ ཟུན༌ ཏང༌ཁན༌ ཚང༌མ༌, ཇིགས༌བུད༌, ཏད༌པ༌ མེད༌ཁན༌, ཚི༌ཏུ༌ སྕོད༌པ༌, མི༌སད༌, ལུས༌བྲེལ༌ ངན༌པ༌, ཇའ༌དུ༌ ཅོ༌ཁན༌, དང༌ སྐུན༌དྲ༌ ཅོལ༌ཁན༌ གུན༌ མུ༌ཟི༌ མེའ༌ ཞེན༌ཨིན༌ ཡོད༌ཁན༌ནི༌ ཚོའེ༌ ནང༌ང༌ ཕང༌ཨིན༌, ཀ༌བོའ༌ ཤི༌ཅེས༌ ཉིས༌པ༌ ཟེར༌རད༌།
9 ཡང༌ སྟིང༌ཇུག༌གི༌ རྡུག༌ངལ༌ རྡུན༌ནི༌ གངས༌ཁན༌ གོར༌མོ༌ ཁུར༌ཏེ༌ ཡོད༌ཁན༌ ཕོ༌ཉ༌ རྡུན༌ནི༌ ནང༌ནེ༌ ཅིག༌ ཡོངས༌ཏེ༌ ངའ༌ མོལ༌ལ༌རག༌, "འི༌རུ༌ ཡོང༌! ངའེ༌ ཁྱོ༌རང༌ང༌ བག༌མ༌, ལུ༌གུའི༌ ན༌མ༌བོ༌ ལྟན༌ཨིན༌། 10 ཡང༌ ཁོང༌ངི༌ ང༌ ཐུག༌ཉིད༌དི༌ ནང༌ང༌ མའ༌ རི༌ ཐོན༌པོ༌ཞིག༌གི༌ཀ༌ ཁྱེར༌ར༌ ཛད༌ཏེ༌ ང༌ ནམ༌ཁའ༌ནེ༌ དཀོན༌མཆོག༌གི༌ སྐུན༌དུན༌ནེ༌ བབས༌ཨིན༌ ཡོད༌ཁན༌ གྱལ༌ས༌ དམ༌པ༌ ཡེ༌རུ༌ཤ༌ལེམ༌བོ༌ ལྟན༌ན༌ ཛདས༌། 11 ཏེ༌ གྱལ༌ས༌བོ༌, དཀོན༌མཆོག༌གི༌ ཟིར༌རྗིད༌དི༌ ནང༌ང༌ ཁྲ༌ རིན༌ཅན༌ ཙོགས༌ལ༌ ཁྲ༌ཆེམ༌ཆེམ༌ ཅོ༌རུག༌, ཀ༌བོ༌ ཤེལ༌ ཙོགས༌ སལ༌པོ༌ ཡོད༌ཁན༌ ཡ༌ཤབ༌ ཟེར༌ཁན༌ནི༌ ཁྲ༌ ཙོགས༌ དུག༌། 12 གྱལ༌སའེ༌ ཀྱང༌ར༌བོ༌ མངས༌ཏེ༌ ཐོན༌པོ༌ དང༌ སྲན༌ཏྲེ༌ དུག༌, ཀ༌བོའེ༌ གྱས༌སྒོ༌ ཅུག༌ཉིས༌པོ༌ ཕོ༌ཉ༌ ཅུག༌ཉིས༌སི༌ སྲུངས༌ཏེ༌ དུག༌། ཨིས༌ར༌ཨེལ༌པའེ༌ མི༌རིགས༌ ཅུག༌ཉིས༌སི༌ མིང༌གུན༌, ཏེ༌ གྱས༌སྒོ༌གུན༌ནི༌ཀ༌ བྲིས༌ཏེ༌ དུག༌། 13 ཤར༌ ཆོགས༌ལ༌ གྱས༌སྒོ༌ སུམ༌, བྱང༌ ཆོགས༌ལ༌ གྱས༌སྒོ༌ སུམ༌, ལྷོ༌ ཆོགས༌ལ༌ གྱས༌སྒོ༌ སུམ༌, ཡང༌ ནུབ༌ ཆོགས༌ལ༌ གྱས༌སྒོ༌ སུམ༌ དུག༌། 14 ཡང༌ ཏེ༌ གྱལ༌སའེ༌ ཀྱང༌རའ༌, རྩིགས༌རྨང༌ ཅུག༌ཉིས༌ དུག༌, ཏེ༌གུན༌ནི༌ཀ༌ ལུ༌གུའི༌ སྐུ༌ཚབས༌ ཅུག༌ཉིས༌སི༌ མིང༌གུན༌ བྲིས༌ཏེ༌ དུག༌།
