3
སཱར༌དིས༌སི༌ ཆོས༌ཚོགས༌ལ༌ ཞུ༌ལོན༌།
3:1 ནེ༌ 6
1 འི༌ ཨི༌གེ༌བོ༌ སཱར༌དིས༌སི༌ ཆོས༌ཚོགས༌སི༌ ཕོ༌ཉ༌ བྲིས༌།
འི༌ ལོན༌བོ༌, དཀོན༌མཆོག༌གི༌ ཐུག༌ཉིད༌ རྡུན༌ དང༌ སྐར༌མ༌ རྡུན༌ནི༌ཀ༌ ཝང༌ ཡོད༌ཁན༌ནི༌ ཆོགས༌ནེ༌ ཨིན༌། ཁྱོ༌ཞ༌གུན༌ནི༌ ཅོ༌ཁན༌ ཚང༌མ༌ ངའ༌ གྱུས༌ཡོད༌, ཞན༌མ༌གུན༌ནི༌ ཁྱོ༌ཞའ༌ ཏད༌པའེ༌ ནང༌ང༌ སོན༌པོ༌ ཨིན༌ཁན༌ ཐེའ༌ནའང༌, སེམས༌ཉིད༌དི༌ ཐོག༌ནེ༌ ཁྱོ༌ཞ༌གུན༌ ཤི༌ཏེ༌ ཨིན༌ནོག༌།
2 ཉིད༌ནེ༌ ལོང༌ཤིག༌, ཁྱོ༌ཞ༌གུན༌ནི༌ ནང༌ང༌ ལུས༌ཏེ༌ ཡོད༌ཁན༌ནི༌ ཏད༌པ༌ ཤི༌ཀྱིས༌ཅན༌བོ༌ སྟན༌པོ༌ ཅོ༌ཤིག༌། ངའེ༌ ཐོང༌ཅེས༌ལ༌ ཁྱོ༌ཞའེ༌ ལས༌ ཅོ༌ཁན༌གུན༌, ངའེ༌ དཀོན༌མཆོག༌ ཐུགས༌ཐད༌ཅེས༌སི༌ ཚད༌ དྲན༌དྲའ༌ ལེབ༌ མ༌ཐུབ༌ཏོག༌།
3 ཨིད༌ཏུ༌ ཅོ༌ཤིག༌, ཁྱོ༌ཞ༌གུན༌ལ༌ ཐོབ༌ཏེ༌ ཡང༌ ཚོར༌ཏེ༌ ཨིན༌ཁན༌ནི༌ ལབ༌ཞ༌བོའེ༌ཀ༌ ལག༌ལེན༌ ཅོས༌, ཡང༌ གྱོད༌པ༌ ཅོས༌། གལ༌ཏེས༌ ཁྱོ༌ཞ༌གུན༌ ཉིད༌ མ༌ཚད༌ན༌, ང༌ ཧུན༌མེད༌ལ༌ རྐུན༌མ༌ ཙོགས༌ལ༌ ཁྱོ༌ཞའ༌ ཆད༌པ༌ ཅད༌ད༌ ཡོང༌ཨིན༌, ཨིན༌ནའང༌ ཏེ༌ཏུས༌པོ༌ ཁྱོ༌ཞའ༌ གྱུས༌ མི༌ཆའ༌།
4 ཅི༌ཨིན༌ནའང༌, ཁྱོ༌ཞའེ༌ ཆོས༌ཚོགས༌སི༌ ནང༌ང༌ ཏ༌རུང༌ངའང༌ ཁོང༌རང༌གུན༌ནི༌ ཀོས༌ལག༌ག༌ ལས༌ ངན༌པའེ༌ ཏྲི༌མ༌ ཕོག༌ མ༌ཅུག༌ཁན༌ནི༌ མི༌ ཉུ༌ངུན༌ཞིག༌ དུག༌། ཏེ༌གུན༌ ཀོས༌ལག༌ ཀར༌པོ༌ གོན༌ཏེ༌ ང༌ ཉམ༌པོ༌ གྲུལ༌ཨིན༌, ཅིའ༌ཟེར༌ན༌ ཏེ༌གུན༌ ཏེ༌ རྩི༌ཝའེ༌ འོས༌པ༌ ཨིན༌ནོག༌།
5 གྱལ༌ཁའ༌ ཐོབ༌ཁན༌གུན༌ལའང༌ ཟིར༌རྗིད༌ཅན༌ནི༌ ཀོས༌ལག༌ ཀར༌པོ༌བོ༌ སྐོན༌ཨིན༌། ངའེ༌ ཁོང༌གུན༌ནི༌ མིང༌བོ༌ ཐའ༌མེད༌པའེ༌ མི༌ཚེའེ༌ སྤེ༌ཆའེ༌ ནང༌ནེ༌ མ༌ཤིག༌ག༌ ང༌རང༌ངི༌ ཡབ༌ དང༌ ཁོང༌ངི༌ ཕོ༌ཉ༌གུན༌ནི༌ དུན༌ལ༌ འི༌གུན༌ ངའེ༌ ཨིན༌ ཟེར༌ཏེ༌ ཤད༌ཨིན༌།
