3
མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ པ༌འུ༌ལུ༌ དང༌ ཨ༌པོ༌ལོས༌།
3:1 ནེ༌ 23
1 སྤུན༌གུན༌ ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཡོད༌ཏུས༌, ངའེ༌ ཁྱོ༌ཞའ༌ ལབ༌ ཟ༌ནེ༌, ཐུག༌ཉིད༌དི༌ ནང༌ང༌ ལྡན༌ཁན༌ནི༌ མི༌གུན༌ ཙོགས༌ལ༌ ལབ༌ མ༌ཉན༌ན༌, འི༌ ཇིག༌རྟེན༌པ༌ ཡ༌ མ༌ཤི༌ཀའེ༌ ཏད༌པའེ༌ ནང༌ང༌ ཕྲུ༌གུ༌ ཆུ༌ངུན༌ གུན༌ ཙོགས༌ལ༌ ལབ༌གོས༌།
2 ངའེ༌ ཁྱོ༌ཞ༌གུན༌ལ༌ ཟན༌ མན༌པ༌, འོ༌མ༌ སྟེར༌གོས༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ ཟན༌ ཟའ༌ཅེས༌ལ༌ གྲལ༌གྲིག༌ མི༌དུག༌པིན༌, ཡང༌ ཏ༌རུང༌ངའང༌ ཁྱོ༌ཞ༌གུན༌ གྲལ༌གྲིག༌ མེད༌པ༌ ཨིན༌ནོག༌།
3 ཏ༌རུང༌ངའང༌ འི༌ ཇིག༌རྟེན༌པའེ༌ ཕུད༌ཁན༌ ཙོགས༌སི༌ མི༌ཚེ༌, ཁྱོ༌ཞ༌གུན༌ནིའང༌ ཕུད༌དུག༌། ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཅིག༌ དང༌ ཅིག༌གི༌ ཕིའ༌ ཚིག༌ཅེས༌ དང༌ ཛིང༌མོ༌ ཡོད༌ཏེ༌ ཨིན༌ནོག༌། ཅི༌ ཏེ༌བོ༌ ཁྱོ༌ཞ༌གུན༌ནི༌ཀ༌ ཁྱོ༌ཞ༌རང༌ངི༌ སྡིག༌པའེ༌ དོད༌པ༌གུན༌ནི༌ ཝང༌སྲུལ༌ཏེ༌ མ༌ནོག༌ག༌? ཅི༌ ཁྱོ༌ཞ༌གུན༌ནི༌, ཇིག༌རྟེན༌པ༌གུན༌ ཙོགས༌ལ༌ མི༌ཚེ༌ ཕུད༌ཨིན༌ཞིག༌ མེད༌ད༌?
4 ནམ༌ ཁྱོ༌ཞའེ༌ ཕྲོ༌ནེ༌ ཅིག༌གི༌, "ང༌ ནི༌ པ༌འུ༌ལུའི༌ གྱབ༌ནེ༌ གྲུལ༌ལད༌" ཡང༌ཅིག༌གི༌, "ང༌ ནི༌ ཨ༌པོ༌ལོས༌སི༌ གྱབ༌ནེ༌ གྲུལ༌ལད༌" ཟེར༌ན༌, ཅི༌ ཁྱོ༌ཞ༌གུན༌ནི༌ འི༌ ཇིག༌རྟེན༌པ༌གུན༌ ཙོགས༌ ཅོས༌ཏེ༌ མ༌ནོག༌ག༌?
