ལེའུ་བཞི་པ།
1 ཡ་ཧུ་དཱའི་བུ་ནི་ཕེ་རེལ་ཟི་དང་། ཧེས་རོན། ཀར་མི། ཧུ་རཱ། ཤོ་བལ་བཅས་སོ། །
2 ཡང་ཤོ་བལ་གྱི་བུ་རེ་ཨ་ཡཱ་ལས་ཡ་ཧད་མཆེད་པ་དང་། ཡ་ཧད་ལས་ཨ་ཧུ་མ་ཨི་དང་ལཱ་ཧད་མཆེད། དེ་དག་ནི་ཙོ་རཱ་པའི་ཁྱིམ་རྒྱུད་ཡིན།
3 ཨེ་ཏམ་གྱི་བུ་ནི་ཡེ་སི་རེ་ཨེལ་དང་། ཡིས་མཱ། ཨིད་པ་སི་བཅས་ཡིན་ལ། དེ་དག་གི་སྲིང་མོའི་མིང་ལ་ཧ་ཙེ་ལེག་ཕོ་ནི་ཞེས་བྱའོ། །
4 གེ་དོར་གྱི་ཕ་ནི་ཕེ་ནུ་ཨེལ་ཡིན། ཧུ་ཤཱ་ཡི་ཕ་ནི་ཨེ་ཟེར་ཡིན། དེ་ཐམས་ཅད་ནི་པེད་ལེ་ཧེམ་གྱི་ཕ་ཨེབ་རཱད་ཀྱི་བུ་སྐྱེས་འགོ་ཧུ་རཱ་ལས་མཆེད་དོ། །
5 ཐེ་ཀོ་ཨ་ཡི་ཕ་ཨ་སི་ཧུར་ལ་ཆུང་མ་གཉིས་ཡོད་དེ། ཧེ་ལཱ་དང་ནཱ་ཨ་རཱ་བྱ་བ་གཉིས་ཡིན།
6 ནཱ་ཨ་རཱ་ཡིས་ཨ་སི་ཧུར་ལ་ཨ་ཧུ་སཱམ་དང་། ཧེ་ཕེར། ཐེ་མེ་ནི། ཨ་ཧསཱ་ཏ་རི་བཅས་བཙས། དེ་ཐམས་ཅད་ནི་ནཱ་ཨ་རཱ་ཡི་བུ་རྣམས་ཡིན།
7 ཧེ་ལཱ་ཡི་བུ་ནི་ཙེ་རེད་དང་། ཙོ་ཧར། ཨེད་ནན་བཅས་ཡིན།
8 ཀོ་ཙཱ་ལས་ཨ་ནུབ་དང་། ཙོ་བེ་བཱ། ཧ་རུམ་གྱི་བུ་ཨ་ཧར་ཧེལ་གྱི་ཁྱིམ་རྒྱུད་རྣམས་མཆེད་དོ། །
9 ཡ་པེ་ཙཱ་ནི་ཁོ་རང་གི་སྤུན་རྣམས་ལས་བཀུར་འོས་པ་ཡིན་ཏེ། དེའི་མ་ཡིས་ཁོའི་མིང་ལ་ཡ་པེ་ཙཱ་ཞེས་བཏགས་པ་སྟེ། དོན་ནི་ཁོ་བཙའ་བའི་དུས་སུ་ཟུག་གཟེར་ཆེན་པོ་མྱངས་ཞེས་པའོ། །
10 ཡ་པེ་ཙཱ་ཡིས་ཡེས་ར་ཨེལ་གྱི་དཀོན་མཆོག་ལ། ཁྱེད་ཀྱིས་བདག་ལ་བྱིན་རླབས་གནང་བར་མཛོད། བདག་གི་མཐའ་མཚམས་རྒྱ་བསྐྱེད་དེ། ཁྱེད་ཀྱི་ཕྱག་ནི་དུས་ནམ་ཡང་བདག་དང་ལྷན་དུ་བཞུགས་པ་དང་། ང་རང་གནོད་འཚེ་དང་མི་འཕྲད་ཅིང་དཀའ་སྡུག་མི་མྱོང་བའི་ཕྱིར་བསྲུང་བར་མཛོད་ཅིག་ཅེས་ཞུ་བ་ཕུལ་བས། དཀོན་མཆོག་གིས་ཁོའི་ཞུ་བར་གསན་ཏོ། །
11 ཤུ་ཧ་ཡི་སྤུན་ཀེ་ལུབ་ནས་མེ་ཧིར་མཆེད། མེ་ཧིར་ནི་ཨེ་སི་ཏོན་གྱི་ཕ་ཡིན།
