6
ཏད༌པ༌ཅན༌གུན༌ ཁྲིམས༌ཁུང༌ང༌ ཁྱེར༌ མ༌ཅུག༌།
6:1 ནེ༌ 11
གལ༌ཏེས༌ ཁྱོ༌ཞ༌ སུ༌ཞིག༌ག༌ ཞན༌ཡང༌ ཏད༌པ༌ཅན༌ཞིག༌ ཉམ༌པོ༌ ཛིང༌མོ༌ ཆ༌ན༌, ཀ༌ཟུག༌གི༌ ཁྱོ༌ཞའེ༌ ཏེ༌ མི༌བོ༌ ཞན༌ཡང༌ ཏད༌པ༌ཅན༌གུན༌ནི༌ དུན༌ལ༌ མ༌ཁྱེར༌ར༌, ཞུང༌ངི༌ ཁྲིམས༌ཁུང༌ང༌ ཁྱེར༌ཅེས༌སི༌ ཧམ༌པ༌ ཅོའད༌? ཅི༌ ང༌དང༌ ཏད༌པ༌ཅན༌གུན༌ནི༌ ཇིག༌རྟེན༌པ༌གུན༌ལ༌ ཁྲིམས༌ཅད༌ ཏང༌ཅེས༌པོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌མེད༌ད༌? ཡང༌ གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ཇིག༌རྟེན༌པ༌གུན༌ལ༌ ཁྲིམས༌ཅད༌དད༌ན༌, ཅི༌ ཁྱོ༌ཞ༌གུན༌ནི༌ ཕྲོའ༌ འི༌ ནས༌ལུག༌ ཆུ༌ངུན༌བོའ༌ ཁྲིམས༌ཅད༌ ཏང༌ཅེས༌སི༌ ཁྱུད༌ མེད༌ད༌? ང༌དང༌གུན༌ནི༌ ཕོ༌ཉ༌གུན༌ལ༌ ཁྲིམས༌ཅད༌ ཏང༌ཅེས༌པོ༌, ཁྱོ༌ཞ༌གུན༌ལ༌ གྱུས༌མེད༌ད༌? ཏེན༌ན༌བོའེ༌ཕིའ༌ མི༌ཚེའེ༌ ནང༌ང༌ བྱུང༌ཁན༌ནི༌ ཛིང༌མོ༌གུན༌ ཏན༌ཏན༌ལ༌ ཁྱོ༌ཞ༌གུན༌ནི༌ སེལ༌ ཉན༌གོས༌། གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཛིང༌མོ༌ རིག༌ ཆའད༌ན༌, ཏེ༌ནེ༌ ཅིའ༌ ཆོས༌ཚོགས༌ནེ༌ ཕི༌ལོག༌ག༌ ཆོས༌ཚོགས༌སི༌ ནང༌ང༌ ཅའང༌ ཁག༌ མེད༌ཁན༌ནི༌ ཁྲིམས༌པོན༌གུན༌ནི༌ཀ༌ ཆའད༌། ངའེ༌ འི༌བོ༌ ཁྱོ༌ཞ༌གུན༌ ཁྲེལ༌ཅུག༌ཅེས༌ལ༌ ཟེར༌རད༌, ཅི༌ ཆོས༌ཚོགས༌སི༌ ནང༌ང༌ འི༌ ནས༌ལུག༌གུན༌ལ༌ ཁྲིམས༌ཅད༌ ཉན༌ཅེས༌སི༌ ཕིའ༌, མི༌ ཤེས༌རབས༌ཅན༌ ཅིག༌གའང༌ མི༌རུག༌ག༌? ཅིའ༌ ཁྱོ༌ཞའེ༌ ཕྲོ༌ནེ༌ ཅིག༌གི༌ ཞན༌ཡང༌ མི༌ཞིག༌ ཁྲིམས༌ཁུང༌ང༌ ཏད༌པ༌ མེད༌ཁན༌གུན༌ནི༌ ལག༌ག༌ ཤགས༌ ཅོའ༌ལ༌ ཁྱེར༌རད༌?