6 ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ཉོན༌ཤིག༌, དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཆོས༌ཚོགས༌གུན༌ལ༌ མོལ༌ཁན༌གུན༌ ཉོན༌ཤིག༌།
ཕི༌ལ༌དེལ༌ཕི༌ཨཱའེ༌ ཆོས༌ཚོགས༌ལ༌ ཞུ༌ལོན༌།
3:7 ནེ༌ 13
7 འི༌ ཨི༌གེ༌བོ༌ ཕི༌ལ༌དེལ༌ཕི༌ཨཱའེ༌ ཆོས༌ཚོགས༌སི༌ ཕོ༌ཉ༌ བྲིས༌།
འི༌ ལོན༌བོ༌ དམ༌པ༌ དང༌ དེན༌བ༌ ཨིན༌ཁན༌བོའེ༌ ཆོགས༌ནེ༌ ཨིན༌, ཀ༌བོའེ༌ ལག༌ག༌ གྱལ༌པོ༌ དཱ༌བིད༌དི༌ གྱལ༌སྲིད༌དི༌ ཀུ༌ལིག༌པོ༌ ཡོད༌། ངའེ༌ ཕེ༌ཁན༌གུན༌ སུའང༌ ཅུག༌ མི༌ཉན༌, ཡང༌ ཅུག༌ཁན༌གུན༌ སུའང༌ ཕེ༌མི༌ཉན༌།
8 ང༌ ཁྱོ༌ཞའེ༌ ལས༌གུན༌ གྱུས༌ཡོད༌། ལྟོས༌, ངའེ༌ ཁྱོ༌ཞའེ༌ དུན༌ལ༌ སྒོ༌ཞིག༌ ཕེས༌ཏེ༌ ཡོད༌, ཀ༌བོ༌ སུའང༌ ཅུག༌ མི༌ཉན༌། ཁྱོ༌ཞ༌གུན༌ ཤེད༌མེད༌ ཨིན༌ནའང༌ ཏ༌རུང༌ངའང༌ ངའེ༌ ལབ༌ཞ༌གུན༌ལ༌ ལག༌ལེན༌ ཅོས༌ཏེ༌ ངའེ༌ཀ༌ ཏད༌པ༌ ཅོའ༌མེད༌ མ༌ཟེར༌ཁན༌བོའང༌ ང༌ གྱུས༌ཡོད༌།
9 ལྟོས༌ཤིག༌, དཀོན༌མཆོག༌གི༌ མི༌ ཨིན༌ ཟེར༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ ཟུན༌ཇན༌ ཨིན༌ནོག༌, ཁོང༌གུན༌ དཀོན༌མཆོག༌གི༌ མན༌པ༌, ཤེ༌ཏན༌ནི༌ ཆོས༌ཚོགས༌ནེ༌ ཨིན༌ནོག༌། ངའེ༌ ཁོང༌གུན༌ལ༌ ཁྱོ༌ཞ༌གུན༌ནི༌ རྐང༌པའ༌ ཐམས༌ཏེ༌ ཁྱོ༌ཞ༌གུན༌ ངའེ༌ ཅེས༌པ༌ ཅོ༌ཁན༌ནི༌ མི༌གུན༌ ཨིན༌ ཟེར༌ཅུག༌ཨིན༌།
10 ཟོད༌པ༌ ཉམ༌པོ༌ ཁྱོ༌ཞ༌གུན༌ནི༌ རྡུག༌ངལ༌གུན༌ ཁུར༌ཏེ༌ ངའེ༌ བཀའ༌ ཏང༌ཁན༌གུན༌ ཉན༌ པ༌སང༌, ངའེ༌ ཁྱོ༌ཞ༌གུན༌ ཏེ༌ ཚོད༌ལྟའེ༌ ཏུས༌པོའེ༌ ནང༌ནེ༌ སྐྱོབ༌ཨིན༌, ཀ༌བོ༌ ཇིག༌རྟེན༌ གང༌པོའེ༌ ཏད༌པ༌ མེད༌ཁན༌ ཚང༌མའ༌, ཚོད༌ལྟ༌ཅེས༌ལ༌ ཡོང༌ཨིན༌།
