5
སྲས༌སི༌ཀ༌ ཏད༌པ༌།
5:1 ནེ༌ 12
1 ཡེ༌ཤུ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ཁན༌བོའ༌ ཏད༌པ༌ ཅོ༌ཁན༌ ཚང༌མ༌, དཀོན༌མཆོག༌ནེ༌ སྐྱེས༌ཏེ༌ ཨིན༌ནོག༌, ཡང༌ ཡབ༌ དཀོན༌མཆོག༌ག༌ ཅམས༌པ༌ ཅོ༌ཁན༌ ཚང༌མའེ༌, དཀོན༌མཆོག༌གི༌ ཕྲུ༌གུ༌གུན༌ལའང༌ ཅམས༌པ༌ ཅོའ༌ནོག༌།
2 གལ༌ཏེས༌ ང༌དང༌གུན༌ནི༌ དཀོན༌མཆོག༌ག༌ ཅམས༌པ༌ ཅོས༌ཏེ༌, ཁོང༌ངི༌ བཀའ༌རྒྱ༌གུན༌ལ༌ ཁའ༌ཉན༌ནད༌ན༌, ཏེ༌ནེ༌ ང༌དང༌གུན༌ནི༌ དཀོན༌མཆོག༌གི༌ ཕྲུ༌གུ༌གུན༌ལའང༌ ཅམས༌པ༌ ཅོ༌ཁན༌བོ༌ གྱུས༌ཨིན༌ནོག༌།
3 དཀོན༌མཆོག༌གི༌ ཕིའ༌ ཅམས༌པ༌བོ༌ ནི༌, ང༌དང༌གུན༌ནི༌ ཁོང༌ངི༌ བཀའ༌གུན༌ལ༌ ཁའ༌ཉན༌ཅེས༌པོ༌ ཨིན༌ནོག༌, ཡང༌ ཁོང༌ངི༌ བཀའ༌གུན༌ བར༌དོ༌ཅན༌ མེད༌པ༌ ཨིན༌ནོག༌།
4 དཀོན༌མཆོག༌ནེ༌ སྐྱེས༌ཁན༌ ཚང༌མའ༌, ཇིག༌རྟེན༌ནི༌ ངན༌པ༌ ཚང༌མའེ༌ཀ༌ གྱལ༌ཁའ༌ ཐོབ༌ཏེ༌ ཨིན༌ནོག༌། ཡང༌ ང༌དང༌གུན༌ལ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཡོད༌ཅེས༌པོའེ༌, འི༌ གྱལ༌ཁ༌བོ༌ ཐོབ༌ཏེ༌ ཨིན༌ནོག༌།
5 ཇིག༌རྟེན༌ནི༌ཀ༌ སུའ༌ གྱལ༌ཁའ༌ ཐོབ༌ཏེ༌ ཨིན༌ནོག༌? ཏེན༌ན༌གུན༌ལ༌ ཀ༌གུན༌ནི༌ ཡེ༌ཤུ༌ དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོ༌ ཏད༌པ༌ ཅོའད༌།
6 ཆུའི༌ཁྲུས༌ ལེན༌ན༌ ཛད༌ཁན༌ དང༌ རྐྱང༌ཤིང༌ངི༌ཀ༌ སྐུ༌ཁྲག༌ཕོའ༌ ཛད༌ཁན༌ གུན༌ གྱུད༌ཏེ༌, ཡེ༌ཤུ༌ མ༌ཤི༌ཀ༌ ནི༌, དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོ༌ སྔོན༌ན༌ ཛདས༌། ཆུ༌ ཅིག༌པོ༌ མན༌པ༌, ཆུ༌ དང༌ ཁྲག༌ ཉིས༌ཀོ༌ གྱུད༌ཏེ༌། ཡང༌ དྲང༌པོ༌ མོལ༌ཁན༌ནི༌ དམ༌པའེ༌ ཐུག༌ཉིད༌དི༌, ཏེན༌ན༌བོའེ༌ སྤང༌པོ༌ སལ༌ལ༌ནོག༌།
7 སྤང༌པོ༌ ཏང༌ཁན༌ སུམ༌ ཡོད༌ཏེ༌ ཨིན༌ནོག༌།
8 ཏེ༌གུན༌ ནི༌, དམ༌པའེ༌ ཐུག༌ཉིད༌, ཆུའི༌ཁྲུས༌ དང༌ ཁྲག༌ཕོའ༌ ཛད༌ཁན༌ གུན༌ ཨིན༌ནོག༌, ཡང༌ ཏེ༌ སུམ༌ཀོའེ༌ ཡེ༌ཤུ༌ དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོའ༌ ཁའ༌ཆམས༌།
