5
ཨ༌ན༌ནི༌ཡཱས༌ དང༌ ཁོའེ༌ ན༌མ༌ སབ༌ཕི༌རའ༌།
5:1 ནེ༌ 11
1 ཏ༌ ཨ༌ན༌ནི༌ཡཱས༌ དང༌ ཁོའེ༌ ན༌མ༌ སབ༌ཕི༌རའ༌ ཟེར༌ཁན༌ནི༌ ཞིད༌མད༌ཤིག༌གི༌ རང༌ངི༌ ས༌ཀྱད༌དི༌ ཁག༌ཅིག༌ ཙོངས༌,
2 ཡང༌ ཐོབ༌ཁན༌ནི༌ པེ༌ནེ༌བོའེ༌ ནང༌ནེ༌ ཁག༌ཅིག༌ སུའང༌ གྱུས༌ཆའ༌ མ༌ཅུག༌ག༌ བོར༌ཏེ༌ ལུས༌ཁན༌བོ༌ སྐུ༌ཚབས༌གུན༌ནི༌ ཞབས༌སི༌ དུན༌ལ༌ ཕུལས༌། ཁོའེ༌ ན༌མའེ༌ འི༌ ཚང༌མའེ༌ ནང༌ང༌ ཁའ༌ཆམས༌ཏེ༌ ཨིན༌པིན༌།
3 ཏེ༌ནེ༌ པི༌ཏྲར༌རི༌ མོལས༌, "ཨ༌ན༌ནི༌ཡཱས༌, ཅིའ༌ ཁྱོ༌རང༌ངི༌ སྙིང༌ངི༌ ནང༌ང༌ ཤེ༌ཏན༌ ཡོང༌ཅུགས༌ཏེ༌, ས༌ཀྱད༌ ཙོང༌ཁན༌ནི༌ རིན༌ནི༌ ཁག༌ཅིག༌ རང༌ངི༌ ཕིའ༌ བོར༌ཏེ༌ དམ༌པའེ༌ ཐུག༌ཉིད༌ལ༌ ཟུན༌ ཏང༌ངད༌།
4 ཏེ༌ ས༌ཀྱད༌བོ༌ ཙོང༌ངི༌ སང༌ སྔུན༌ལའང༌ ཁྱོ༌རང༌ངི༌ མན༌པིན༌ན༌? ཙོངས༌ཏེ༌ སྟིང༌ནེའང༌ ཏེ༌ པེ༌ནེ༌བོའ༌ ཁྱོ༌རང༌ངི༌ ཅི༌ ཅོ༌ནའང༌ མི༌ཐད༌ད༌? ཏེ༌ནེ༌ ཁྱོ༌རང༌ང༌ སྐྱོན༌ ཅོ༌ཅེས༌སི༌ འི༌ སམ༌བ༌བོ༌ ཀ༌ནེ༌ ཡོངས༌། ཁྱོ༌རང༌ངི༌ ང༌ཞ༌གུན༌ལ༌ མན༌པ༌ དཀོན༌མཆོག༌ག༌ ཟུན༌ ཏངས༌ཏེ༌ ཨིན༌ནོག༌།"
5 ཏེ༌གུན༌ ཚོར༌ར༌ཅིག༌ ཨ༌ན༌ནི༌ཡཱས༌ སའེ༌ཀ༌ གྱེལ༌ ཡང༌ ཤི༌། ཏེ༌ བྱུང༌ཁན༌གུན༌ ཚོར༌ཁན༌ ཚང༌མ༌ སྲན༌ཏྲེ༌ ཇིགས༌།
6 ཏེ༌རུ༌ ཡོད༌ཁན༌ནི༌ ཁྱོག༌ཏོང༌ ཁ༌ཅིག༌ ཡོངས༌ཏེ༌ ཁོའེ༌ རོ༌བོ༌ རས༌སི༌ ནང༌ང༌ དུམས༌ ཡང༌ ཕི༌ལོག༌ག༌ སུབ༌བ༌ལ༌ ཁྱེརས༌།
7 ཆུ༌ཚོད༌ སུམ༌ཞིག༌གི༌ སྟིང༌ནེ༌, ཁོའེ༌ ན༌མ༌ ཏེ༌རུ༌ ཡོངས༌, ཏེ༌རུ༌ བྱུངས༌ཁན༌བོ༌ ཁོའ༌ གྱུས༌ མེད༌པིན༌།
8 ཏེ༌ནེ༌ པི༌ཏྲར༌རི༌ ཏེ༌ བུ༌མོ༌བོའ༌ མོལས༌, "ཤོད༌དའང༌! འི༌ པེ༌ནེ༌བོ༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ མག༌པའེ༌ ས༌ཀྱད༌ ཙོངས༌ཏེ༌ རིན༌ ཐོབ༌ཁན༌ གང༌པོ༌ ཨིན༌ན༌?"
