ཨིབ༌རི༌པ༌ མ༌ཤི༌ཀ༌པ༌གུན༌ལ༌ ཆག༌བྲིས༌།
ཨིབ༌རི༌པའེ༌ ཆག༌བྲིས༌སི༌ སྐོར༌།
འི༌ ཆག༌བྲིས༌ བྲིའ༌ ཛད༌ཁན༌བོའེ༌, ཁོ༌རང༌ངི༌ མིང༌ མ༌ནེ༌ བྲིའ༌ ཛད༌ཏེ༌ མི༌དུག༌། ཆོས༌སི༌ ནང༌ང༌ ཁས༌པ༌ མང༌པོའེ༌ འི༌ ཆག༌བྲིས༌ བྲིའ༌ཛད༌ཁན༌བོ༌ ཤེ༌ཤེས༌སི༌ རྩོན༌གྲུས༌ ཅོས༌ཏེ༌ ༼སྤེར༌ན༌ པ༌འུ༌ལུ༌, ཨ༌པོ༌ལོས༌, བཱར༌ན༌བས༌ དང༌ ཡང༌ མང༌པོ༌ཞིག༌གི༌ མིང༌ ཟེརས༌༽། ངོས༌པོའ༌ འི༌ ཆག༌བྲིས༌ བྲི༌ཁན༌བོ༌ སུ༌ཞིག༌ ཨིན༌ནའང༌ ཅའང༌ ཁྱད༌ ཆ༌ཅེས༌ མེད༌པ༌ ཨིན༌ནོག༌། ཁག༌ཅན༌བོ༌ ནི༌, འི༌ ཆག༌བྲིས༌ བྲི༌ཁན༌བོའ༌ སུང༌རབས༌སི༌ སྐོར༌ལ༌ མ༌ཐར༌ཁྱེལ༌ ཧ༌གོ༌ ཡོད༌ཁན༌ ཡང༌ ཁོ༌ ཨིབ༌རི༌པ༌ མ༌ཤི༌ཀ༌པ༌ ཨིན༌ཁན༌བོ༌ ཏན༌ཏན༌ ཨིན༌ནོག༌།
ཆོས༌སི༌ ཁས༌པ༌ མང༌ཆེའེ༌ འི༌ ཆག༌བྲིས༌པོ༌ ཡེ༌རུ༌ཤ༌ལེམ༌མི༌ ཆོད༌ཁང༌ ཁྲེས༌སྟོར༌ ཆེའེ༌ སང༌ སྔུན༌ལ༌ བྲིའ༌ ཛད༌ཀྱག༌ ཟེར༌ར༌ནོག༌། ཏེ༌བོ༌ ནམ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ རོམ༌མི༌ གྱལ༌པོ༌ ཀྱེ༌སར༌རི༌ ཝང༌སྲུལ༌ལི༌ གྱབ༌གལ༌ ཅོའེ༌ ཏུས༌ ཨིན༌པིན༌, ཀ༌བོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ས༌ ཛད༌ཏེ༌ ལོ༌ 37 ནི༌ སྟིང༌ནེ༌ བྱུང༌།
ཆག༌བྲིས༌ བྲི༌ཁན༌ནི༌ འི༌ ཆག༌བྲིས༌པོ༌ ཨིབ༌རི༌པ༌ ཏད༌པའེ༌ ནང༌ང༌ ལྡན༌མ༌ལྡན༌ཁན༌ དང༌ ཁོ༌རང༌ ཉམ༌པོ༌ བྲེལ༌ཡོད༌ཁན༌ ཏད༌པ༌ཅན༌གུན༌ནི༌ ཕིའ༌ བྲིའ༌ ཛདས༌། འི༌ མི༌གུན༌ ཏུས༌ མང༌པོ༌ཞིག༌ནེ༌ ཕར༌ལ༌ མ༌ཤི༌ཀ༌པ༌ ཨིན༌ཁན༌བོ༌ ང༌དང༌ང༌ འི༌ ཆག༌བྲིས༌པོའེ༌ ནང༌ནེ༌ སལ༌པོ༌ གྱུས༌ ཆའ༌ནོག༌། ཨིན༌ནའང༌ ཏད༌པ༌ ཅོ༌ཅེས༌པོའེ༌ ནགས༌བར༌དོ༌ ཐོང༌པ༌, ཁོང༌གུན༌ནི༌ ཞན༌མ༌ ཏད༌པ༌ཅན༌གུན༌ ཉམ༌པོ༌ ཛོམ༌ཅེས༌ ཕངས༌ཏེ༌ ཡ༌ཧུ༌དཱ༌པའེ༌ ཆོས༌སི༌ གྱབ༌ནེ༌ ཆེན༌ སམ༌མད༌པིན༌།
