13
སྟིང༌ཇུག༌གི༌ སྤོས༌པ༌།
13:1 ནེ༌ 25
1 ཅིག༌ དང༌ ཅིག༌ག༌ མིང༌སྲིང༌ ཙོགས༌ལ༌ ཅེས༌པ༌ ཅོ༌ཅེས༌པོ༌ མ༌ནེ༌ མ༌ཕང༌ཤིག༌།
2 མ༌ཤེས༌ཁན༌གུན༌ལ༌ རང༌ངི༌ ཁང༌པའ༌ གའ༌སུས༌ ཞུ༌ཅེས༌ལ༌ སྣང༌མེད༌ མ༌ཅོ༌ཤིག༌། གའ༌སུས༌ ཞུ༌ཅེས༌པོའེ༌, ཁ༌ཅིག༌གི༌ མ༌ཤེས༌ས༌ ཕོ༌ཉ༌གུན༌ལ༌ གའ༌སུས༌ ཞུས༌ཏེ༌ ཨིན༌པིན༌།
3 ཁྱོ༌ཞ༌རང༌གུན༌ ཙོན༌ཁང༌ང༌ ཡོད༌ཁན༌ ཙོགས༌ལ༌, ཏེ༌ནང༌ང༌ ཡོད༌ཁན༌ ཏད༌པ༌ཅན༌གུན༌ ཨིད༌ཏུ༌ ཅོ༌ཤིག༌, མ༌ཚད༌ ཁྱོ༌ཞ༌རང༌གུན༌ལ༌ བྱུང༌ཁན༌ ཙོགས༌ལ༌, རྡུག༌ངལ༌ བྱུང༌ཁན༌ནི༌ ཏད༌པ༌ཅན༌གུན༌ནའང༌ ཨིད༌ཏུ༌ ཅོ༌ཤིག༌།
4 བག༌སྟོན༌ལ༌ ཚང༌མའེ༌ རྩི༌ཝ༌ ཅོ༌གོས༌, ཡང༌ མག༌པ༌ དང༌ ན༌མ༌ ཉིས༌ཀོ༌, ཅིག༌ དང༌ ཅིག༌ ཉམ༌པོ༌ ཨིད༌ཤེས༌ཅན༌ ཡོང༌གོས༌། ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ངན༌པ༌ ལུས༌བྲེལ༌ ཡང༌ ཞིད༌མད༌ མན༌ཁན༌ ཉམ༌པོ༌ ལུས༌བྲེལ༌ བོར༌ཁན༌ གུན༌ལ༌ ཁྲིམས༌ཅད༌ སལ༌ལ༌ ཛད༌ཨིན༌།
5 པེ༌ནེའ༌ ཅེས༌པ༌ མ༌ཅོ༌ཤིག༌། རང༌ང༌ ཡོད༌ཁན༌བོའེ༌ཀ༌ ཚིམས༌ཏེ༌ དུག༌ཤིག༌། ཅིའ༌ཞུ༌ན༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌,
"ངའེ༌ ཁྱོ༌ཞ༌གུན༌ མ༌ནེ༌ མི༌ཕང༌
ཡང༌ ཁྱོ༌ཞ༌གུན༌ སྒོས༌དོམ༌མི༌ ནང༌ང༌ མ༌ནེ༌ མི༌བོར༌།"
6 ཏེ༌བོའེ༌ཕིའ༌ ང༌དང༌གུན༌ནི༌ ལོ༌ཁྱེལ༌ ཉམ༌པོ༌ ཟེར༌ ཐུབ༌ཨིན༌,
"གཙོ༌བོ༌ ནི༌ ངའེ༌ རོགས༌ ཛད༌ཁན༌བོ༌ ཨིན༌པ༌,
ངའ༌ ཇིགས༌གོས༌ མ༌ནེ༌ མེད༌,
ཡང༌ མི༌གུན༌ནི༌ ངའ༌ ཅི༌ ཅོ༌ཉན༌ཨིན༌?