ཁོའེ༌, "རིན༌ གང༌པོ༌ ཨིན༌ལེ༌" ཞུས༌།
9 པི༌ཏྲར༌རི༌ མོལས༌, "ཀ༌ཟུག༌གི༌ ཁྱོ༌རང༌ ཉིས༌ཀོའེ༌ གཙོ༌བོའེ༌ ཐུག༌ཉིད༌ལ༌ ཚོད༌ལྟ༌ཅེས༌སི༌ ཐབས༌ ངན༌པ༌ ལྡིངས༌པིན༌། ཏ༌ ཁྱོ༌རང༌ངི༌ མག༌པ༌ སུབ༌བ༌ ཁྱེར༌ཁན༌གུན༌ སྒོའེ༌ཀ༌ ཡོད༌, ཡང༌ ཁྱོ༌རང༌ངའང༌ ཕི༌ལོག༌ག༌ ཁུར༌ཏེ༌ ཁྱེར༌ཨིན༌"།
10 ཏེན༌ན༌མལ༌ལ༌ ཏེ༌ བུ༌མོ༌བོ༌ ཁོང༌ངི༌ ཞབས༌སི༌ཀ༌ གྱེལ༌ཏེ༌ ཤི༌། ཁྱོག༌ཏོང༌གུན༌ ནང༌ང༌ ཡོངས༌ ཡང༌ བུ༌མོ༌ ཤི༌ཏེ༌ ཐོང༌པ༌, ཁོའང༌ ཕི༌ལོག༌ག༌ ཁྱེར༌ཏེ༌ ཁོ༌རང༌ངི༌ མག༌པ༌ ཉམ༌པོ༌ སུབས༌།
11 མ༌ཤི༌ཀའེ༌ ཆོས༌ཚོགས༌ གང༌པོ༌ ཡང༌ ཏེ༌ སྐོར༌ལ༌ ཚོར༌ཁན༌ ཚང༌མ༌ སྲན༌ཏྲེ༌ ཇིགས༌།
སྐུ༌ཚབས༌གུན༌ནི༌ ནད༌པ༌གུན༌ ཕན༌ཅུག༌ག༌ ཛདས༌།
5:12 ནེ༌ 16
12 སྐུ༌ཚབས༌གུན༌ནི༌ མི༌ཚོགས༌སི༌ ནང༌ང༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ ལྟན༌ན༌ ཛདས༌, ཡང༌ ཏད༌པ༌ཅན༌ ཚང༌མ༌ ཆོད༌ཁང༌ངི༌ ནང༌ང༌ སོ༌ལོ༌མོན༌ནི༌ ཡབས༌སི༌ཀ༌ ཛོམ༌མད༌པིན༌།
13 ཡུལ༌མི༌ ཚང༌མའེ༌ ཁོང༌གུན༌ལ༌ རྩི༌ཝ༌ མ༌ ཀྲག༌པོ༌ ཅོའད༌པིན༌, ཨིན༌ནའང༌ ཁོང༌གུན༌ནི༌ ཕྲོའ༌ དྲེས༌ཤེས༌སི༌ ཧམ༌པ༌ སུ༌ཞིག༌གའང༌ མ༌ཡོངས༌།
14 ཏེ༌ནེའང༌ བུ༌ཚའ༌ དང༌ བུ༌མོ༌ མང༌པོ༌ཞིག༌གི༌ གཙོ༌བོའེ༌ཀ༌ ཏད༌པ༌ ཁྱོངས༌ ཡང༌ ཏད༌པ༌ཅན༌གུན༌ནི༌ ཀྲངས༌ཀ༌ གྱས༌།
15 པི༌ཏྲར༌རི༌ ཧ༌ལས༌ཤེས༌སི༌ ཛད༌པ༌ ལྟན༌ན༌ ཛད༌ཅེས༌པོའེ༌, ཁོང༌ ལམ༌ནེ༌ སྐྱོད༌ ཟ༌ནེ༌ ཁོང༌ངི༌ ཀྲིབ༌ཀྱག༌ ཕོག༌ན༌ གྱལ༌ཨིན༌ སམས༌ཏེ༌ མི༌གུན༌ནི༌ ནད༌པ༌གུན༌ ཁྱོངས༌ཏེ༌ ལམ༌མི༌ཀ༌ ཤག༌སྟན༌ དང༌ ཉལ༌ཁྲི༌ གུན༌ནི༌ཀ༌ བོར༌རད༌པིན༌།
