ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ སུམ༌པ༌།
ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ སུམ༌པའེ༌ སྐོར༌།
ཏེན༌ན༌ ཙོགས༌ གྱུན༌ཚན༌ ༼ཀ༌བོ༌ ང༌ཞའེ༌ ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཏང༌པོ༌ དང༌ ཉིས༌པའེ༌ སྐོར༌རི༌ ནང༌ང༌ ཐོང༌༽ གྱུད༌ཏེ༌ འི༌ ཆག༌བྲིས༌པོ༌ གཙོ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ ཡོ༌ཧཱ༌ནན༌ནི༌ བྲིའ༌ ཛད༌ཁན༌བོ༌ ང༌དང༌གུན༌ལ༌ ཧ༌གོའ༌ནོག༌།
འི༌ ཆག༌བྲིས༌པོ༌ ཡོ༌ཧཱ༌ནན༌ནི༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌, ལོ༌ 52 ནེ༌ 62 སི༌ ཉེ༌ཁོར༌ལ༌ བྲིའ༌ ཛད༌ཁན༌བོ༌ ང༌དང༌གུན༌ལ༌ ཆོས༌སི༌ ནང༌ང༌ ཁས༌པ༌གུན༌ནེ༌ གྱུས༌ ཆའ༌ནོག༌།
ཨ༌སི༌ཨཱའེ༌ ཆོས༌ཚོགས༌ ཞིག༌གི༌ ནང༌ང༌ དི༌འོ༌ཏྲེ༌ཕེས༌ ཟེར༌ཁན༌ནི༌ མི༌བོའེ༌ ཝང༌སྲུལ༌ཏེ༌ ཡོ༌ཧཱ༌ནན༌ ཉམ༌པོ༌ ལས༌ ཅོ༌ཁན༌ནི༌ མི༌གུན༌ལ༌ གའ༌སུས༌ ཅོ༌ཁན༌གུན༌ ཆོས༌ཚོགས༌སི༌ ཕྲོ༌ནེ༌ བིངས༌ ཏང༌ངད༌པིན༌། ཡོ༌ཧཱ༌ནན༌ནི༌ འི༌ ཆག༌བྲིས༌པོ༌ དི༌འོ༌ཏྲེ༌ཕེས༌སི༌ འི༌ ནགས༌བར༌དོ༌ ལྟན༌ནི༌ ཏུས༌, གཱ༌ཡུས༌ལ༌ ཁོང༌ ཉམ༌པོ༌ ལས༌ ཅོ༌ཁན༌གུན༌ལ༌ རོགས༌ ཅོ༌ཅེས༌སི༌ ཕིའ༌, སྟོད༌པ༌ ཏང༌ཅེས༌ལ༌ བྲིའ༌ ཛདས༌༎
1
ཡོ༌ཧཱ༌ནན༌ནི༌ ཇུ༌ ཞུས༌།
1:1 ནེ༌ 4
1 ཆོས༌ཚོགས༌སི༌ ལམ༌སྟོན༌པའེ༌ ཆོགས༌ནེ༌, འི༌ ཨི༌གེ༌བོ༌ ངའེ༌ ཅེས༌པའེ༌ ཛ༌འོ༌ གཱ༌ཡུས༌ལ༌ བྲིའད༌, ཀ༌བོའ༌ ངའེ༌ དེན༌བའ༌ ཅེས༌པ༌ ཅོའད༌།
2 ཅེས༌པའེ༌ ཛ༌འོ༌, ངའེ༌ མོས༌ལམ༌ ཨིན༌, ཁྱོ༌རང༌ ཅི༌ཚང༌མའེ༌ ནང༌ང༌ ཡར༌གྱས༌ ཅོ༌ཅེས༌ ཡང༌, ཁྱོ༌རང༌ མ༌ཤི༌ཀའེ༌ ནང༌ང༌ ཐུག༌ཉིད༌དི༌ ཐོག༌ནེ༌ ཁམ༌ཟང༌ ལུས༌ས༌ ཙོགས༌ལ༌ ཟུགས༌པའེ༌ ཐོག༌ནེའང༌ ཁམ༌ཟང༌ ལུས༌ཤིག༌།