9 ཏ༌ ང༌དང༌གུན༌ནི༌ མི༌ སྤང༌པོ༌བོའ༌ ཨིད༌ཤེས༌ ཅོའད༌ན༌, ཏེ༌ནེ༌ དཀོན༌མཆོག༌གི༌ སྤང༌པོ༌བོ༌ མང༌ང༌ ཀྲག༌པོ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ འི༌བོ༌ དཀོན༌མཆོག༌གི༌ སྤང༌པོ༌ ཁོང༌རང༌ངི༌ སྲས༌སི༌ སྐོར༌ལ༌ སལ༌ཁན༌བོ༌ ཨིན༌ནོག༌།
10 དཀོན༌མཆོག༌གི༌ སྲས༌སི༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ནི༌ སྙིང༌ངི༌ ནང༌ང༌ ཏེ༌ སྤང༌པོ༌བོ༌ ཡོད༌ཏེ༌ ཏེ༌བོ༌ དྲང༌པོ༌ ཨིན༌ཁན༌བོའ༌ ཨིད༌ཤེས༌ ཅོའ༌ནོག༌། ཡང༌ འི༌ སྤང༌པོ༌བོའི༌ཀ༌ ཨིད༌ཤེས༌ མ༌ཅོ༌ཁན༌ ཚང༌མའེ༌, དཀོན༌མཆོག༌ ཟུན༌བ༌ ཐེའ༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ དཀོན༌མཆོག༌གི༌ རང༌ངི༌ སྲས༌སི༌ སྐོར༌ལ༌ སལ༌ཁན༌ནི༌ སྤང༌པོ༌བོའི༌ཀ༌ ཏད༌པ༌ མ༌ཅོའ༌ ཨིན༌ནོག༌།
11 ཡང༌ ཏེ༌ སྤང༌པོ༌བོ༌ ནི༌, དཀོན༌མཆོག༌གི༌ ང༌དང༌གུན༌ལ༌ ཐའ༌མེད༌པའེ༌ སྲོག༌ སལ༌ལ༌ ཛདས༌, ཡང༌ ཏེ༌ སྲོག༌པོ༌ ཁོང༌ངི༌ སྲས༌སི༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌།
12 སྲས༌ ཡོད༌ཁན༌གུན༌ནི༌ ལག༌ག༌ ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ཡོད༌, ཡང༌ དཀོན༌མཆོག༌གི༌ སྲས༌ མེད༌ཁན༌གུན༌ནི༌ ནང༌ང༌ མི༌ཚེའང༌ མེད༌།
ཐའ༌མེད༌པའེ༌ མི༌ཚེའེ༌ སྐོར༌ལ༌ གྱུས༌ཆ༌ཅེས༌།
5:13 ནེ༌ 21
13 དཀོན༌མཆོག༌གི༌ སྲས༌སི༌ ནང༌ང༌ ཏད༌པ༌ ཅོ༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཡོད༌ཁན༌བོ༌ གྱུས༌ ཆ༌ཅེས༌སི༌ ཕིའ༌ ངའེ༌ འི༌ ཨི༌གེ༌བོ༌ བྲིའད༌།
14 ཡང༌ དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌ལ༌ གལ༌ཏེས༌ ང༌དང༌གུན༌ནི༌ མོས༌ལམ༌ ཞུ༌ན༌, ཁོང༌ངི༌ སན༌ན༌ ཛད༌ཅེས༌པོ༌ ང༌དང༌ངི༌ སྙིང༌ངི༌ ནང༌ང༌ ལོ༌ཁྱེལ༌ ཏན༌ཏན༌ ཨིན༌ནོག༌།
15 ང༌དང༌ངི༌ ཞུ༌ཁན༌གུན༌ ཁོང༌ངི༌ སན༌ན༌ ཛད༌ཅེས༌པོ༌ ང༌དང༌གུན༌ལ༌ གྱུས༌ཡོད༌ པ༌སང༌, ང༌དང༌ངི༌ ཞུས༌ཁན༌གུན༌ ཐོབ༌ཁན༌ དང༌ཙོགས༌ ཨིན༌ནོག༌།