7 ཁྱོ༌ཞ༌གུན༌ལ༌, དཀོན༌མཆོག༌གི༌ བཀའ༌ ལབ༌བ༌ ཛད༌ཁན༌ནི༌ འུ༌སྐྱོང༌གུན༌ ཨིད༌ཏུ༌ ཅོ༌ཤིག༌། ཁོང༌གུན༌ནི༌ མི༌ཚེ༌ ཕུད༌ཚུལ༌ལི༌ བྲས༌བུ༌ ཟང༌པོ༌གུན༌ནི༌ སྐོར༌ལ༌ སམ༌བ༌ ཏོང༌ཤིག༌, ཡང༌ ཁོང༌གུན༌ནི༌ ཏད༌པའེ༌ སྤེའེ༌ཀ༌ གྲུལ༌ཤིག༌།
8 ཡེ༌ཤུ༌ མ༌ཤི༌ཀ༌ ནི༌ སྔུན༌ལ༌, དག༌ས༌ ཡང༌ ཏུས༌གྱུན༌ གྱུར༌ཇ༌ མེད༌པ༌ ཙོགས༌ ཞུགས༌ཏེ༌ ཨིན༌ནོག༌།
9 མིན༌དྲ༌ མིན༌དྲ༌ ལབ༌ཞ༌གུན༌ནི༌ སྟིང༌རང༌ནེ༌ མ༌ཆ༌ཤིག༌། ཁར༌ཇི༌ ཟའ༌ཅེས༌སི༌ ཁྲིམས༌ སྲུང༌ཁན༌གུན༌ལ༌ ཅའང༌ ཕན༌ཐོགས༌ ཐོབ༌བ༌ མ༌ནོག༌། ཏེ༌བོའེ༌ཕིའ༌ ཏེ༌ ཁྲིམས༌གུན༌ མན༌པ༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ གྱུད༌ཏེ༌, ཁྱོ༌ཞའེ༌ སེམས༌གུན༌ ཤེད༌ཅན༌ ཅོ༌ཤིག༌།
10 ང༌དང༌གུན༌ལ༌ ཆོད༌ཁྲི༌ཞིག༌ ཡོད༌ཏེ༌ ཨིན༌ནོག༌, ཀ༌བོའེ༌ ཀ༌ནེ༌ ཀུར༌རི༌ ནང༌ང༌ ཆོད༌པ༌ ཕུལ༌ཁན༌ནི༌ བླ༌མ༌གུན༌ལ༌ ཟའ༌ཅེས༌སི༌ ཐོབ༌ཏང༌ མེད༌པ༌ ཨིན༌ནོག༌།
11 ཚིར༌ སྙིང༌པའེ༌ ནང༌ང༌ བླ༌མ༌ ཆེན༌མོའེ༌ སེམས༌ཅན༌གུན༌ནི༌ ཁྲག༌པོ༌, ནས༌ས༌ དམ༌པ༌བོའེ༌ ནང༌ང༌ སྡིག༌པའེ༌ ཕིའ༌ སྲོག༌གི༌ ཆོད༌པའེ༌ ཚུལ༌ལ༌ ཁྱོང༌ངད༌པིན༌། ཡང༌ སེམས༌ཅན༌ནི༌ ཟུགས༌པོ༌གུན༌ ཨིས༌ར༌ཨེལ༌པ༌གུན༌ དུག༌སའེ༌ ཕི༌ལོག༌ག༌ མེའ༌ སྲག༌གད༌པིན༌།
12 ཏེ༌བོའེ༌ཕིའ༌ ཡེ༌ཤུའིང༌ ཁོང༌རང༌ངི༌ སྐུ༌ཁྲག༌ གྱུད༌ཏེ༌ མི༌གུན༌ དམ༌པ༌ ཅོ༌ཅེས༌ལ༌, ཡེ༌རུ༌ཤ༌ལེམ༌མི༌ གྱལ༌སའེ༌ གྱས༌སྒོའེ༌ ཕི༌ལོག༌ག༌ རྡུག༌ངལ༌ ནམས༌།