12 ཨེ་སི་ཏོན་ལས་པེད་ར་ཕཱ་དང་ཕཱ་སེ་ཨ། ཨིར་ན་ཧ་སི་ཡི་ཕ་ཐེ་ཧིན་ནཱ་བཅས་མཆེད་པ་དང་། དེ་ཐམས་ཅད་ནི་རེ་ཀཱ་པ་ཡིན་ནོ། །
13 ཀེ་ན༌ཟཱ་ཡི་བུ་ནི་ཨོད་ནི་ཨེལ་དང་སེ་ར་ཡཱ་ཡིན། ཨོད་ནི་ཨེལ་གྱི་བུ་རྣམས་ནི་ཧ་ཐད་དང་མེ་ཨོ་ནོ་ཐ་ཨི་ཡིན།
14 མེ་ཨོ་ནོ་ཐ་ཨི་ལས་ཨོབ་རཱ་མཆེད་པ་དང་། སེ་ར་ཡཱ་ལས་གེ་ཧ་ར་ཤིམ་པའི་མེས་པོ་ཡོ་ཨབ་མཆེད། དེ་དག་ནི་ལག་ཤེས་པ་ཡིན་ནོ། །
15 ཡེ་ཕུན་ནེ་ཡི་བུ་ནི་ཀཱ་ལེབ་དང་། ཀཱ་ལེབ་ཀྱི་བུ་ནི་ཨི་རུ་དང་། ཨེ་ལཱ། ནཱ་ཨམ་བཅས་ཡིན་ལ། ཨེ་ལཱ་ཡི་བུ་ནི་ཀེ་ནཱ༌ཟཱ་ཡིན་ནོ། །
16 ཨེ་ཧལ་ལེལ་ཨེལ་གྱི་བུ་ནི་ཟིབ་དང་ཟི་ཕཱ། ཐི་རེ་ཡཱ། ཨ་སར་ཨེལ་བཅས་སོ། །
17 ཨེ་ཛ་རཱ་ཡི་བུ་ནི་ཡེ་ཐེར་དང་། མེ་རེད། ཨེ་ཕེར། ཡ་ལོན་བཅས་ཡིན། མེ་རེད་ཀྱིས་ཕཱར་ཨོལ་གྱི་སྲས་མོ་པིད་ཡཱ་བྱ་བ་ཆུང་མར་བླངས་ཤིང་། པིད་ཡཱ་ཡིས་མིར་ཡམ་དང་། ཤམ་མཱ་ཨི། ཨེ་སི་ཏེ་མོ་ཨ་ཡི་མེས་པོ་ཡི་སི་པཱ་བཅས་བཙས་སོ། །
18 མེ་རེད་ཀྱི་ཡ་ཧུ་དཱ་པའི་ཆུང་མ་ལས་གེ་དོར་གྱི་ཕ་ཡཱ་རཱད་དང་། སོ་ཀོ་ཡི་ཕ་ཧེ་བེར། ཟཱ་ནོ་ཨ་ཡི་ཕ་ཡེ་ཀུ་ཐི་ཨེལ་བཅས་མཆེད་དོ། །
19 ཧོ་དི་ཡཱ་ཡི་ཆུང་མའམ་ནཱ་ཧམ་གྱི་སྲིང་མོའི་བུ་ནི། གར་མེ་པ་ཀེ་ཨི་ལཱ་ཡི་ཕ་དང་། མ་ཨ་ཀཱ་པ་ཨེ་སི་ཏེ་མོ་ཨ་ཡི་ཕ་ཡིན།
20 ཤི་མོན་གྱི་བུ་ནི་ཨམ་ནོན་དང་། རིན་ནཱ། པེན་ཧ་ནན། ཐི་ལོན་བཅས་ཡིན། ཡི་ཤི་ཡི་བུ་ནི་ཟོ་ཧེད་དང་། པེན་ཟོ་ཧེད་ཡིན།
21 ཡ་ཧུ་དཱའི་བུ་ནི་ཤེ་ལཱ་ཡིན་ཞིང་། ཤེ་ལཱ་ཡི་བུ་ནི་ལེ་ཀཱ་ཡི་ཕ་ཨེར་བྱ་བ་དང་། མཱ་རེ་ཤ་ཡི་ཕ་ལ་ཨ་དཱ་དང་། པེད་ཨ་སི་བེ་ཨ་རུ་གནས་པའི་སོ་རས་སྲབ་བུ་འཐག་མཁན་གྱི་ཁྱིམ་རྒྱུད་བཅས་ཡིན།