3 མ༌ཤི༌ཀ༌པའེ༌ སྤུན༌ རིག༌ ངའེ༌ཀ༌ ཡོངས༌ཏེ༌ ཁྱོ༌རང༌ ནི༌, དཀོན༌མཆོག༌གི༌ བཀའེ༌ ནང༌ང༌ ཨིད༌ཤེས༌ཅན༌ དང༌ དཀོན༌མཆོག༌གི༌ དེན༌བ༌ ནང༌ཞིན༌ ཁྱོ༌རང༌ངི༌ མི༌ཚེ༌ ཕུད༌དུག༌ ཟེར༌ཏེ༌ སྤང༌པོ༌ ཏངས༌པ༌, ང༌ མང༌པོ༌ ཐད༌།
4 ངའེ༌ ཕྲུ༌གུ༌གུན༌ནི༌ མི༌ཚེ༌ དཀོན༌མཆོག༌གི༌ དེན༌བ༌ ནང༌ཞིན༌ ཕུད༌དུག༌ ཟེར༌ཏེ༌ ཚོར༌ཁན༌བོའེ༌ སང༌ ཐད༌པོ༌ཞིག༌ ངའེ༌ ཕིའ༌ ཅི༌ ཡོང༌ཨིན༌།
གཙོ༌བོའེ༌ ཞབ༌སྟོག༌པ༌གུན༌ ཉ༌ར༌ ཅོས༌།
1:5 ནེ༌ 12
5 ངའེ༌ ཅེས༌པའེ༌ ཛ༌འོ༌, ཁྱོ༌རང༌ངི༌ ངོའང༌ མ༌ཤེས༌ཁན༌ནི༌ སྤུན༌, ཞབ༌སྟོག༌ ཞུ༌ཁན༌གུན༌ལ༌, རོགས༌ གྱལ༌ལ༌ ཅོས༌ཏེ༌, ཁྱོ༌རང༌ དཀོན༌མཆོག༌ག༌ ཨིད༌ཤེས༌ཅན༌ཞིག༌ ཨིན༌ཁན༌བོ༌ ལྟན༌ཏེ༌ ཨིན༌ནོག༌།
6 ཁོང༌གུན༌ནི༌ ཆོས༌ཚོགས༌སི༌ དུན༌ལ༌, ཁྱོ༌རང༌ངི༌ ཡ༌ཤའེ༌ སྐོར༌ལ༌ སྤང༌པོ༌ ཏངས༌། ཐུག༌རྗེ༌ ཛད༌ཏེ༌ དཀོན༌མཆོག༌ ཐུག༌ཉེས༌ཤེས༌ཅན༌ནི༌ ཚུལ༌ལ༌, བེས༌སི༌ ནང༌ང༌ ཡོད༌ཁན༌ནི༌ ཞན༌མ༌ མ༌ཤི༌ཀ༌པ༌ ཞབ༌སྟོག༌པ༌གུན༌ལའང༌ རོགས༌ ཅོ༌ཤིག༌།
7 ཅིའ༌ཟེར༌ན༌, ཁོང༌གུན༌ མ༌ཤི༌ཀའེ༌ ཚན༌ནི༌ ཕིའ༌ ཞབ༌སྟོག༌ ཞུའ༌ལ༌ བིང༌ཏེ༌ ཨིན༌ནོག༌། ཡང༌ ཏད༌པ༌ མེད༌ཁན༌གུན༌ནི༌ ཀ༌ནེ༌ རོགས༌སི༌ རེ༌ཝའང༌ ཅོའ༌ མ༌ནོག༌།
8 ཏེ༌ནེ༌ ང༌དང༌གུན༌ནའང༌ གའ༌མོའེ༌ ནས༌ཚུལ༌ ཁྱེབས༌ཤུག༌ཅེས༌སི༌ ནང༌ང༌ ཁོང༌གུན༌ ཉམ༌པོ༌ དྲེས༌ཅེས༌སི༌ ཕིའ༌ ང༌དང༌ མ༌ཤི༌ཀ༌པ༌གུན༌ནི༌ ཀ༌ནེ༌མེད༌, ཏེ༌ མི༌གུན༌ལ༌ རོགས༌ ཅོ༌གོ༌ཤེས༌ ཨིན༌ནོག༌།
9 ངའེ༌ ཁྱོ༌རང༌ངི༌ ཆོས༌ཚོགས༌ལའང༌ བྲིས༌པིན༌, ཨིན༌ནའང༌ ཆོས༌ཚོགས༌སི༌ གོ༌བ༌ གྱུར༌ར༌ ཐད༌ཁན༌ དི༌འོ༌ཏྲེ༌ཕེས༌སི༌, ང༌ཞའེ༌ ཝང༌གུན༌ལ༌ སྣང༌མེད༌ ཅོ༌རུག༌ ཟེར༌ཏེ༌ ཚོར༌།