5 སུ༌ ཨིན༌ནོག༌ ཨ༌པོ༌ལོས༌? སུ༌ ཨིན༌ནོག༌ པ༌འུ༌ལུ༌? ང༌ཞའ༌ ནི༌ དཀོན༌མཆོག༌གི༌ ཞབ༌སྟོག༌པ༌ཞིག༌ ཨིན༌, ཀ༌གུན༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ནི༌ གའ༌མོའེ༌ ནས༌ཚུལ༌ལི༌ ནང༌ང༌ ཨིད༌ཤེས༌ ཅོས༌ཏེ༌ ཨིན༌ནོག༌། གཙོ༌བོའེ༌ སལ༌ལ༌ ཛད༌ཁན༌ནི༌ རང༌རང༌ངི༌ ལས༌གུན༌ ང༌ཞའེ༌ ཅོས༌ཏེ༌ ཨིན༌ནོག༌།
6 ངའེ༌ ཁྱོ༌ཞའེ༌ སྙིང༌གུན༌ནི༌ ནང༌ང༌ ས༌འོན༌ ཏབས༌ཏེ༌, ཨ༌པོ༌ལོས༌སི༌ ཏེ༌བོའ༌ ཆུ༌ ཏངས༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ཏེ༌བོ༌ ལྡན༌ ཅུག༌ག༌ ཛད༌ཁན༌བོ༌ ནི༌, དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌ནོག༌།
7 ས༌འོན༌ ཏབ༌ཁན༌ ཡ༌ ཆུ༌ ཏང༌ཁན༌བོ༌ ཁག༌ཅན༌ མ༌ནོག༌, ཁག༌ཅན༌ ནི༌ ས༌འོན༌ ལྡན༌ ཅུག༌ག༌ ཛད༌ཁན༌ནི༌ དཀོན༌མཆོག༌པོ༌ ཨིན༌ནོག༌།
8 ས༌འོན༌ ཏབ༌ཁན༌ དང༌ ཆུ༌ ཏངས༌ཁན༌གུན༌ནི༌ ཉམ༌པོ༌ དོད༌པ༌ ཅིག༌ བོར༌ཏེ༌ ལས༌ ཅོས༌ཏེ༌ ཨིན༌ནོག༌། ཡང༌ ཁོང༌ ཉིས༌ཀོའ༌ ཞབ༌སྟོག༌ ཞུ༌ཁན༌ ནང༌ཞིན༌ལ༌ སོལ༌རས༌ ཐོབ༌ཨིན༌།
9 ང༌ཞའ༌ ཉིས༌ཀོ༌ དཀོན༌མཆོག༌གི༌ ཞབ༌སྟོག༌པ༌ ཡང༌ ཁྱོ༌ཞ༌གུན༌ ཁོང༌ངི༌ ཞིང༌ དང༌ ཕོ༌གྲང༌ གུན༌ ཨིན༌ནོག༌།
10 དཀོན༌མཆོག༌གི༌ ཐུག༌རྗེ༌ ངའེ༌ ནང༌ང༌ ཡོད༌ཅེས༌པོའེ༌ ཞས༌ཏེ༌ ངའེ༌ རྩིགས༌པོན༌ ཁས༌པ༌ཞིག༌ ཙོགས༌ལ༌, དཀོན༌མཆོག༌གི༌ ཕོ༌གྲང༌ངི༌ མག༌ལྡན༌བོ༌ ཏངས༌པིན༌། ཏ༌ ཞན༌མ༌གུན༌ནི༌ ཏེ༌ཀ༌ རྩིག༌ཨིན༌ ཨིན༌ནོག༌། ཏེ༌ཀ༌ རྩིག༌ཁན༌གུན༌ནི༌ མ༌སྲན༌ཏྲེ༌ སྣང༌ང༌ ཏངས༌ཏེ༌ རྩིག༌གོས༌།
11 ཅིའ༌ཟེར༌ན༌ ང༌ཞའེ༌ རྩིགས༌ཏེ༌ ཡོད༌ཁན༌ ཡེ༌ཤུ༌ མ༌ཤི༌ཀའེ༌ མག༌ལྡན༌ ཅིག༌པོ༌ མ༌སྟོགས༌, སུ༌ཞིག༌གིའང༌ ཡང༌ མག༌ལྡན༌ཞིག༌ ཏང༌ མི༌ཉན༌།
12 ཏེ༌ མག༌ལྡན༌བོའི༌ཀ༌ རྩིག༌ཁན༌གུན༌ནི༌ རིན༌ཐང༌ སོ༌སོའེ༌ རྒྱུ༌ སྣ༌ཚོགས༌ རིག༌ ཀོལ༌སྲིད༌ཅེས༌ ཨིན༌ནོག༌, སྤེར༌ན༌, ཁ༌ཅིག༌གི༌ སེར༌, མུལ༌ དང༌, རིན༌ཅན༌ རྡོའ༌ གུན༌ ཡང༌ ཁ༌ཅིག༌གི༌ ཤིང༌, ཕུག༌མ༌, ཡ༌ ཙ༌སྐམ༌པོ༌ གུན༌།
13 ཨིན༌ནའང༌ ཁྲིམས༌ཅད༌དི༌ ཞག༌ག༌, ཏེ༌ རྩིགས༌པོན༌ རེ༌རེ༌ ལས༌ ཅོ༌ཁན༌བོ༌, མེ༌ གྱུད༌ཏེ༌ སྔོན༌ཨིན༌། ཏེན༌ན༌ མེ༌བོའེ༌ སྟག༌ཅད༌ ཅོས༌ཏེ༌ མི༌ རེ༌རེའེ༌ ལས༌གུན༌ནི༌ རིན༌ཐང༌ ལྟན༌ཨིན༌།
14 གལ༌ཏེས༌ མེའེ༌ ནང༌ང༌ སོང༌ཏེའང༌ ལས༌པོ༌ མེད༌ཁན༌ མ༌ཆའ༌ན༌, ཏེ༌ རྩིགས༌པོན༌བོའ༌ སོལ༌རས༌ ཐོབ༌ཨིན༌།
15 གལ༌ཏེས༌ ལས༌པོ༌ མེའ༌ ཞེན༌ན༌, ཏེ༌ རྩིགས༌པོན༌བོའེ༌ ཅི༌ཚང༌མ༌ མེད༌ཁན༌ ཆེན༌, ཨིན༌ནའང༌ མེ༌ ནང༌ནེ༌ མི༌ཞིག༌ ཀགས༌པོ༌ ཉམ༌པོ༌ སྐྱོབ༌བ༌ ཙོགས༌ལ༌ ཁོ༌ སྐྱོབ༌ཨིན༌།
16 ཅི༌ ཁྱོ༌ཞའ༌, ཆོས༌ཚོགས༌པོ༌ དཀོན༌མཆོག༌གི༌ ཆོད༌ཁང༌ ཡང༌ དཀོན༌མཆོག༌གི༌ ཐུག༌ཉིད༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཞུགས༌ཁན༌བོ༌, གྱུས༌ཆའ༌ མེ༌རག༌ག༌?