16 གལ༌ཏེས༌ སུ༌ཞིག༌ག༌ ཁོའེ༌ སྤུན༌ ཡ༌ སྤུན༌མོ༌ ཞིག༌གི༌, ཉལ༌ཝའེ༌ ནང༌ང༌ མི༌ལེབ༌ཅེས༌སི༌ སྡིག༌པ༌ཞིག༌ ཅོའ༌ ཐོང༌ན༌, ཁོའེ༌ ཕིའ༌ མོས༌ལམ༌ ཞུ༌གོ༌ཤེས༌ ཨིན༌ནོག༌། ཏེ༌ནེ༌ དཀོན༌མཆོག༌གི༌ ཉལ༌ཝའེ༌ ནང༌ང༌ ལེབ༌ མི༌ལེབ༌ཅེས༌སི༌ སྡིག༌པ༌ ཅོ༌ཁན༌བོའ༌ ཤགས༌པ༌ སལ༌ཏེ༌ ཐར༌པའེ༌ མི༌ཚེ༌ སལ༌ལ༌ ཛད༌ཨིན༌། ཨིན༌ནའང༌ ཉལ༌ཝའེ༌ ནང༌ང༌ ལེབ༌ཅེས༌སི༌ སྡིག༌པ༌ཞིག༌ ཡོད༌ཏེ༌ ཨིན༌ནོག༌། ངའེ༌ ཏེ༌ཙོགས༌སི༌ མི༌གུན༌ནི༌ ཕིའ༌ མོས༌ལམ༌ ཞུ༌ཅེས༌ལ༌ ཟེར༌ར༌མེད༌།
17 འི༌ཟུག༌གི༌ ཏ༌, ལས༌ ངན༌པ༌ ཚང༌མ༌ སྡིག༌པ༌ ཨིན༌ནོག༌, ཨིན༌ནའང༌ ཉལ༌ཝའེ༌ ནང༌ང༌ མི༌ལེབ༌ཅེས༌སིའང༌ སྡིག༌པ༌ རིག༌ ཡོད༌ཏེ༌ ཨིན༌ནོག༌།
18 ང༌དང༌ང༌ གྱུས༌ཨིན༌ནོག༌, དཀོན༌མཆོག༌ནེ༌ སྐྱེས༌ཁན༌གུན༌ནི༌ སྡིག༌པ༌ ཅོ༌ཨིན༌ མི༌དུག༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ སྲས༌སི༌ ཁོང༌གུན༌ སྐྱོབ༌བ༌ ཛད༌ད༌ནོག༌། ཡང༌ ངན༌པ༌ ཤེ༌ཏན༌ནི༌ ཏེ༌གུན༌ལ༌ ནོད༌སྐྱལ༌ ཉན༌ན༌ མ༌ནོག༌།
19 ང༌དང༌གུན༌ དཀོན༌མཆོག༌གི༌ ཕྲུ༌གུ༌གུན༌ ཡང༌ ཇིག༌རྟེན༌ གང༌པོ༌ ངན༌པ༌ ཤེ༌ཏན༌ནི༌ ཡོག༌ག༌ ཡོད༌ཏེ༌ ཨིན༌ཁན༌བོ༌ ང༌དང༌གུན༌ལ༌ གྱུས༌ཨིན༌ནོག༌།
20 ང༌དང༌གུན༌ལ༌ འི༌བོའང༌ གྱུས༌ཨིན༌ནོག༌, དཀོན༌མཆོག༌གི༌ སྲས༌ སྐྱོད༌ཏེ༌ ང༌དང༌གུན༌ལ༌ དེན༌བའེ༌ དཀོན༌མཆོག༌ སུ༌ ཨིན༌ཁན༌བོ༌ ཧ༌གོ༌ཅེས༌སི༌ ཤེས༌རབས༌ སལ༌ལ༌ ཛདས༌། ཏ༌ ང༌དང༌གུན༌ནི༌ བྲེལ༌ དེན༌བའེ༌ དཀོན༌མཆོག༌ ཉམ༌པོ༌ ཡོད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ང༌དང༌གུན༌ནི༌ ཁོང༌ངི༌ སྲས༌ ཡེ༌ཤུ༌ མ༌ཤི༌ཀ༌ ཉམ༌པོ༌ བྲེལ༌ ཡོད༌ཏེ༌ ཨིན༌ནོག༌། ཁོང༌ ནི༌ དེན༌བའེ༌ དཀོན༌མཆོག༌ དང༌ ཐའ༌མེད༌པའེ༌ སྲོག༌པོ༌ ཨིན༌།
21 ཅེས༌པའེ༌ ཕྲུ༌གུ༌གུན༌, ཁྱོ༌ཞའ༌ སྐུན༌དྲ༌གུན༌ནེ༌ ཐག༌རིང༌ང༌ དུག༌ཤིག༌།།