16 ཡེ༌རུ༌ཤ༌ལེམ༌མི༌ ཉེ༌ཁོར༌རི༌ གྲོང༌ཁྱེར༌གུན༌ནེ༌ མི༌མངས༌ མང༌པོ༌ ཛོམས༌, མང༌པོ༌ཞིག༌གི༌ ནད༌པ༌ དང༌ གོང༌པོ༌ ཞུགས༌ཏེ༌ ནགས༌ ལྟན༌ཁན༌ གུན༌ ཁྲིད༌ཏེ༌ ཁྱོངས༌, ཡང༌ པི༌ཏྲར༌རི༌ ཚང༌མ༌ ཕན༌ཅུག༌ག༌ ཛདས༌།
སྐུ༌ཚབས༌གུན༌ལ༌ རྡུག༌ངལ༌ ལྟན༌།
5:17 ནེ༌ 42
17 ཏེ༌བོ༌ ཐོང༌ཏེ༌ བླ༌མ༌ ཆེན༌མོ༌ དང༌ ཁོང༌ངི༌ ཕྲོ༌པ༌ སད༌དུ༌ཀི༌པ༌གུན༌ལ༌ སྲན༌ཏྲེ༌ ཚིག༌ཅེས༌ ཡོངས༌།
18 ཁོང༌གུན༌ནི༌ སྐུ༌ཚབས༌གུན༌ ཟུམ༌ཅུགས༌ཏེ༌ ཁོང༌གུན༌ ཙོན༌ལ༌ ཀགས༌,
19 ཨིན༌ནའང༌ ཚན༌ལ༌ གཙོ༌བོའེ༌ ཕོ༌ཉའེ༌ ཙོན༌ཁང༌ངི༌ སྒོ༌གུན༌ ཕེས༌ཏེ༌ ཁོང༌གུན༌ ཕི༌ལོག༌ག༌ ཕིངས༌ཏེ༌ ཁྱོངས༌ ཡང༌ མོལས༌,
20 "ཏ༌ ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌ སོང༌ཏེ༌ མི༌གུན༌ལ༌ མི༌ཚེ༌ སོ༌མ༌ ཐོབ༌ཅེས༌སི༌ ལོན༌བོ༌ གང༌པོ༌ ཤོད༌ཤིག༌།"
21 ནམ༌ ལངས༌ས༌ཅིག༌, ཁོང༌གུན༌ ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌ སོང༌ཏེ༌ མོལ༌ཁན༌ ནང༌ཞིན༌ ཆོས༌ཤད༌ད༌ ཛདས༌། བླ༌མ༌ ཆེན༌མོ༌ དང༌ ཁོང༌ངི༌ ཕྲོ༌པ༌གུན༌ ལེབ༌བ༌ཅིག༌, ཡ༌ཧུ༌དཱ༌པའེ༌ ཚོགས༌དུ༌ ༼ཡང༌ན༌ ཨིས༌ར༌ཨེལ༌ལི༌ འུ༌སྐྱོང༌གུན༌ནི༌ ཐུས༌མི༌ ཚང༌མ༌༽ བོད༌ཏེ༌, ཁོང༌གུན༌ནི༌ མག༌མི༌ ཁ༌ཅིག༌ སྐུ༌ཚབས༌གུན༌ ཁྱོང༌ང༌ལ༌ ཙོན༌ཁང༌ང༌ ལམ༌ཅུགས༌།
22 ཨིན༌ནའང༌ ཏེ༌ མག༌མི༌གུན༌ ཙོན༌ཁང༌ང༌ ལེབ༌བ༌ཅིག༌ ཁོང༌གུན༌ལ༌ ཏེ༌རུ༌ སྐུ༌ཚབས༌གུན༌ མ༌ཐོབ༌, ཡང༌ ལོགས༌ཏེ༌ སོང༌ཏེ༌ འི༌ སྐོར༌བོ༌ འུ༌སྐྱོང༌གུན༌ལ༌ ཤདས༌,