17 གལ༌ཏེས༌ སུ༌ཞིག༌གི༌ འི༌ ཆོད༌ཁང༌བོ༌ ཤིག༌ཅེས༌ ཅོ༌ན༌, ཁོའ༌ དཀོན༌མཆོག༌གི༌ མེད༌ཁན༌ ཛད༌ཨིན༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཆོད༌ཁང༌ དམ༌པ༌ ཨིན༌ནོག༌, ཡང༌ ཁྱོ༌ཞ༌གུན༌ ཏེན༌ན༌ ཆོད༌ཁང༌བོ༌ ཨིན༌ནོག༌།
18 རང༌དང༌རང༌ང༌ གོབ༌མ༌སྐོར༌ཤིག༌། གལ༌ཏེས༌ འི༌ ཇིག༌རྟེན༌པའེ༌ སམ༌ཁན༌ ཙོགས༌ལ༌ ཁྱོ༌ཞེའང༌ ཁྱོ༌ཞ༌རང༌ ཤེས༌རབས༌ཅན༌ ཨིན༌ སམ༌མད༌ན༌, ཏེ༌ནེ༌ ཁྱོ༌ཞ༌གུན༌ དེན༌བའ༌ ཤེས༌རབས༌ཅན༌ གྱུར༌ཅེས༌སི༌ ཕིའ༌ སམ༌མེད༌ རིག༌ གྱུར༌གོས༌།
19 ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཐོག༌ནེ༌, འི༌ ཇིག༌རྟེན༌ནི༌ ཤེས༌རབས༌པོ༌ ནི༌ སམ༌མེད༌ཅིག༌ ཨིན༌ནོག༌, ཀ༌ཟུག༌གི༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ དུག༌ "ཁོ༌རང༌ངི༌ སྐྱོན༌ཇན༌ནི༌ ཐབས༌གུན༌ ཀོལ༌ཏེ༌ དཀོན༌མཆོག༌གི༌ ཤེས༌རབས༌ཅན༌གུན༌ ཟུམ༌མ༌ ཛདས༌།"
20 ཡང༌ འི༌བོའང༌ མོལ༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌, "ཇིག༌རྟེན༌ནི༌ ཤེས༌རབས༌ཅན༌ནི༌ སམ༌བ༌གུན༌ གཙོ༌བོའེ༌ ཁྱེན༌ན༌ ཛད༌ད༌ནོག༌, ཡང༌ ཏེ༌གུན༌ རིན༌མེད༌ ཨིན༌ཁན༌བོ༌ ཁོང༌ང༌ ཐུག༌གྱུས༌ ཨིན༌ནོག༌།"
21-22 ཏེན༌ན༌བོའེ༌ཕིའ༌ ཆོས༌ཚོགས༌སི༌ སྤོན༌བོའེ༌ གྱབ༌ནེ༌, གྲུལ༌ཅེས༌སི༌ ནང༌ང༌ ཕོ༌སོ༌ མ༌ཅོ༌ཤིག༌, ཅིའ༌ཟེར༌ན༌ ཅི༌ཚང༌མ༌ ཁྱོ༌ཞ༌གུན༌ནི༌ ཨིན༌ནོག༌། དེན༌བ༌ པ༌འུ༌ལུ༌, ཨ༌པོ༌ལོས༌, པི༌ཏྲར༌, ཇིག༌རྟེན༌, མི༌ཚེ༌, ཤི༌ཅེས༌, དག༌ས༌ དང༌ ཡོང༌ཅེས༌ཅན༌ ཚང༌མ༌ ཁྱོ༌ཞ༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ ཨིན༌ནོག༌།
23 ཡང༌ ཁྱོ༌ཞ༌གུན༌ མ༌ཤི༌ཀའེ༌ ཨིན༌ནོག༌ ཡང༌ མ༌ཤི༌ཀ༌ དཀོན༌མཆོག༌གི༌ ཨིན༌ནོག༌།