11
པི༌ཏྲར༌རི༌ ཁོའེ༌ ལས༌གུན༌ སལ༌པོ༌ ཧ༌གོ༌ཅུག༌ག༌ ཛདས༌།
11:1 ནེ༌ 18
1 ཡ༌ཧུ༌དཱའེ༌ ནང༌ང༌ ཡོད༌ཁན༌ནི༌ སྐུ༌ཚབས༌གུན༌ དང༌ ཞན༌ ཏད༌པ༌ཅན༌གུན༌ལ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནིའང༌ དཀོན༌མཆོག༌གི༌ བཀའེ༌ཀ༌ ཏད༌པ༌ ཁྱོངས༌ཏོག༌ ཟེར༌ཏེ༌ ཚོར༌།
2 པི༌ཏྲར༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སྐྱོད༌ད༌ཅིག༌, ཡ༌ཧུ༌དཱ༌པ༌ ཏད༌པ༌ཅན༌ ཁ༌ཅིག༌གི༌ ཁོང༌ང༌ སྐྱོན༌རྗོད༌ ཅོས༌ཏེ༌ ཟེརས༌,
3 "ཉེ༌རང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ ཚི༌ཏུ༌གུན༌ནི༌ ཁང༌པ༌ སོང༌ཏེ༌ ཁོང༌གུན༌ ཉམ༌པོ༌ ཟན༌ ཟོས༌ཏོག༌།"
4 ཏེ༌ནེ༌ པི༌ཏྲར༌རི༌ བྱུང༌ཁན༌ ཚང༌མ༌ གོ༌ནེ༌ ཇུག༌ ཚག༌པ༌ ཚིར༌ ཚིར༌ ཚིར༌ལ༌ ཁོང༌གུན༌ལ༌ ཤདས༌།
5 "ངའེ༌ ཡོ༌པའ༌ གྲོང༌ཁྱེར༌རི༌ ནང༌ང༌ མོས༌ལམ༌ ཞུ༌ཨིན༌ ཡོད༌པིན༌, ཧུན༌མེད༌ལ༌ ང༌ འི༌ ཞལ༌ཟིགས༌པོ༌ ཐོང༌: ནམ༌ཁའ༌ནེ༌ རས༌ ཆེན༌མོ༌ ཙོགས༌ཤིག༌ ཀྲུ༌ ཞི༌ཀོ༌ནེ༌ ཟུམས༌ཏེ༌ ངའེ༌ དུན༌ལ༌ ཕབས༌།
6 ངའེ༌ ཏེ༌བོའ༌ ཏན༌ཏན༌ ཅོས༌ཏེ༌ ལྟས༌པ༌, ཏེ༌ནང༌ང༌ སྲལ༌ཁན༌ དང༌ ནག༌ཚོགས༌སི༌ སེམས༌ཅན༌, བུ༌ཙིག༌ ན༌མི༌ན༌ ཚངས༌ དང༌ ཅ༌ཅིའུ༌ གུན༌ ཐོང༌།
7 ཏེ༌ནེ༌ ང༌ སུང༌སྐད༌ཅིག༌གི༌ 'པི༌ཏྲར༌, ཏ༌ ལངས༌ཏེ༌ འི༌གུན༌ སད༌ཏེ༌ ཟོ༌' མོལ༌ཨིན༌ ཚོར༌།"
8 "ངའེ༌ ཟེར༌པིན༌, 'ཀྱེ༌ གཙོ༌བོ༌ མ༌ནེ༌ མི༌ཟའ༌, དི༌རིང༌ ཚག༌པ༌ ངའེ༌ ཡ༌ཧུ༌དཱ༌པའེ༌ ཁྲིམས༌ སྲུངས༌ཏེ༌ འི༌ཙོགས༌སི༌ ཚི༌ཏུ༌ དང༌ ཁམ༌ལོག༌ ཟན༌གུན༌ མ༌ཟོས༌པིན༌'།"
9 "ནམ༌ཁའ༌ནེ༌ ཏེ༌ སུང༌སྐད༌པོའེ༌ ལན༌ ཉིས༌པ༌ མོལས༌, 'དཀོན༌མཆོག༌གི༌ རྩང༌མ༌ ཛད༌ཁན༌གུན༌ལ༌ ཁྱོ༌རང༌ངི༌ ཚི༌ཏུ༌ མ༌ཟེར༌།'