23 "ཙོན༌ཁང༌ངི༌ སྒོའ༌ ཀུ༌ལིག༌ ཅུགས༌ཏེ༌ མ༌སྟན༌པོ༌ ཅོས༌ཏེ༌ སྒོ༌ སྲུང༌པ༌གུན༌ སྒོ༌གུན༌ནི༌ཀ༌ སྲུངས༌ཏེ༌ དུག༌པིན༌, ཨིན༌ནའང༌ ང༌ཞའེ༌ སྒོ༌ ཕེས༌ཏེ༌ ནང༌ཀུག༌ག༌ ལྟས༌པ༌ སུའང༌ མི༌དུག༌།"
24 ཏེ༌ སྤེ༌ར༌བོ༌ ཚོར༌ར༌ཅིག༌, ཆོད༌ཁང༌ངི༌ གྱ༌སྤོན༌ དང༌ བླ༌མ༌ འུ༌སྐྱོང༌ ཚང༌མ༌ ཧ༌ལས༌, ཡང༌ ཅི༌ ཆ༌ཅེས༌ ཨིན༌ནོག༌ སམས༌ཏེ༌ ཐེ༌ཚོམས༌ སྐྱེས༌།
25 ཏེ༌རུ༌ མི༌ཞིག༌ ཡོངས༌ཏེ༌ ཟེརས༌, "ལྟོས༌སའང༌, ཁྱོ༌ཞའེ༌ ཙོན༌ལ༌ ཀགས༌ཁན༌ནི༌ མི༌གུན༌ནི༌ ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌ མི༌གུན༌ལ༌ ཆོས༌ཤད༌དུག༌།"
26 ཏེ༌ནེ༌ གྱ༌སྤོན༌ མག༌མི༌གུན༌ ཉམ༌པོ༌ སོང༌ཏེ༌ སྐུ༌ཚབས༌གུན༌ ཝང༌ མ༌ཅོའ༌ ཁྲིད༌ཏེ༌ ཁྱོངས༌, ཅིའ༌ཟེར༌ན༌ མི༌གུན༌ནི༌ རྡོའ༌ གྱབས༌ཏེ༌ སད༌ཨིན༌ སམས༌ཏེ༌ ཁོང༌གུན༌ ཇིགས༌།
27 ཁོང༌གུན༌ནི༌ སྐུ༌ཚབས༌གུན༌ ཡ༌ཧུ༌དཱ༌པའེ༌ ཐུས༌མི༌གུན༌ནི༌ ཚོགས༌པའེ༌ དུན༌ལ༌ ཁྱོངས༌, ཡང༌ བླ༌མ༌ ཆེན༌མོའེ༌ ཁོང༌གུན༌ལ༌ ཟེརས༌,
28 "ང༌ཞའེ༌ ཁྱོ༌ཞ༌གུན༌ལ༌ ཡེ༌ཤུའི༌ མིང༌ ཁུར༌ཏེ༌ ཆོས༌ མ༌ཤད༌ ཟེར༌ཏེ༌ སལ༌པོ༌ བཀའ༌ ཏངས༌པིན༌, ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཡེ༌རུ༌ཤ༌ལེམ༌ གང༌པོའེ༌ ནང༌ང༌ ཏེ༌ ཆོས༌པོ༌ ཁྱེབས༌ ཅུགས༌ཏོག༌, ཡང༌ ཁོ༌ སད༌ཁན༌ནི༌ ཉད༌པོ༌ ང༌ཞའེ༌ཀ༌ ཀལ༌ཅེས༌སི༌ རྩོན༌གྲུས༌ ཅོ༌རུག༌།"
29 པི༌ཏྲར༌ དང༌ ཞན༌ སྐུ༌ཚབས༌གུན༌ནི༌ ལན༌སལས༌, "ང༌ཞའེ༌ མི༌ སང༌ དཀོན༌མཆོག༌གི༌ ཁའ༌ཉན༌གོས༌།