ཆག༌བྲིས༌ བྲི༌ཁན༌ནི༌ འི༌ ཆག༌བྲིས༌ བྲི༌ཅེས༌སི༌ གྱུན༌ཚན༌གུན༌ ནི༌-
མོ༌ཟེས༌སི༌ ཁྲིམས༌ དང༌ ཞལ༌ཆད༌ སྙིང༌པའེ༌ སང༌ ཡེ༌ཤུ༌ གྱུད༌ཏེ༌ ཐར༌པ༌ དང༌ སྡིག༌པའེ༌ ཀ༌ནེ༌ ཤགས༌པ༌ ཐོབ༌ཅེས༌པོ༌, མང༌ང༌ ཤེད༌ཅན༌ དང༌ ཀྲག༌པོ༌ ཨིན༌ཁན༌བོ༌ ལྟན༌ན༌ནོག༌། ཡང༌ ཁོའེ༌ མོ༌ཟེས༌སི༌ ཁྲིམས༌སི༌ གྱབ༌ནེ༌ གྲུལ༌ཅེས༌ མན༌པ༌, ཡེ༌ཤུ༌ མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌ ཅིག༌པོ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཁོང༌གུན༌ དྲང༌པོ༌ གྱུར༌ཅེས༌པོ༌ སལ༌པོ༌ ཅོས༌། ཆག༌བྲིས༌ མང༌ཆེའ༌བོའེ༌ ནང༌ང༌ ཏེ༌བོའེ༌ སྐོར༌ལ༌ བྲིའ༌ཛད༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ ལག༌ལུས༌པོའེ༌ ནང༌ང༌ ཞན༌ ནས༌ལུག༌གུན༌ནི༌ སྐོར༌ལ༌ བྲིའ༌ཛད༌ཏེ༌ དུག༌, སྤེར༌ན༌:-
ཁོའེ༌ རྡུག༌ངལ༌ལི༌ ཏུས༌ལའང༌ ཏད༌པ༌ཅན༌གུན༌ ཛོམ༌ཅེས༌ ཡང༌ ཏད༌པའེ༌ ནང༌ང༌ མང༌ང༌ སམ༌བ༌ཅན༌ གྱུར༌ཏེ༌ ལྡན༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌, རྡུག༌ངལ༌ལི༌ ཏུས༌ལ༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌གོས༌ ཟེར༌ར༌ནོག༌།
ཁོའེ༌ དཀོན༌མཆོག༌ ཏུས༌གྱུན༌ ཁོང༌གུན༌ ཉམ༌པོ༌ ཞུགས༌ཁན༌ ཡང༌ རྡུག༌ངལ༌ བྱུང༌ཅེས༌པོ༌ དཀོན༌མཆོག༌ ཁོང༌གུན༌ནི༌ ཡབ༌བི༌, ཁོང༌གུན༌ནི༌ གྱལ༌ལི༌ ཕིའ༌ སྐྱོང༌ང༌ ཛད༌ཁན༌བོ༌ ཧ༌གོ༌ཅུག༌ཅེས༌པོ༌ ཨིན༌ནོག༌།