11 ང༌ མ༌ གྱོགས༌པ༌ ཡོང༌ཨིན༌; ཁྱོ༌ཞ༌གུན༌ནི༌ ཐོར༌ཤོག༌པོ༌ སུ༌ཞིག༌གིའང༌ ཀོགས༌ཏེ༌ ཁྱེར༌ མི༌ཉན༌ཅེས༌ལ༌ རང༌ངི༌ ཏད༌པ༌བོ༌ སྲན༌ཏྲེ༌ ཟུམས༌ཏེ༌ བོར༌ཤིག༌།
12 གྱལ༌ཁའ༌ ཐོབ༌ཁན༌གུན༌ དཀོན༌མཆོག༌གི༌ ཆོད༌ཁང༌ངི༌ ནང༌ང༌ ཀ༌ ཙོགས༌ གྱུར༌ཨིན༌, ཡང༌ ཁོང༌གུན༌ ཏེ༌ནང༌ནེ༌ མ༌ནེ༌ བིངས༌ཏེ༌ ཆ༌ མི༌གོས༌། ངའེ༌ དཀོན༌མཆོག༌གི༌ ཚན༌ ཡང༌ དཀོན༌མཆོག༌གི༌ གྱལ༌ས༌, ཡེ༌རུ༌ཤ༌ལེམ༌ སོ༌མའེ༌ མིང༌བོ༌ ཏེ༌གུན༌ནི༌ཀ༌ བྲི༌ཨིན༌, ཀ༌བོ༌ ནམ༌ཁའ༌ནེ༌ ངའེ༌ དཀོན༌མཆོག༌ནེ༌ བབས༌ཤེས༌ ཨིན༌ནོག༌། ངའེ༌ ཁོང༌གུན༌ནི༌ཀ༌ ང༌རང༌ངི༌ མིང༌ སོ༌མ༌བོའང༌ བྲི༌ཨིན༌།
13 ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ཉོན༌ཤིག༌, དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཆོས༌ཚོགས༌གུན༌ལ༌ མོལ༌ཁན༌གུན༌ ཉོན༌ཤིག༌།
ལ༌འོ༌དི༌ཀིའི༌ ཆོས༌ཚོགས༌ལ༌ ཞུ༌ལོན༌།
3:14 ནེ༌ 22
14 འི༌ ཨི༌གེ༌བོ༌ ལ༌འོ༌དི༌ཀིའི༌ ཆོས༌ཚོགས༌སི༌ ཕོ༌ཉ༌ བྲིས༌།
འི༌ ལོན༌བོ༌ ང༌ ཨ༌མེན༌ ཟེར༌ཁན༌, ཡང༌ན༌ དཀོན༌མཆོག༌གི༌ ཞལ༌ཆད༌གུན༌ གྲུབ༌ཅུག༌ཁན༌ནི༌ ཆོགས༌ནེ༌ ཨིན༌། ང༌ ནི༌ དཀོན༌མཆོག༌གི༌ ཨིད༌ཤེས༌ཅན༌ དང༌ དྲང༌པོ༌ སྤང༌པོ༌བོ༌ ཨིན༌, ཡང༌ ང༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ཅི༌ཚང༌མ༌ ཅོའ༌ ཛད༌ཏེ༌ ཨིན༌།
15 ང༌ ཁྱོ༌ཞའེ༌ ལས༌གུན༌ནི༌ སྐོར༌ གྱུས༌ཡོད༌, སེམས༌ཉིད༌དི༌ ཐོག༌ནེ༌ ཁྱོ༌ཞ༌གུན༌ ཚན༌ཏེ༌ ཡ༌ གྲང༌མོ༌ མི༌དུག༌། ངའེ༌ ཁྱོ༌ཞ༌གུན༌ ཚན༌ཏེ༌ ཡ༌ གྲང༌མོ༌ ཅིག༌ཅིག༌པོ༌ ཨིན༌ཅེས༌སི༌ དོད༌པ༌ ཅོའད༌།
16 ཁྱོ༌ཞ༌གུན༌ མ༌ལ༌མུ༌ལེ༌ ཨིན༌ཅེས༌པོའེ༌ ༼ཚན༌ཏེ༌ ཡ༌ གྲང༌མོ༌ མེད༌ཁན༌༽ ངའེ༌ ཁྱོ༌ཞ༌གུན༌ ང༌རང༌ངི༌ ཁའ༌ནེ༌ སྐྱུག༌ཨིན༌།