30 ང༌ཞའེ༌ ཕ༌མེས༌པོའེ༌ དཀོན༌མཆོག༌གི༌ ཁྱོ༌ཞའེ༌ རྐྱང༌ཤིང༌ངི༌ཀ༌ རྐྱངས༌ཏེ༌ སད༌ཁན༌ནི༌ གཙོ༌བོ༌ ཡེ༌ཤུ༌, ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛདས༌།
31 ཨིས༌ར༌ཨེལ༌པ༌གུན༌ནི༌ སྡིག༌པ༌ ཅོ༌ཁན༌གུན༌ནི༌ཀ༌ གྱོད༌པ༌ ཅོས༌ཏེ༌ ཤགས༌པ༌ ཐོབ༌ཅེས༌སི༌ ཕིའ༌ དཀོན༌མཆོག༌གི༌ ཡེ༌ཤུའ༌ གྱལ༌ལུ༌ དང༌ སྐྱབ༌གོན༌ ཅོའ༌ ཛད༌ཏེ༌, རྩི༌ཝ༌ཅན༌ནི༌ ཀོ༌ས༌, ཆག༌ ཡས༌པའེ༌ཀ༌ བོར༌ར༌ ཛདས༌།
32 ང༌ཞའ༌ ཏེ༌གུན༌ནི༌ སྤང༌པོ༌ ཨིན༌ ཡང༌ དམ༌པའེ༌ ཐུག༌ཉིད༌དའང༌, ཏེན༌ན༌ ཐུག༌ཉིད༌བོ༌ དཀོན༌མཆོག༌གི༌ ཁའ༌ཉན༌ཁན༌གུན༌ལ༌ སལ༌ལ༌ ཛདས༌།
33 ཏེ༌གུན༌ ཚོར༌པ༌ སྲོ༌ སྲན༌ཏྲེ༌ ཡོངས༌ཏེ༌ ཁོང༌གུན༌ནི༌ སྐུ༌ཚབས༌གུན༌ སད༌ཅེས༌སི༌ སམ༌བ༌ ཏངས༌།
34 ཨིན༌ནའང༌ གཱ༌མ༌ལི༌ཨེལ༌ ཟེར༌ཁན༌ནི༌ ཕ༌རུ༌ཤི༌པ༌ ཆོས༌ཁྲིམས༌ལ༌ ཁས༌པ༌ དང༌ ཡུལ༌མི༌ ཚང༌མའེ༌ རྩི༌ཝ༌ཅན༌ནི༌ མི༌ཞིག༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཕྲོ༌ནེ༌ ལངས༌ཏེ༌ ཁོང༌གུན༌ ཙ༌པིག༌ཤིག༌གི༌ ཕིའ༌ ཕི༌ལོག༌ག༌ ཁྱེར༌ ཟེར༌ཏེ༌ བཀའ༌ ཏངས༌།
35 ཏེ༌ནེ༌ ཁོའེ༌ ཁོང༌གུན༌ལ༌ ཟེརས༌, "ངའེ༌ ཕྲོ༌པ༌ ཨིས༌ར༌ཨེལ༌པ༌གུན༌ ཁྱོ༌ཞའེ༌ ཏེ༌ མི༌གུན༌ལ༌ ཅི༌ ཅོ༌ནའང༌ སམ༌བ༌ ཏངས༌ཏེ༌ ཅོ༌ཤིག༌,
36 ཅིའ༌ཟེར༌ན༌ འི༌ སང༌ སྔུན༌མ༌ཞིག༌ ཐེའུ༌དཱས༌ ཟེར༌ཁན༌ཞིག༌ བིང༌ཏེ༌ ཁོ༌ མ༌ ཁག༌ཅན༌ མི༌ཞིག༌ ཨིན༌ཟུན༌ ཏངས༌པ༌ མི༌ ཞིབ༌གྱ༌ ཟམ༌ཤིག༌ ཁོའེ༌ གྱབ༌ནེ༌ བྲངས༌ ཨིན༌ནའང༌ ཁོ༌ སདས༌། ཏེ༌ནེ༌ ཁོའ༌ ཆོགས༌ ཅོ༌ཁན༌ ཚང༌མ༌ ཡན༌ཏེ༌ ཁོའེ༌ ལས༌ལ༌ བྲས༌བུ༌ མ༌སྨིན༌།