ཁོའེ༌ ཁོང༌གུན༌ལ༌ ཟུས༌མའེ༌ ལོབ༌པོན༌གུན༌ནེ༌ སྤང༌ ཕུདས༌, ཡང༌ སྟིང༌ཇུག༌པོའེ༌ཀ༌ ཁོའེ༌ ཕིའ༌ མོས༌ལམ༌ ཞུ༌ཅེས༌ལ༌ ཞུ༌ཝ༌ ཕུལས༌།།
1
སྲས༌ ནི༌ ཕོ༌ཉ༌གུན༌ནི༌ སང༌ ཐོའ༌ ཨིན༌།
1:1 ནེ༌ 14
སྔུན༌མའེ༌ ཏུས༌ལ༌ དཀོན༌མཆོག༌གི༌ ང༌དང༌གུན༌ནི༌ ཕ༌མེས༌པོ༌གུན༌ལ༌, ལན༌ མང༌པོ༌ དང༌ ཚུལ༌ སོ༌སོའེ༌ ནང༌ང༌, ཁོང༌རང༌ངི༌ ལུང༌སྟོན༌པ༌གུན༌ གྱུད༌ཏེ༌ ཞལ༌ཏ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ དག༌ས༌ འི༌ སྟིང༌ཇུག༌གི༌ ཞག༌གུན༌ནི༌ ནང༌ང༌ ཁོང༌ངི༌, ཁོང༌རང༌ངི༌ སྲས༌ གྱུད༌ཏེ༌ ང༌དང༌གུན༌ལ༌ ཞལ༌ཏ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཁོང༌རང༌ངི༌ སྲས༌, ཅི༌ཚང༌མའེ༌ཀ༌ ནོར༌སྐལ༌ ཐོབ༌ཅེས༌ཅན༌བོ༌ སྐོའ༌ ཛདས༌, ཡང༌ ཁོང༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ཛམ༌བུ༌ལིང༌བོ༌ ཞང༌ང༌ ཛད༌ཏེ༌ ཨིན༌ནོག༌། སྲས༌སི༌ ནང༌ནེ༌ དཀོན༌མཆོག༌ ཁོང༌རང༌ངི༌ ཟིར༌རྗིད༌ ཇལ༌ཅེས༌ ཡང༌, དཀོན༌མཆོག༌ ཁོང༌རང༌ ཞུགས༌ཁན༌ ཙོགས༌སི༌ སྲས༌སའང༌ ཨིན༌ནོག༌། སྲས༌སི༌ ཁོང༌རང༌ངི༌ བཀའ༌ ཀྲག༌པོ༌ གྱུད༌ཏེ༌ ཅི༌ཚང༌མ༌ སྟན༌པོ༌ བོར༌ར༌ ཛད༌ད༌ནོག༌། ཁོང༌ངི༌ མི༌ཚང༌མ༌, སྡིག༌པ༌གུན༌ནི༌ ཀ༌ནེ༌ རྩང༌མ༌ ཅོའ༌ ཛད༌ཏེ༌ སྟིང༌ནེ༌, ཁོང༌ ནམ༌ཁའེ༌ ནང༌ང༌ ཟིར༌རྗིད༌ཅན༌ནི༌ དཀོན༌མཆོག༌གི༌ རྩི༌ཝ༌ཅན༌ནི༌ ནས༌ས༌ ཡས༌པ༌བོའེ༌ཀ༌ ཞུགས༌ས༌ ཛདས༌། ཏེ༌བོའེ༌ སྲས༌པོ༌ ཕོ༌ཉ༌གུན༌ནི༌ སང༌ མང༌ང༌ ཐོའ༌ ཨིན༌ཁན༌བོ༌ ལྟན༌ན༌ནོག༌, ཀ༌ཟུག༌ དཀོན༌མཆོག༌གི༌ ཁོང༌ང༌ སལ༌ལ༌ ཛད༌ཁན༌ནི༌ ཚན༌བོ༌, ཏེ༌གུན༌ནི༌ མིང༌ངི༌ སང༌ ཐོའ༌ ཨིན༌ནོག༌།