10 ཏ༌ ང༌ ཡོང༌ང༌ཅིག༌, ངའེ༌ ཁོའེ༌ ཅོས༌ཁན༌ནི༌ ལས༌ ཁྱོ༌ཞའ༌ ཚང༌མ༌ལ༌ ཤད༌ཨིན༌, ཀ༌བོ༌ ང༌ཞའེ༌ སྐོར༌ལ༌ ཟུན༌ ཏངས༌ཏེ༌ སྤེ༌ར༌ ངན༌པ༌ ཟེར༌ཁན༌ ཡང༌ ང༌ཞའེ༌ སྤུན༌གུན༌ ཡོང༌ ཟ༌ནེ༌, གའ༌སུས༌ མི༌ཅོ༌ཅེས༌, མ༌ཚད༌ གའ༌སུས༌ ཅོའ༌ ཐད༌ཁན༌གུན༌ གགས༌ཏེ༌ ཏེ༌གུན༌ལ༌ ཆོས༌ཚོགས༌སི༌ ཕྲོ༌ནེ༌ ཕིངས༌ཏངས༌ཏོག༌།
11 ངའེ༌ ཅེས༌པའེ༌ ཛ༌འོ༌, ཏེ༌ མི༌ ངན༌པའེ༌ སྤེའེ༌ཀ༌ མ༌གྲུལ༌ལ༌, ཟང༌པོ༌ མི༌གུན༌ནི༌ སྤེའེ༌ཀ༌ གྲུལ༌གོ༌ཤེས༌ ཨིན༌ནོག༌། ལས༌ ཟང༌པོ༌ ཅོ༌ཁན༌གུན༌ ནི༌ དཀོན༌མཆོག༌ནེ༌ ཨིན༌ནོག༌, ཡང༌ ལས༌ ངན༌པ༌ ཅོ༌ཁན༌གུན༌ ནི༌ དཀོན༌མཆོག༌ མ༌ནེ༌ མ༌ཤེས༌ས༌ ཨིན༌ནོག༌།
12 ང༌ཏི༌ སྤུན༌, དེ༌མེ༌ཏྲི༌འུས༌ལ༌ ང༌དང༌ངི༌ སྤུན༌ ཚང༌མའེ༌ སྟོད༌དུག༌། ཁོའེ༌ རང༌ངི༌ མི༌ཚེ༌བོ༌ དཀོན༌མཆོག༌གི༌ བཀའ༌ ནང༌ཞིན༌ ཕུད༌ པ༌སང༌, ཁོ༌ ཏེ༌ སྟོད༌པ༌བོའེ༌ འོས༌པའང༌ ཨིན༌ནོག༌། ང༌ཞེའང༌ འིན༌ན༌བོའེ༌ སྤང༌པོ༌ ཏང༌ངད༌། ང༌ཞའེ༌ སྤང༌པོ༌གུན༌ དྲང༌པོ༌ ཨིན༌ཁན༌བོ༌ ཁྱོ༌རང༌ང༌ གྱུས༌ཨིན༌ནོག༌།
སྟིང༌ཇུག༌གི༌ ཇུ༌ ཞུས༌།
1:13 ནེ༌ 15
13 ང༌ ཟེར༌ཅེས༌ ཏ༌ མ༌མང༌པོ༌ རག༌, ཨིན༌ནའང༌ ང༌ ནག༌ཙ༌ དང༌ ཉི༌གུ༌ ཉམ༌པོ༌ བྲི༌ཅེས༌པོ༌ ལྡེ༌མོ༌ཞིག༌ ཚོར༌ར༌ མེ༌རག༌།
14 ང༌ ཁྱོ༌རང༌ དང༌ གྱོགས༌པ༌ ཐུག༌ཅེས༌སི༌ རེ༌ཝ༌ ཨིན༌, ཏེ༌ནེ༌ ང༌དང༌གུན༌ནི༌ དུན༌ལ༌ དུགས༌ཏེ༌ སྤེ༌ར༌ ཏང༌ཨིན༌།
15 ཁྱོ༌རང༌ང༌ དཀོན༌མཆོག༌གི༌ ཞི༌དེ༌ ཐོབ༌ཤིག༌།
ཡང༌ འི༌རུ༌ ཡོད༌ཁན༌ནི༌ ཛ༌འོ༌གུན༌ནི༌ ཁྱོ༌རང༌ང༌ ཇུ༌ ཀལ༌དུག༌། ཏེ༌རུ༌ ཡོད༌ཁན༌ནི༌ ཛ༌འོ༌ ཚང༌མའ༌ ཅིག༌གའང༌ ལུས༌ མ༌ཅུག༌ག༌ ང༌ཞའེ༌ ཆོགས༌ནེ༌ ཇུ༌ ཞུས༌།།