10 ཏེན༌ན༌བོ༌ ཚེར༌ སུམ༌ བྱུང༌, ཏེ༌ སྟིང༌ནེ༌ ཏེ༌ ཚང༌མ༌ ལོགས༌ཏེ༌ ནམ༌ཁའ༌ ཐེན༌ན༌ ཛདས༌།"
11 "ཏེན༌ན༌ ཏུས༌ལ༌ ཀཱེ༌སར༌རིའ༌ནེ༌ ང༌ ཡོད༌ས༌ ཀལ༌ཁན༌ནི༌ མིང༌གོ༌ སུམ༌, ང༌ བྲང༌ས༌ དུག༌ཁན༌ནི༌ ཁང༌པ༌བོའེ༌ སྒོའེ༌ཀ༌ ལེབ༌།
12 དམ༌པའེ༌ ཐུག༌ཉིད༌དི༌ ང༌ མོལས༌ 'ཁྱོ༌རང༌ འི༌ མི༌གུན༌ ཉམ༌པོ༌ ཐེ༌ཚོམས༌ མེད༌པ༌ སོང༌།' འི༌ ཏད༌པ༌ཅན༌ དྲུག༌གའང༌ ང༌ ཉམ༌པོ༌ ཡོངས༌, ཡང༌ ང༌ཞ༌གུན༌ ང༌ བོད༌ད༌ ཀལ༌ཁན༌ནི༌ མི༌བོའེ༌ ཁང༌པའེ༌ ནང༌ང༌ སོང༌པིན༌།
13 ཁོའེ༌ ང༌ཞའ༌ ཤདས༌, ཁོའ༌ ཁོ༌རང༌ངི༌ ཁང༌པའེ༌ ནང༌ང༌ དཀོན༌མཆོག༌གི༌ ཕོ༌ཉ༌ཞིག༌ ཇལ༌ཏེ༌ 'ཡོ༌པའ༌ ཟེར༌ས༌ མི༌གུན༌ ལམ༌ཅུགས༌ཏེ༌ ཤི༌མོན༌ པི༌ཏྲར༌ ཟེར༌ཁན༌ནི༌ མི༌བོ༌ འི༌རུ༌ བོད༌ཏེ༌ ཁྱོང༌།
14 ཁོའེ༌ ཤད༌ཁན༌ནི༌ ལོན༌བོའེ༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ ནང༌ཚངས༌ ཚང༌མའ༌ ཐར༌པ༌ ཐོབ༌ཨིན༌' མོལ༌ལ༌ རག༌།"
15 "ངའེ༌ ཤད༌ཅེས༌ གོ༌ཟུག༌ ཅོའ༌ཅིག༌, ཁོང༌གུན༌ནི༌ཀའང༌ དམ༌པའེ༌ ཐུག༌ཉིད༌ བབས༌ ཀ༌ཟུག༌གི༌ ང༌དང༌གུན༌ནི༌ཀ༌ གོ༌མ༌ བབས༌ཏེ༌ ཨིན༌པིན༌།
16 ཏེ༌ནེ༌ ང༌ གཙོ༌བོ༌ ཡེ༌ཤུའི༌ 'ཡོ༌ཧཱ༌ནན༌ནི༌ ཆུའི༌ ཁྲུས༌སལ༌ཏེ༌ ཨིན༌པིན༌, ཨིན༌ནའང༌ ཁྱོ༌ཞ༌གུན༌ལ༌ དམ༌པའེ༌ ཐུག༌ཉིད༌དི༌ ཁྲུས༌ཐོབ༌ཨིན༌' མོལ༌ཁན༌བོ༌ ཨིད༌ཏུ༌ ཡོངས༌།
17 གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ཏད༌པ༌ ཅོ༌ཁན༌ ང༌དང༌གུན༌ལ༌ སལ༌ཁན༌ནི༌ ཏེན༌ན༌ ཅིན༌ལབས༌པོ༌ དཀོན༌མཆོག༌གི༌ ཁོང༌གུན༌ལའང༌ སལ༌ཏེ༌ ཨིན༌ན༌, ཏེ༌ནེ༌ དཀོན༌མཆོག༌ག༌ གྱབ༌གལ༌ ཅོ༌ཉན༌ཨིན༌ སམ༌ཁན༌ ང༌ སུ༌ ཨིན༌ནོག༌?"