15 ངའ༌ སྤེ༌ར༌ ཏང༌ཁན༌ནི༌ ཕོ༌ཉ༌བོའེ༌ ཁོ༌རང༌ངི༌ ཆག༌ག༌, གྱལ༌ས༌, ཏེ༌བོའེ༌ གྱས༌སྒོ༌ དང༌ ཀྱང༌རའེ༌ ཚད༌གུན༌ ཏབ༌ཅེས༌ལ༌, སེར༌རི༌ ཚད༌ ཏབ༌ཅེས༌སི༌ བེར༌ཀ༌ཞིག༌ ནམས༌ཏེ༌ དུག༌། 16 གྱལ༌ས༌བོ༌ ཀྲུབ༌ཞི༌, ཀ༌བོའེ༌ ཞང༌ དང༌ རིང༌ དང༌ ཐོན༌ གུན༌ དྲན༌དྲ༌ དུག༌། ཕོ༌ཉའེ༌ གྱལ༌ས༌བོ༌ ཏབ༌བ༌ཅིག༌, ཏེ༌བོའེ༌ ཞང༌, རིང༌ དང༌ ཐོན༌ གུན༌ དྲན༌དྲ༌, ཀི༌ལོ༌མི༌ཀྲར༌ 2,400 བིང༌། 17 ཁོང༌ངི༌ ཀྱང༌ར༌བོ༌ ཏབས༌, ཏེ༌བོ༌ མི༌ཀྲར༌ 70 ཞང༌ཅན༌ དུག༌པིན༌, ཏེ༌གུན༌ ཏབ༌ཅེས༌ལ༌ ཕོ༌ཉའེ༌ མི༌ ཀོལ༌ཁན༌ནི༌ ཚད༌ ཏབ༌ཅེས༌པོ༌ ཀོལ༌ལ༌ ཛད༌དུག༌། 18 ཀྱང༌ར༌བོ༌ ཁྲ༌རྡོ༌ རིན༌ཅན༌ ཡ༌ཤབ༌ ཟེར༌ཁན༌, ཡང༌ གྱལ༌ས༌བོ༌ སེར༌ ཀྱང༌ངི༌ རྩིགས༌ཏེ༌ དུག༌ ཀ༌བོ༌ ཤེལ༌ ཙོགས༌ སལ༌པོ༌ དུག༌། 19 གྱལ༌སའེ༌ ཀྱང༌རའེ༌ རྩིགས༌རྨང༌གུན༌ ཁྲ༌རྡོ༌ རིན༌ཅན༌ སྣ༌ 12 ཉམ༌པོ༌ རྩིགས༌ཏེ༌ ལྡེ༌མོ༌ ཅོའ༌ ཛད༌ཏེ༌ དུག༌། རྩིགས༌རྨངས༌སི༌ ཁྲ༌རྡོ༌གུན༌, ཏང༌པོ༌ ཇས༌པར༌, ཉིས༌པ༌ ནི༌ལིམ༌, སུམ༌པ༌ ཨ༌གེཊ༌, ཞི༌པ༌ ཨེ༌མེ༌རལད༌, 20 ལྔ༌པ༌ ཨོ༌ནིགས༌, དྲུག༌པ༌ ཀར༌ནེ༌ལིའན༌, རྡུན༌པ༌ ཀིརི༌སོ༌ལའིཊ༌, རྒྱད༌པ༌ ཡུ༌, དགུ༌པ༌ ཊོ༌པཟ༌, རྕུ༌པ༌ ཀིརི༌སོ༌པེརེས༌, རྕུག༌ཅིག༌པ༌ ཇེ༌སིནཐ༌ དང༌ ཅུག༌ཉིས༌པ༌ ཨ༌མེ༌ཐིསཊ༌ གུན༌ ཨིན༌ནོག༌། 21 ཡང༌ གྱས༌སྒོ༌ ཅུག༌ཉིས༌པོ༌ མུ༌ཏིག༌ ཅུག༌ཉིས༌, ཡང༌ ཏེ༌ གྱས༌སྒོ༌ རེ༌རེ༌ མུ༌ཏིག༌ ཆེན༌མོ༌ ཅིག༌གི༌ ཛད༌ཏེ༌ དུག༌། ཏེ༌ གྱལ༌སའེ༌ ལམ༌ དང༌ སྲང༌ གུན༌ ཤེལ༌ ཙོགས༌སི༌ སལ༌པོ༌ སེར༌རི༌ ཛད༌ཏེ༌ དུག༌།
22 ང༌ ཏེ༌ནང༌ང༌ ཆོད༌ཁང༌ཞིག༌ མ༌ནེ༌ མ༌ཐོང༌, ཅིའ༌ཟེར༌ན༌ གཙོ༌བོ༌ དཀོན༌མཆོག༌ ཀུན༌ཝང༌ དང༌ ལུ༌གུ༌ ཏེ༌གུན༌ནི༌ ཆོད༌ཁང༌ ཨིན༌ནོག༌། 23 ཏེ༌ གྱལ༌ས༌བོའ༌ ཉི༌མ༌ ཡ༌ ཟླ༌ཝའེ༌ འོད༌དི༌ སྒོས༌དོམ༌ མི༌དུག༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཟིར༌རྗིད༌དི༌, ཏེ༌ གྱལ༌ས༌བོ༌ འོད༌ཅན༌ ཛད༌ཏེ༌ ལུ༌གུ༌ ནི༌ ཏེ༌བོའེ༌ སྐྱོང༌ཙེ༌ ཨིན༌ནོག༌། 24 ཡང༌ གྱལ༌ཁམས༌སི༌ མི༌གུན༌ ཏེ༌ འོད༌དི༌ ནང༌ང༌ གྲུལ༌ཨིན༌། ཇིག༌རྟེན༌ནི༌ གྱལ༌པོ༌གུན༌ནི༌ ཁོ༌རང༌ངི༌ གུ༌ནོར༌རི༌ སྤལ༌གུན༌, ཏེ༌ གྱལ༌སའེ༌ ནང༌ང༌ ཁྱོང༌ཨིན༌། *21:24 ཞལ༌ཆད༌ སྙིང༌པའེ༌ ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 60:3 ནེ༌ 5 ནང༌ངའང༌ འིན༌ན༌ཏུས༌སི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌ ཀ༌བོ༌ནེ༌ ཡེ༌ཤུའི༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌སའེ༌ ནང༌ང༌ ཝང༌སྲུལ༌ལ༌ ཛད༌ཨིན༌ ཡང༌ ཇིག༌རྟེན༌ནི༌ གྱལ༌ཁག༌གུན༌ནི༌ ཁོང༌རང༌གུན༌ནི༌ གྱུ༌ནོར༌གུན༌ ཏེན༌ན༌ གྱལ༌སའེ༌ ནང༌ང༌ ཁྱོང༌ཨིན༌ ཡང༌ ཏེ༌གུན༌ དཀོན༌མཆོག༌གི༌ འོད༌དི༌ ནང༌ང༌ དུག༌ཨིན༌། 25 ཏེ༌ གྱལ༌སའེ༌ གྱས༌སྒོ༌གུན༌ མ༌ནེ༌ ཅུག༌ག༌ མ༌ནོག༌, ཅིའ༌ཟེར༌ན༌ ཏེ༌རུ༌ ཚན༌ མ༌ནེ༌ མེད༌ཀྱག༌། 26 གྱལ༌ཁམས༌ ཁོ༌རང༌གུན༌ནི༌ སྟེར༌ དང༌ གུ༌ནོར༌རི༌ སྤལ༌གུན༌, ཏེ༌ གྱལ༌སའེ༌ ནང༌ང༌ ཁྱོང༌ཨིན༌། 27 ངན༌པ༌ ཅིག༌གའང༌ ཏེ༌ནང༌ང༌ ཆ༌ མི༌ཅུག༌, མ༌ཚད༌ ཁྲེལ༌བའེ༌ ལས༌ ཅོ༌ཁན༌, ཡ༌ ཟུན༌ ཏང༌ཁན༌གུན༌ནའང༌། ཨིན༌ནའང༌ ལུ༌གུའི༌ ཐའ༌མེད༌པའེ༌ མི༌ཚེའེ༌ སྤེ༌ཆའེ༌ ནང༌ང༌ མིང༌ བྲིས༌ཏེ༌ ཡོད༌ཁན༌ནི༌ མི༌གུན༌ ཏེ༌ནང༌ང༌ ཆ༌ཉན༌ཨིན༌།
*21:24 21:24 ཞལ༌ཆད༌ སྙིང༌པའེ༌ ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 60:3 ནེ༌ 5 ནང༌ངའང༌ འིན༌ན༌ཏུས༌སི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌ ཀ༌བོ༌ནེ༌ ཡེ༌ཤུའི༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌སའེ༌ ནང༌ང༌ ཝང༌སྲུལ༌ལ༌ ཛད༌ཨིན༌ ཡང༌ ཇིག༌རྟེན༌ནི༌ གྱལ༌ཁག༌གུན༌ནི༌ ཁོང༌རང༌གུན༌ནི༌ གྱུ༌ནོར༌གུན༌ ཏེན༌ན༌ གྱལ༌སའེ༌ ནང༌ང༌ ཁྱོང༌ཨིན༌ ཡང༌ ཏེ༌གུན༌ དཀོན༌མཆོག༌གི༌ འོད༌དི༌ ནང༌ང༌ དུག༌ཨིན༌།