ཁྱོ༌ཞ༌གུན༌ནི༌ འི༌ ཛིང༌མོ༌གུན༌ ཁྲིམས༌ཁུང༌ང༌ ཁྱེར༌ར༌ཅིག༌, ཁྱོ༌ཞའ༌ ཕམས༌ ཚར༌ཏེ༌ ཨིན༌ནོག༌། ཏེ༌སང༌ཏ༌ མི༌འོས༌པ༌ ཆ༌ཅུག༌ན༌ མི༌གྱལ༌ལ༌? གོབ༌སྐོར༌ཅུག༌ན༌ མི༌གྱལ༌ལ༌? ཨིན༌ནའང༌ ཁྱོ༌ཞ༌གུན༌ནིའང༌ ནོར༌ཁྲུལ༌ དང༌ གོབ༌སྐོར༌ ཏང༌དུག༌, རང༌ངི༌ ཏད༌པ༌ཅན༌ནི༌ སྤུན༌གུན༌ལའང༌། ཅི༌, ལས༌ངན༌ ཅོ༌ཁན༌གུན༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ཞུགས༌ མི༌ཉན༌ཅེས༌པོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌མེད༌ད༌? རང༌དང༌རང༌ང༌ གོབ༌མ༌སྐོར༌ཤིག༌། ལུས༌བྲེལ༌ ངན༌པ༌, སྐུན༌དྲ༌ ཅོལ༌ཁན༌, རང༌ངི༌ ཞིད༌མད༌ མན༌པ༌ ཞན༌ཡང༌ཞིག༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཁན༌, བུ༌ཚ༌ ཟུགས༌ཙོང༌ཁན༌, བུ༌ཚ༌ དང༌ བུ༌ཚ༌ གུན༌ནི༌ པར༌ལ༌ ཡ༌ བུ༌མོ༌ དང༌ བུ༌མོ༌ གུན༌ནི༌ པར༌ལ༌ ལུས༌བྲེལ༌ ཅོ༌ཁན༌, 10 རྐུན༌མ༌ རྐུ༌ཁན༌, ནོར༌ནབས༌ཅན༌, ར༌རོས༌ཁན༌, ཞན༌མའ༌ ངན༌ ཏབ༌ཁན༌ དང༌ མི༌གུན༌ལ༌ གོབ༌སྐོར༌ཁན༌ གུན༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ཆ༌ མི༌ཉན༌། 11 ཏུས༌ཤིག༌ག༌ ཁྱོ༌ཞའ༌ ཁ༌ཅིག༌གའང༌ ཏེ༌ མི༌གུན༌ ཙོགས༌ ཡོད༌པིན༌། ཨིན༌ནའང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཁྱོང༌ཅེས༌ ཡང༌ ང༌དང༌ངི༌ དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཁྱོ༌ཞ༌གུན༌ རྩང༌མ༌ དང༌ དམ༌པ༌ ཅོའ༌ ཛད༌ཏེ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ མི༌ དྲང༌པོ༌ རིག༌ ཐེའ༌ཛད༌ཏེ༌ ཨིན༌ནོག༌།
ལུས༌བྲེལ༌ ངན༌པ༌གུན༌ནེ༌ ཐག༌རིང༌ང༌ དུག༌ཅེས༌།
6:12 ནེ༌ 20
12 ཁྱོ༌ཞ༌གུན༌ནི༌ ཕྲོ༌ནེ༌ ཁ༌ཅིག༌གི༌ ཟེར༌ར༌ནོག༌ "ངའ༌ ཅི༌ཚང༌མ༌ ཅོ༌ཆོག༌ཨིན༌།" ཨིན༌ནའང༌ ངའེ༌ ཟེར༌རད༌ "ཅི༌ཚང༌མ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ གྱལ༌ལ༌ཞིག༌ མན༌།" ངེའང༌ ཟེར༌ཉན༌ཅེས༌ ཨིན༌ནོག༌ "ངའ༌ ཅི༌ཞིག༌ ཅོ༌ནའང༌ ཅོ༌ཆོག༌ཨིན༌" ཨིན༌ནའང༌ ངའེ༌ ང༌རང༌ ཅི༌ཞིག༌གིའང༌ ཡོག༌པོ༌ མ༌ནེ༌ གྱུར༌ མི༌ཅུག༌། 13 ཁྱོ༌ཞ༌གུན༌ནི༌ ཕྲོ༌ནེ༌ ཁ༌ཅིག༌གི༌ ཟེར༌ར༌ནོག༌ "ཟན༌བོ༌ གྲོད༌པའེ༌ ཕིའ༌ ཅོས༌ཏེ༌ ཨིན༌ནོག༌ ཡང༌ གྲོད༌པ༌བོ༌ ཟན༌ནི༌ ཕིའ༌།" ཨིན༌ནའང༌ ཞག༌ཤིག༌ དཀོན༌མཆོག༌གི༌ ཏེ༌ ཉིས༌ཀོ༌ མེད༌ཁན༌ ཅོའ༌ ཛད༌ཅེས༌པོ༌ དྲང༌པོ༌ མ༌ནོག༌ག༌? ང༌དང༌གུན༌ནི༌ ཟུགས༌པོ༌བོ༌ ལུས༌བྲེལ༌ ངན༌པ༌ མན༌པ༌, གཙོ༌བོའ༌ ཞབ༌སྟོག༌ ཞུ༌ཅེས༌སི༌ ཕིའ༌ ཛད༌ཏེ༌ ཨིན༌ནོག༌, ཡང༌ གཙོ༌བོའེ༌ ང༌དང༌གུན༌ནི༌ ཟུགས༌པོའ༌ ལྟ༌སྟོག༌ ཛད༌ད༌ནོག༌། 14 ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ང༌དང༌གུན༌ ཁོང༌རང༌ངི༌ ཤེད༌ གྱུད༌ཏེ༌, ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཨིན༌, ཀ༌ཟུག༌གི༌ ཁོང༌ངི༌ ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛདས༌།
15 ཅི༌ ངོས༌པོའ༌ ཁྱོ༌ཞའེ༌ ཟུགས༌པོ༌ མ༌ཤི༌ཀའེ༌ ཁག༌ཅིག༌ ཨིན༌ཁན༌བོ༌, ཁྱོ༌ཞ༌གུན༌ལ༌ གྱུས༌མེད༌ད༌? ཏེ༌ནེ༌ མི༌ཞིག༌གི༌ མ༌ཤི༌ཀའེ༌ ཁག༌ ཨིན༌ཁན༌ནི༌ ཏེ༌ ཟུགས༌པོ༌བོ༌, ཟུགས༌ཙོང༌མ༌ཞིག༌ ཉམ༌པོ༌ དྲེས༌ས༌ལ༌ ཁྱེར༌གོས༌ས༌? མ༌ནེ༌ མ༌གོས༌། 16 ཟུགས༌ཙོང༌མ༌ ཉམ༌པོ༌ དྲེས༌ཁན༌ནི༌ མི༌བོ༌ ཏེ༌ བུ༌མོ༌ ཉམ༌པོ༌ ཟུགས༌པོ༌ ཅིག༌ གྱུར༌ཁན༌བོ༌, ཁྱོ༌ཞ༌གུན༌ལ༌ གྱུས༌མེད༌ད༌? ཅིའ༌ཟེར༌ན༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌ "བུ༌ཚ༌ དང༌ བུ༌མོ༌ ཉིས༌ཀོ༌ བྲེལ༌ཏེ༌ ཟུགས༌པོ༌ ཅིག༌ གྱུར༌ཨིན༌།"*6:16 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 2:24 17 ཨིན༌ནའང༌ གལ༌ཏེས༌ མི༌ཞིག༌ གཙོ༌བོ༌ ཡེ༌ཤུ༌ ཉམ༌པོ༌ བྲེལ༌ན༌, ཁོ༌ ཁོང༌ ཉམ༌པོ༌ ཐུག༌ཉིད༌དི༌ ནང༌ང༌ ཅིག༌ གྱུར༌ཨིན༌།
18 ལུས༌བྲེལ༌ ངན༌པའེ༌ ཀ༌ནེ༌ ཤོར༌ཏེ༌ སོང༌ཤིག༌། འི༌ སྡིག༌པའེ༌ ཟུགས༌པོའ༌ ནོད༌སྐྱལ༌ཁན༌ ཙོགས༌, ཞན༌ཡང༌ སྡིག༌པ༌ཞིག༌གི༌ ནོད༌སྐྱལ༌ མི༌ཉན༌, ཅིའ༌ཟེར༌ན༌ ལུས༌བྲེལ༌ ངན༌པའེ༌ སྡིག༌པ༌བོ༌ རང༌ངི༌ ཟུགས༌པོའེ༌ གྱབ༌གལ༌ལ༌ ཨིན༌ནོག༌། 19 ཁྱོ༌ཞ༌གུན༌ནི༌ ཟུགས༌པོ༌ དམ༌པའེ༌ ཐུག༌ཉིད༌དི༌ ཆོད༌ཁང༌ ཨིན༌ཁན༌བོ༌, ཅི༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཆའ༌ མེ༌རག༌ག༌? ཁོང༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཞུགས༌སད༌ ཡང༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ སལ༌ལ༌ ཛད༌ཏེ༌ ཨིན༌། ཏ༌ ཁྱོ༌ཞའ༌ ཁྱོ༌ཞ༌རང༌ངི༌ མ༌ནོག༌། 20 ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ རིན༌ ཆེན༌མོ༌ཞིག༌ ཤལ༌ལ༌ ཛད༌ཏེ༌ ཉོའ༌ ཛད༌ཏེ༌ ཨིན༌། ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ ཁྱོ༌ཞ༌རང༌ངི༌ ཟུགས༌པོ༌ ཉམ༌པོ༌ དཀོན༌མཆོག༌ག༌ རྩི༌ཝ༌ ཅོ༌གོས༌།

*6:16 6:16 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 2:24