18 སྐྱོན༌རྗོད༌ ཅོ༌ཁན༌གུན༌ནི༌ ཏེ༌ སྤེ༌ར༌གུན༌ ཚོར༌ར༌ཅིག༌, ཁོང༌གུན༌ནི༌ གྱབ༌གལ༌ ཅོ༌ཅེས༌ ཕངས༌ཏེ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཨིན༌ ཟེརས༌, "ཏ༌ ཧ༌གོ༌, གྱོད༌པ༌ ཅོ༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལའང༌ དཀོན༌མཆོག༌གི༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌སི༌ སྐབས༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌།"
ཨན༌ཏི༌ཡོག༌ གྱལ༌སའེ༌ ནང༌ང༌ ཡོད༌ཁན༌ནི༌ ཆོས༌ཚོགས༌།
11:19 ནེ༌ 30
19 སྟེ༌ཕན༌ སད༌ཏེ༌ སྟིང༌ནེ༌ ནགས༌ ཐོང༌ཁན༌ནི༌ ཏད༌པ༌ཅན༌གུན༌ ཤོར༌ཏེ༌ ཐག༌རིང༌ངི༌ ཡུལ༌, ཕོ༌ནི༌ཤི༌འ༌, ཀིབ༌རུས༌ དང༌ ཨན༌ཏི༌ཡོག༌ གྱལ༌ས༌ གུན༌ལ༌ ལེབ༌། ཁོང༌གུན༌ནི༌ དཀོན༌མཆོག༌གི༌ བཀའ༌ ཡ༌ཧུ༌དཱ༌པ༌གུན༌ལ༌ མ༌ནེ༌ མ༌ཤདས༌།
20 ཨིན༌ནའང༌ ཁོང༌གུན༌ནི༌ ཕྲོ༌ནེ༌ ཀིབ༌རུས༌ དང༌ ཀི༌རིན༌ ཡུལ༌ནེ༌ ཨིན༌ཁན༌ ཁ༌ཅིག༌ ཨན༌ཏི༌ཡོག༌ གྱལ༌ས༌ སོང༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌ གོ༌ཟུག༌ ཅོས༌།
21 གཙོ༌བོ༌ དཀོན༌མཆོག༌གི༌ ཁྱུད༌ ཁོང༌གུན༌ ཉམ༌པོ༌ ཡོད༌པིན༌, ཡང༌ མི༌ མང༌པོའེ༌ ལོན༌བོའེ༌ཀ༌ ཏད༌པ༌ ཁྱོངས༌ཏེ༌ གཙོ༌བོ༌ ཡེ༌ཤུའི༌ གྱབ༌ནེ༌ བྲངས༌།
22 ཏེ༌ ནས༌ཚུལ༌བོ༌ ཡེ༌རུ༌ཤ༌ལེམ༌མ༌ ཡོད༌ཁན༌ནི༌ ཆོས༌ཚོགས༌སི༌ ཚོར༌, ཡང༌ ཁོང༌གུན༌ནི༌ བཱར༌ན༌བས༌ ཨན༌ཏི༌ཡོག༌ག༌ ལམ༌ཅུགས༌།
23 བཱར༌ན༌བས༌ ཏེ༌རུ༌ ལེབ༌བ༌ཅིག༌, དཀོན༌མཆོག༌གི༌ ཏེ༌ ཏད༌པ༌ཅན༌གུན༌ནི༌ ནང༌ང༌ ཆག༌ལས༌ ཛད༌ཅེས༌པོ༌ ཐོང༌ཏེ༌ མང༌པོ༌ ཐད༌, ཡང༌ ཁོང༌གུན༌ལ༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ སྟན༌པོ༌ དུག༌ཅེས༌ལ༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོ༌ཅེས༌སི༌ སྤོས༌པ༌ སལས༌།