13 ཏེན༌ན༌ ཙོགས༌ལ༌ ང༌དང༌གུན༌ནའང༌ ཕི༌ལོག༌ག༌ ཡེ༌ཤུ༌ ཞུག༌སའ༌ ཆེན༌, ཡང༌ ཁོང༌ངི༌ ཁྲེལ༌བའེ༌ ནང༌ང༌ དྲེས༌ཨིན༌།
14 འི༌ ཇིག༌རྟེན༌ནི༌ཀ༌ ང༌དང༌ང༌ ཏུས༌གྱུན༌ དུགས༌སའེ༌ གྱལ༌ས༌ཞིག༌ མེད༌པ༌ ཨིན༌ནོག༌། ཨིན༌ནའང༌ ང༌དང༌གུན༌ ཏེ༌ ཡོང༌ཅེས༌ཅན༌ནི༌ གྱལ༌ས༌བོའ༌ སྲུངས༌ཏེ༌ ཨིན༌ནོག༌།
15 ཏེ༌བོའེ༌ཕིའ༌ ང༌དང༌གུན༌ནི༌ ཏུས༌གྱུན༌ ཡེ༌ཤུ༌ གྱུད༌ཏེ༌ དཀོན༌མཆོག༌ག༌ སྟོད༌པའེ༌ ཆོད༌པ༌ ཕུལ༌ཨིན༌, ཚང༌མའེ༌ དུན༌ལ༌ ཡེ༌ཤུའི༌ གྱབ༌ནེ༌ བྲངས༌ཁན༌བོ༌ ཤད༌ཨིན༌།
16 ལས༌ ཟང༌པོ༌ ཅོ༌ཅེས༌ དང༌ སྒོས༌དོམ༌ ཡོད༌ཁན༌གུན༌ལ༌ བགོས༌ཏེ༌ ཏང༌ཅེས༌གུན༌ ཞེད༌ མ༌ཞེད༌ཤིག༌, ཅིའ༌ཟེར༌ན༌ འི༌ཙོགས༌སི༌ ཆོད༌པ༌གུན༌ལ༌ དཀོན༌མཆོག༌ ཐུག༌ཉེས༌ས༌ ཛད༌ད༌ནོག༌།
17 ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ནི༌ ཁའ༌ཉན༌ཏེ༌ ཁོང༌གུན༌ནི༌ ཝང༌ངི༌ ཡོག༌ག༌ དུག༌ཤིག༌། ཁྱོ༌ཞ༌གུན༌ནི༌ ཏད༌པའེ༌ མི༌ཚེ༌ ལྟ༌སྟོག༌ ཅོ༌ཅེས༌པོ༌ ནི༌ ཁོང༌གུན༌ནི༌ ཁག༌ ཨིན༌ པ༌སང༌, ཁོང༌གུན༌ལ༌ དཀོན༌མཆོག༌ག༌ རྩི༌རུག༌ ཏང༌ གོས༌ས༌ནོག༌། ཁོང༌གུན༌ལ༌ འི༌གུན༌ རྡུག༌པོ༌ ཉམ༌པོ༌ ཅོ༌ མ༌ཅུག༌ག༌, སྐྱིད༌པོ༌ ཉམ༌པོ༌ ཅོ༌ཅུག༌ཅེས༌ལ༌ ཁོང༌གུན༌ནི༌ ཁའ༌ཉོན༌ཤིག༌, ཏེ༌བོ༌ ཁྱོ༌ཞ༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ ཨིན༌ནོག༌།
18 ང༌ཞ༌གུན༌ནི༌ ཕིའ༌ མོས༌ལམ༌ ཞུ༌ཤིག༌། ང༌ཞ༌གུན༌ནི༌ སེམས༌ ནོངས༌མེད༌ ཨིན༌ཅེས༌པོ༌ ང༌ཞའ༌ ཏན༌ཏན༌ རག༌། ཡང༌ ང༌ཞའེ༌ དོད༌པ༌ ནི༌, ཅི༌ས༌ཐོག༌ནེ༌ རྩི༌ཝ༌ཅན༌ནི༌ མི༌ཚེ༌ཞིག༌ ཕུད༌ཅེས༌པོ༌ ཨིན༌།