17 ཁྱོ༌ཞའེ༌ ཟེར༌ར༌ནོག༌, "ང༌ ཆུག༌པོ༌ ཨིན༌, ངའེ༌ ནོར༌ མང༌པོ༌ སགས༌ཏེ༌ ཡོད༌ པ༌སང༌, ངའ༌ ཅའང༌ སྒོས༌དོམ༌ མེད༌," ཨིན༌ནའང༌ ཁྱོ༌ཞ༌གུན༌ ནགས༌ཅན༌ ནས༌ལུག༌གི༌ ནང༌ང༌, སྡིག༌པ༌རིག༌, ཞ༌ར༌ དང༌, ལྗེར༌ཉལ༌ ཨིན༌ཁན༌བོ༌ གྱུས༌ མེད༌པ༌ ཨིན༌ནོག༌།
18 ངའེ༌ ཁྱོ༌ཞ༌གུན༌ལ༌ ཁ༌ད༌ ཏང༌ངད༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཁྱོ༌ཞ༌གུན༌ དེན༌བའ༌ ཆུག༌པོ༌ གྱུར༌ཅེས༌སི༌ ཕིའ༌ ངའེ༌ ཀ༌ནེ༌ མེའེ༌ ནང༌ང༌ ལག༌མོ༌ ཅོ༌ཁན༌ནི༌ སེར༌པོ༌ ཉོས༌། རང༌ ལྗེར༌ཉལ༌ལ༌ ལུས༌ཏེ༌ ཁྲེལ༌བ༌ མི༌ཆ༌ཅེས༌སི༌ ཕིའ༌, ཟིར༌རྗིད༌ཅན༌ནི༌ རས༌ ཀར༌པོ༌ གོན༌ཅེས༌ལ༌ ཡང༌ ཐོང༌ ཐུབ༌ཅེས༌སི༌ ཕིའ༌ མིག༌གི༌ ནང༌ང༌ ལུག༌ཅེས༌སི༌ སྨན༌བོ༌ ངའེ༌ ཀ༌ནེ༌ ཉོས༌ཤིག༌།
19 ངའེ༌ ཡ༌ཤ༌ ཅོ༌ཁན༌གུན༌ལ༌ ཁའ༌སྐྱེས༌ཏེ༌ སྐྱོང༌ངད༌། ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ སྡིག༌པ༌གུན༌ལ༌ སྙིང༌ངི༌ ཐིལ༌ནེ༌ གྱོད༌པ༌ ཅོ༌ཤིག༌།
20 ལྟོས༌ཤིག༌, ང༌ སྒོའེ༌ཀ༌ དུགས༌ཏེ༌ སྒོ༌ རྡུང༌ཨིན༌ ཡོད༌། གལ༌ཏེས༌ ངའེ༌ སྐད༌ ཚོར༌ཏེ༌ སུ༌ཞིག༌གི༌ སྒོ༌ ཕེ༌ན༌, ང༌ ནང༌ཀུག༌ག༌ ཡོངས༌ཏེ༌ ཁོ༌ ཉམ༌པོ༌ ཟའ༌ཅེས༌ ཟེན༌ ཡང༌ ཁོ༌ ང༌ ཉམ༌པོ༌།
21 གྱལ༌ཁའ༌ ཐོབ༌ཁན༌གུན༌ལ༌ ང༌རང༌ ཉམ༌པོ༌ ངའེ༌ ཁྲིས༌སི༌ཀ༌ དུག༌ཅེས༌སི༌ རྩི༌ཝ༌ ཏང༌ཨིན༌, ཀ༌ཟུག༌གི༌ ང༌ གྱལ༌ཁའ༌ ཐོབ༌ཏེ༌ ངའེ༌ ཡབ༌བི༌ ཞུགས༌ཁྲིས༌སི༌ཀ༌ ཁོང༌ ཉམ༌པོ༌ དུགས༌ཏེ༌ ཡོད༌།
22 ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ཉོན༌ཤིག༌, དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཆོས༌ཚོགས༌གུན༌ལ༌ མོལ༌ཁན༌གུན༌ ཉོན༌ཤིག༌།