22 དེར་མ་ཟད། ཡོ་ཀིམ་དང་། ཀོ་ཟེ་བཱ་ཡི་མི་རྣམས། ཡོ་ཨ་སི། སཱ་རབ་བཅས་ཡོད་པ་དང་། དེ་དག་གིས་སྔར་མོ་ཨབ་ཡུལ་ལ་དབང་བསྒྱུར་ཅིང་། ད་དུང་ཡ་ཧྲོའུ་པེ་ལེ་ཧེམ་ཡང་ཡོད་པའོ། །འདི་ཐམས་ཅད་ནི་གནའ་བོའི་ལོ་རྒྱུས་ཡིན།
23 དེ་ཐམས་ཅད་རྫ་བཟོ་ཡིན་ལ། ནེ་ཏ་ཨིམ་དང་གེ་དེ་རཱ་ཡི་ཡུལ་མི་ཡིན། དེ་དག་རྒྱལ་པོ་བཞུགས་སར་བསྡད་ནས་རྒྱལ་པོའི་ཕྱིར་ལས་ཀ་བྱེད་པའོ། །
སི་མུ་ཨོན་གྱི་ཚོ་པ།
24 སི་མུ་ཨོན་གྱི་བུ་ནི་ནེ་མུ་ཨེལ་དང་། ཡཱ་མེན། ཡ་རིབ། ཟེ༌རག ཤཱ་ཨུལ་བཅས་ཡིན།
25 སོ་ལོའི་བུ་ནི་ཤཱལ་ལུམ་དང་། ཤཱལ་ལུམ་གྱི་བུ་ནི་མིབ་སཱམ། མིབ་སཱམ་གྱི་བུ་ནི་མུས༌མཱ་ཡིན།
26 མུས༌མཱ་ཡི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། མུས་མཱ་ཡི་བུ་ནི་ཧམ་མུ་ཨེལ་དང་། ཧམ་མུ་ཨེལ་གྱི་བུ་ནི་ཟག་ཀུར། ཟག་ཀུར་གྱི་བུ་ནི་ཤིམ་ཨི་ཡིན།
27 ཤིམ་ཨི་ལ་བུ་བཅུ་དྲུག་དང་བུ་མོ་དྲུག་ཡོད་ཀྱང་། ཁོའི་སྤུན་རྣམས་ལ་བུ་དང་བུ་མོ་མང་པོ་མེད་དེ། ཁོ་རྣམས་ཀྱི་ཁྱིམ་རྒྱུད་སོ་སོ་ལ་ཡ་ཧུ་དཱ་པའི་བུ་རབས་ཚ་རྒྱུད་ལྟར་མང་པོ་མ་འཕེལ་ཏོ། །
28 ཁོ་རྣམས་ནི་པེར་ཤ་བཱ་དང་། མོ་ལ་དཱ། ཧ་ཚར་ཤུ་ཨལ།
29 པེལ་ཧ། ཨེ་ཚེམ། ཐོ་ལད།
30 པེ་ཐུ་ཨེལ། ཧོར་མཱ། ཙིག་ལག
31 པེད་མར་ཀ་བོད། ཧ་ཚཱར་སུ་སིམ། པེད་བི་རི། ཤཱ་ཨ་ར་ཡིམ་བཅས་སུ་གནས་ཤིང་། དཱ་བིད་རྒྱལ་པོར་བཞུགས་པའི་བར་དུ་གྲོང་ཁྱེར་དེ་དག་ནི་ཁོ་རྣམས་ལ་གཏོགས་ཤིང་།
32 ཡང་ཉེ་འཁོར་གྱི་གྲོང་ཚོ་ནི། ཨེ་ཏམ་དང་། ཨ་ཡིན། རིམ་མོན། ཏོ་ཀེན། ཨ་ཤན་བཅས་བསྡོམས་པས་གྲོང་རྡལ་ལྔ་དང་།
33 གྲོང་རྡལ་དེ་དག་མཐའ་སྐོར་གྱི་གྲོང་ཚོ་ཐམས་ཅད་ནས་པཱ་ཨལ་བར་དུ་ཡིན་ལ། དེ་ནི་དེ་དག་སྡོད་སའི་གནས་ཡིན། ཁོ་རྣམས་ལ་རང་རང་གི་ཁྱིམ་རབས་ཀྱང་ཡོད་པ་ཡིན་ནོ། །