དཀོན༌མཆོག༌གི༌ ཕོ༌ཉ༌ ཅིག༌གའང༌ འི༌ཟུག༌ མོལ༌ལ༌ མ༌ནེ༌ མ༌ཛདས༌།
"ཁྱོ༌རང༌ ནི༌ ངའེ༌ བུ༌ཚ༌བོ༌ ཨིན༌།
དི༌རིང༌ ང༌ ཁྱོ༌རང༌ངི༌ ཨ༌བ༌ གྱུར༌ཏེ༌ ཨིན༌ *།"
དཀོན༌མཆོག༌གི༌ འི༌བོའང༌ མོལ༌ལ༌ ཛདས༌།
"ང༌ ཁོའེ༌ ཨ༌བ༌ ཡང༌ ཁོ༌ ངའེ༌ སྲས༌ གྱུར༌ཨིན༌། "
ཡང༌ དཀོན༌མཆོག༌གི༌ ཁོང༌རང༌ངི༌ བུ༌ཚ༌ རྩི༌ཝ༌ཅན༌བོ༌, ཇིག༌རྟེན༌ནི༌ ནང༌ང༌ ཀལ༌ལ༌ ཛད༌ ཟ༌ནེ༌, ཁོང༌ངི༌ མོལ༌ལ༌ ཛདས༌།
"དཀོན༌མཆོག༌གི༌ ཕོ༌ཉ༌ ཚང༌མའེ༌ ཁོང༌ང༌ ཅོལ༌གོས༌།"
ཕོ༌ཉ༌གུན༌ནི༌ སྐོར༌ལ༌ ཁོང༌ངི༌ མོལས༌།
"ཁོང༌ངི༌ ཁོང༌རང༌ངི༌ ཕོ༌ཉ༌གུན༌ ལུངས༌པོ༌ཞིག༌ ཙོགས༌ལ༌ ལམ༌ཅུག༌ཨིན༌,
ཡང༌ ཁོང༌ངི༌ ཞབ༌སྟོག༌པ༌གུན༌ § མེ༌ལྡབ༌ ཙོགས༌ལ༌། *"
ཨིན༌ནའང༌ སྲས༌ལ༌ ཁོང༌ངི༌ མོལས༌།
"ཉེ༌རང༌ དཀོན༌མཆོག༌ ཨིན༌, ཉེ༌རང༌ངི༌ ཞུགས༌ཁྲིས༌པོ༌ ཏུས༌གྱུན༌ནེ༌གྱུན༌ལ༌ ལུས༌ཨིན༌།
ཉེ༌རང༌ངི༌ དྲང༌པོ༌ ཉམ༌པོ༌ ཝང༌སྲུལ༌ལ༌ ཛད༌ཨིན༌།
དྲང༌པོ༌ ལས༌གུན༌ལ༌ ཉེ༌རང༌ངི༌ ཅེས༌པ༌
ཡང༌ ངན༌པ༌ ལས༌གུན༌ལ༌ ནཕ༌རད༌ ཅོའ༌ ཛད༌ད༌ནོག༌།
ཏེ༌བོའེ༌ཕིའ༌ དཀོན༌མཆོག༌, ཉེ༌རང༌ངི༌ དཀོན༌མཆོག༌གི༌ ཉེ༌རང༌ངི༌ཀ༌
གའ༌མོའེ༌ མར༌བོ༌ ཡང༌གུན༌ནི༌ སང༌ མང༌ང༌ ལུག༌ག༌ ཛད༌ཏེ༌
ཉེ༌རང༌ སྐོའ༌ ཛདས༌། §"
10 ཁོང༌ངི༌ སྲས༌ལ༌ འི༌བོའང༌ མོལ༌ལ༌ ཛདས༌,