24 བཱར༌ན༌བས༌ ནི༌ མ༌ མི༌ ཟང༌པོ༌ཞིག༌, དམ༌པའེ༌ ཐུག༌ཉིད༌དི༌ གངས༌ཏེ༌ ཏད༌པ༌ སྟན༌པོ༌ཅན༌ ཨིན༌པིན༌། ཁོང༌ གྱུད༌ཏེ༌ མི༌ མང༌པོའེ༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ ཏད༌པ༌ ཁྱོངས༌།
25 ཏེ༌ནེ༌ བཱར༌ན༌བས༌ ས༌འུལ༌ ཙལ༌ལ༌ ཏར༌སས༌སི༌ གྱལ༌ས༌ སྐྱོདས༌།
26 ས༌འུལ༌ ཐོབ༌བ༌ཅིག༌, ཁོང༌ ཨན༌ཏི༌ཡོག༌ག༌ ཁོང༌རང༌ ཉམ༌པོ༌ ཁྱོངས༌། ཏེ༌རུ༌ ཁོང༌ ཉིས༌ཀོ༌ ལོ༌ གང༌པོ༌ ཆོས༌ཚོགས༌སི༌ ནང༌ང༌ ཛོམས༌ཏེ༌ མི༌ མ༌ མང༌པོའ༌ ཡེ༌ཤུའི༌ སྐོར༌ལ༌ ལབ༌བ༌ ཛདས༌། ཨན༌ཏི༌ཡོག༌གི༌ ནང༌ང༌ གོ༌མ༌རང༌ མ༌ཤི༌ཀའེ༌ ལོབ༌ཕྲུགས༌གུན༌ལ༌ མ༌ཤི༌ཀ༌པ༌ ཟེརས༌།
27 ཏེན༌ན༌ ཏུས༌ལ༌ ལུང༌སྟོན༌པ༌ ཁ༌ཅིག༌ ཡེ༌རུ༌ཤ༌ལེམ༌ནེ༌ བབས༌ཏེ༌ ཨན༌ཏི༌ཡོག༌ག༌ སྐྱོདས༌།
28 ཁོང༌གུན༌ནི༌ ཕྲོ༌ནེ༌ ཅིག༌ ཨ༌ག༌བས༌ ཟེར༌ཁན༌བོ༌ ལངས༌ཏེ༌ དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ རོམ༌མི༌ ངའ༌ཡོག༌ག༌ ཡོད༌ཁན༌ནི༌ ཡུལ༌ གང༌པོའེ༌ ནང༌ང༌ མུ༌གེ༌ སྲན༌ཏྲེ༌ ལང༌ཅེས༌སི༌ ལུང༌སྟན༌བོ༌ སལས༌། ༼འི༌ མུ༌གེ༌བོ༌ རོམ༌མི༌ གྱལ༌པོ༌ ཀོལོ༌དི༌འས༌སི༌ ཏུས༌ལ༌ བྱུངས༌ཏེ༌ ཨིན༌༽།
29 ལོབ༌ཕྲུགས༌གུན༌ནི༌ རང༌རང༌ངི༌ ཁྱུད༌ ནང༌ཞིན༌ ཡ༌ཧུ༌དཱའེ༌ ནང༌ང༌ ཡོད༌ཁན༌ནི༌ ཏད༌པ༌ཅན༌གུན༌ལ༌ པེ༌ནེ༌ རོགས༌ ཅོ༌ཅེས༌ལ༌ ཐག༌ཅདས༌།
30 ཡེ༌རུ༌ཤ༌ལེམ༌མི༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ནི༌ ལག༌ག༌ ཏང༌ཅེས༌ལ༌ ས༌འུལ༌ དང༌ བཱར༌ན༌བས༌ ཉམ༌པོ༌ ཁོང༌གུན༌ནི༌ པེ༌ནེ༌ ལྡུས༌ཁན༌བོ༌ ཀལས༌།