34 ཡང་མེ་ཤོ་བབ་དང་། ཡམ་ལེག ཨ་མཱ་ཙི་ཡའི་བུ་ཡོ་ཤཱ་དང་།
35 ཡོ་ཨེལ། ཡོ་ཤིབ་ཡཱའི་བུ་ཡེ་ཧུ་ཡང་ཡོད་ཅིང་། ཡོ་ཤིབ་ཡཱ་ནི་སེ་ར་ཡཱའི་བུ་དང་། སེ་ར་ཡཱ་ནི་ཨ་སི་ཨེལ་གྱི་བུ་ཡིན་པའོ། །
36 ཡང་ཨེལ་ཡོ་ཨེ་ན་ཨི་དང་། ཡ་ཨ་ཀོ་བཱ། ཡེ་ཤོ་ཧ་ཡཱ། ཨ་སཱ་ཡ། ཨ་དི་ཨེལ། ཡེ་སི་མི་ཨེལ། པེ་ནཱ་ཡ་བཅས་ཡོད།
37 ཟི་ཟཱ་ནི་ཤི་ཕི་ཡི་བུ་དང་། ཤི་ཕི་ནི་ཨལ་ལོན་གྱི་བུ་ཡིན། ཨལ་ལོན་ནི་ཡེ་དཱ་ཡའི་བུ་ཡིན། ཡེ་དཱ་ཡ་ནི་ཤིམ་རིའི་བུ་ཡིན། ཤིམ་རི་ནི་ཤེ་མཱ་ཡའི་བུ་ཡིན་ནོ། །
38 གོང་དུ་བཀོད་པའི་མིང་རྣམས་ནི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་ཏེ། དེ་དག་གི་ཁྱིམ་རྒྱུད་ཐམས་ཅད་ཤིན་ཏུ་དར་བའོ། །
39 དེ་དག་གེ་དོར་གྱི་མཐའ་འཁོབ་ཏུ་ལུང་པའི་ཤར་ཕྱོགས་བར་དུ་ཕྱིན་ཏེ་ར་ལུག་གི་ཁྱུ་འཚོ་སའི་རྩྭ་ས་བཙལ་ཞིང་།
40 ས་བཅུད་འཛོམས་ཤིང་ཡིད་དུ་འོང་བའི་རྩྭ་ས་རྙེད་པ་སྟེ། ཡུལ་དེ་ནི་ཡངས་ཤིང་ལྷིང་འཇགས་ཡིན་ལ། སྔར་ཧཱམ་གྱི་མི་རྣམས་ཡུལ་དེར་བསྡད་པའོ། །
41 གོང་དུ་མིང་བཀོད་པའི་མི་རྣམས་ཀྱིས་ཡ་ཧུ་དཱའི་རྒྱལ་པོ་ཧི་ཟི་ཀི་ཡཱའི་དུས་སུ། ཧཱམ་གྱི་མི་རྣམས་ཀྱི་གུར་རྣམས་དང་ཡུལ་དེའི་མེ་ཨུན་པ་ཐམས་ཅད་ལ་རྒོལ་ཞིང་། ཁོ་རྣམས་ཚར་བཅད་པ་དང་། དེ་རིང་གི་ཉིན་མོའི་བར་དུ་དེ་དག་གི་ཡུལ་དུ་བསྡད་པ་སྟེ། རྒྱུ་མཚན་ནི་ཡུལ་དེར་ར་ལུག་གི་ཁྱུ་འཚོ་སའི་རྩྭ་ས་ཡོད་པས་སོ། །
42 སི་མུ་ཨོན་པ་དེ་རྣམས་ལས་མི་ལྔ་བརྒྱ་ནི་སེ་ཨིར་རི་བོར་ཕྱིན་པ་དང་། དེ་དག་གི་སྣེ་ཁྲིད་མཁན་ནི་ཡི་ཤིའི་བུ་ཕེ་ལད་ཡཱ་དང་། ནེ་ཨར་ཡཱ། རེ་ཕཱ་ཡ། ཨུ་ཟི་ཨེལ་བཅས་ཡིན་པ་དང་།
43 དེ་དག་གིས་ཤུལ་དུ་ལུས་པའི་ཨ་མཱད་ལེག་པ་རྣམས་བསད་ནས་དེ་རིང་གི་ཉིན་མོའི་བར་དུ་ཡུལ་དེར་གནས་སོ། །