37 ཏེ༌བོའེ༌ སྟིང༌ནེ༌ མི༌ཀྲངས༌ རྩིའི༌ ཏུས༌ལ༌, གཱ༌ལིལ༌ལི༌པ༌ ཡུ༌དཱ༌ ཟེར༌ཁན༌ཞིག༌ བིང༌པིན༌, ཁོའེ༌ གྱབ༌ནེའང༌ མི༌ མང༌པོ༌ སོང༌, ཁོའང༌ སདས༌, ཡང༌ ཁོའ༌ བྲངས༌ཁན༌ ཚང༌མ༌ ཡན༌ཏེ༌ མེད༌ཁན༌ སོང༌།"
38 "ཏེན༌ན༌བོའེ༌ཕིའ༌ དག༌ས༌ འི༌ ནས༌ལུག༌པོའ༌ ལྟས༌ཏེ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌, ཏེ༌ མི༌གུན༌ལ༌ ཅའང༌ མ༌ཅོའ༌ ཕུད༌དོང༌, གལ༌ཏེས༌ ཁོང༌ངི༌ ལས༌གུན༌ མི༌ ཆོགས༌ནེ༌ ཨིན༌ན༌ ཏེ༌གུན༌ལ༌ བྲས༌བུ༌ མི༌སྨིན༌།
39 གལ༌ཏེས༌ ཏེ༌གུན༌ དཀོན༌མཆོག༌ ཆོགས༌ནེ༌ ཨིན༌ན༌, ཁྱོ༌ཞའ༌ ཁོང༌གུན༌ནི༌ ལས༌པོ༌ སྒག༌ མི༌ཉན༌, མ༌ཚད༌ ཁྱོ༌ཞ༌གུན༌ལ༌ ཧ༌གོ༌གོས༌ ཁྱོ༌ཞའེ༌ དཀོན༌མཆོག༌གི༌ གྱབ༌གལ༌ ཅོས༌ཏེ༌ ཨིན༌ནོག༌། ཁོང༌གུན༌ནི༌ ཁོའེ༌ ཟེར༌ཁན༌བོའ༌ ཁའ༌ཆམས༌།
40 ཏེ༌ནེ༌ སྐུ༌ཚབས༌གུན༌ལ༌ བོདས༌ ཡང༌ རྟལ༌ལྕག༌ གྱབ༌ཅུགས༌ཏེ༌ ཏ༌ནེ༌ཕར༌ལ༌ ཡེ༌ཤུའི༌ ཚན༌ ཁུར༌ཏེ༌ ཆོས༌ཤད༌ མི༌ཆོགས༌ ཟེར༌ཏེ༌ ཁོང༌གུན༌ ཕུད༌ཏངས༌།
41 ཁོང༌གུན༌ལ༌ ཡེ༌ཤུའི༌ ཚན༌ནི༌ ནང༌ང༌ རྡུག༌ངལ༌ ཁུར༌ཅེས༌སི༌ རྩི༌ཝ༌ ཐོབ༌ པ༌སང༌, ཁོང༌གུན༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུ༌ནེ༌ ཕི༌ལོག༌ག༌ ཐད༌ཨིན༌ བིང༌ཏེ༌ སོང༌།
42 ཁོང༌གུན༌ནི༌ ཆོས༌ཤད༌ཅེས༌ མ༌ཕང༌ང༌ ཞག༌ཏང༌ ཆོད༌ཁང༌ དང༌ ཁང༌པ༌གུན༌ལ༌ སོང༌ཏེ༌, ཡེ༌ཤུ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ཁན༌བོའེ༌ སྐོར༌ལ༌ ཆད༌མེད༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤདས༌།