"གཙོ༌བོ༌, ཉེ༌རང༌ངི༌ གོ༌ཟུག༌གི༌ཀ༌ ཇིག༌རྟེན༌ནི༌ མག༌ལྡན༌བོ༌ ཏིང༌ང༌ ཛདས༌།
ཡང༌ ཉེ༌རང༌ རང༌ངི༌ ཆག༌ནེ༌ ནམ༌ཁའ༌ ཅོའ༌ ཛདས༌།
11 ཏེ༌གུན༌ མེད༌ཁན༌ ཆེན༌, ཨིན༌ནའང༌ ཉེ༌རང༌ ཏུས༌གྱུན༌ ལུས༌ཤེས༌ ཨིན༌ནོག༌།
ཏེ༌གུན༌ ཀོས༌ལག༌ སྙིང༌པ༌ ཙོགས༌ལ༌ ཆད༌ཨིན༌།
12 ཉེ༌རང༌ངི༌ ཏེ༌གུན༌ ཀོས༌ ཙོགས༌ལ༌ སྲིལ༌ལ༌ ཛད༌ཨིན༌།
ཡང༌ ཀོས༌ལག༌ སྙིང༌པ༌ཞིག༌ ཙོགས༌ལ༌ ཕང༌ང༌ ཛད༌ཨིན༌།
ཨིན༌ནའང༌ ཉེ༌རང༌ ཏུས༌གྱུན༌ ཙོགས༌ ལུས༌ཨིན༌།
ཉེ༌རང༌ ཏུས༌གྱུན༌ནེ༌གྱུན༌ སོན༌ཏེའ༌ ཞུགས༌ཨིན༌། *"
13 ཡང༌ དཀོན༌མཆོག༌གི༌ ཕོ༌ཉ༌ ཅིག༌གའང༌ མ༌ནེ༌ མོལ༌ལ༌ མ༌ཛདས༌།
"ངའེ༌ ཁྱོ༌རང༌ངི༌ གྲ༌འོ༌ ཚང༌མ༌,
ཁྱོ༌རང༌ངི༌ རྐང༌པའེ༌ ཕོས༌སྟག༌ ཅོ༌ཅོ༌ ཚག༌པ༌,
ཁྱོ༌རང༌ ངའེ༌ ལག༌པ༌ ཡས༌པའེ༌ ཁྲིས༌སི༌ཀ༌ དུག༌།""
14 ཏེ༌བོའེ༌ཕིའ༌ ཕོ༌ཉ༌གུན༌, ཐར༌པ༌ ནོར༌སྐལ༌ལ༌ ཐོབ༌ཅེས༌ཅན༌གུན༌ལ༌ ཞབ༌སྟོག༌ ཞུ༌ཅེས༌ལ༌ ཀལ༌ལ༌ ཛད༌ཁན༌ནི༌ སེམས༌ཉིད༌གུན༌ ཨིན༌ནོག༌།
* 1:5 སུང༌གུར༌རི༌ སྤེ༌ཆའེ༌ 2:7; 1:5 ཤ༌མུ༌ཨེལ༌ལི༌ སྤེ༌ཆ༌ ཉིས༌པའེ༌ 7:14 1:6 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 32:43, § 1:7 ཡང༌ན༌ ཕོ༌ཉ༌གུན༌ * 1:7 སུང༌གུར༌རི༌ སྤེ༌ཆའེ༌ 104:4 1:9 འི༌ཀ༌ ཡབ༌ དཀོན༌མཆོག༌གི༌ སྲས༌ དཀོན༌མཆོག༌ག༌ ཞལ༌ཏ༌ སལ༌ཏེ༌ ཨིན༌ནོག༌། 1:9 མི༌ཞིག༌ ཁག༌ཅན༌ ལས༌སི༌ ཕིའ༌ སྐོ༌ ཟ༌ནེ༌ ཁོའེ༌ གོའེ༌ཀ༌ མར༌ ལུག༌ག༌ནོག༌། § 1:9 སུང༌གུར༌རི༌ སྤེ༌ཆའེ༌ 45:6, 7 * 1:12 སུང༌གུར༌རི༌ སྤེ༌ཆའེ༌ 102:25, 27 1:13 སུང༌གུར༌རི༌ སྤེ༌ཆའེ༌ 110:1