19 མིག༌སལ༌ལི༌ ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ གྱོགས༌པ༌ ལོགས༌ཏེ༌ ཡོང༌ ཉན༌ཅེས༌ལ༌ མོས༌ལམ༌ ཞུ༌ཤིག༌།
20 ཏ༌ ཞི༌དེ༌ དཀོན༌མཆོག༌, ལུག༌གུན༌ནི༌ ལུག༌རྫི༌ ཀྲག༌པོ༌,
གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཁན༌,
ཀ༌བོའེ༌ སྐུ༌ཁྲག༌པོའེ༌ ཐའ༌མེད༌པའེ༌ ཆད༌དོན༌བོའ༌ ཐེ༌ཙེ༌ གྱབ༌བ༌ ཛདས༌།
21 དཀོན༌མཆོག༌གི༌ ཐུག༌གོངས༌གུན༌ ཅོ༌ཅེས༌ལ༌,
སྒོས༌དོམ༌ ཚང༌མ༌ ཁྱོ༌ཞ༌གུན༌ལ༌ སལ༌ལ༌ ཛད༌ཤིག༌།
ཡེ༌ཤུ༌ མ༌ཤི༌ཀ༌ གྱུད༌ཏེ༌ དཀོན༌མཆོག༌ ཐུགས༌ཐད༌ཁན༌གུན༌ ཅོ༌ཅེས༌ལ༌,
ཁོང༌ངི༌ ང༌དང༌ངི༌ ནང༌ང༌ ཆག༌ལས༌ ཛད༌ཤིག༌།
ཏུས༌གྱུན༌ནེ༌གྱུན༌ མ༌ཤི༌ཀ༌ སྤལ༌ ཐོབ༌ཤིག༌། ཨ༌མེན༌།
22 ངའེ༌ ཛ༌འོ༌གུན༌ ཇུ༌ཇུ༌, ངའེ༌ སྤོས༌པ༌ ཏང༌ཨིན༌, འི༌ ཨི༌གེ༌ ཆུ༌ངུན༌བོའེ༌ ནང༌ང༌ བྲི༌ཁན༌གུན༌ལ༌ ཟོད༌པ༌ ཉམ༌པོ༌ ཉན༌ཅེས༌ལ༌ ཞུ༌ཝ༌ ཕུལ༌ལད༌།
23 ང༌དང༌གུན༌ནི༌ སྤུན༌ ཏི༌མོ༌ཐི༌, ཙོན༌ཁང༌ངི༌ ནང༌ནེ༌ ཕུད༌ཁན༌བོ༌, ཁྱོ༌ཞ༌གུན༌ལ༌ གྱུས༌ ཆ༌གོས༌ སམ༌མ༌རག༌། གལ༌ཏེས༌ ཁོ༌ འི༌རུ༌ གྱོགས༌པ༌ ལེབ༌ན༌ ང༌ ཁོ༌ ཉམ༌པོ༌ ཁྱོ༌ཞའ༌ ཐུག༌ག༌ལ༌ ཡོང༌ཨིན༌།
24 ཁྱོ༌ཞ༌གུན༌ནི༌ འུ༌སྐྱོང༌གུན༌ དང༌ དཀོན༌མཆོག༌གི༌ མི༌ཚང༌མ༌ལ༌ ངའེ༌ ཇུ༌ ཞུ༌རུག༌ མོལ༌། ཨི༌ཏྲི༌ལི༌པ༌ ཏད༌པ༌ཅན༌གུན༌ནི༌ ཁྱོ༌ཞ༌གུན༌ལ༌ ཇུ༌ ཀལ༌དུག༌།
25 དཀོན༌མཆོག༌གི༌ ཐུག༌རྗེ༌བོ༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ལུས༌ཤིག༌༎