པི༌ཏྲར༌རི༌ ཆག༌བྲིས༌ ཏང༌པོ༌།
པི༌ཏྲར༌རི༌ ཆག༌བྲིས༌ ཏང༌པོའེ༌ སྐོར༌།
འི༌ ཆག༌བྲིས༌ དང༌ སྔུན༌མའེ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ གྱུད༌ཏེ༌, ང༌དང༌ང༌ འི༌ ཆག༌བྲིས༌པོ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ པི༌ཏྲར༌རི༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌།
ང༌དང༌གུན༌ལ༌ ཆོས༌སི༌ ཁས༌པ༌གུན༌ གྱུད༌ཏེ༌, འི༌ ཆག༌བྲིས༌པོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ལོ༌ 27 ནེ༌ 29 ཉེ༌ཁོར༌ལ༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌། འི༌བོ༌ མ༌ཤི༌ཀ༌པ༌གུན༌ལ༌ རྡུག༌ངལ༌ ལྟན༌ཁན༌ནི༌ རོམ༌མི༌ གྱལ༌པོ༌ ནེ༌རོའེ༌ ཝང༌སྲུལ༌ལི༌ ཏུས༌ལ༌ བྲིའ༌ ཛད༌ཁན༌ནི༌ སམ༌བ༌ ཨིན༌ནོག༌།
པི༌ཏྲར༌རི༌ འི༌ ཆག༌བྲིས༌པོ༌, རོམ༌མི༌ ཝང༌སྲུལ༌ལི༌ ཡུལ༌གུན༌ནི༌ ནང༌ང༌ ཁྱེབས༌ཏེ༌ ཡོད༌ཁན༌ནི༌ མ༌ཤི༌ཀ༌པ༌ ཚང༌མའེ༌ ཕིའ༌ བྲིའ༌ ཛད༌ཏེ༌ ཨིན༌ཁན༌བོ༌ ང༌དང༌ང༌ ཤད༌དུག༌།
ཁོང༌ངི༌ འི༌ ཆག༌བྲིས༌ བྲིའ༌ ཛད༌ཅེས༌སི༌ གྱུན༌ཚན༌གུན༌ ནི༌:-
ཏང༌པོ༌, རྡུག༌ངལ༌ བྱུང༌ཅེས༌པོ༌ དཀོན༌མཆོག༌གི༌ ཐར༌པའེ༌ ཁག༌ཤིག༌ ཨིན༌ཁན༌བོ༌ ཧ༌གོ༌ཅུག༌ཅེས༌།
ཉིས༌པ༌, ཏད༌པ༌ཅན༌གུན༌ལ༌ དཀོན༌མཆོག༌ ཐུགས༌ཐད༌ཁན༌ནི༌ མི༌ཚེ༌ ཕུད༌ཅེས༌ དང༌ ཅིག༌ དང༌ ཅིག༌ག༌ ཡ༌ཤ༌ ཅོ༌ཅེས༌ལ༌ སྤོས༌པ༌ ཏང༌ཅེས༌།
སུམ༌པ༌, ཏད༌པ༌ཅན༌གུན༌ལ༌ ཁོ༌རང༌གུན༌ ཝང༌སྲུལ༌པའེ༌ ཡོག༌ག༌ བོར༌ཅེས༌, སྤོན༌བོའེ༌ ཡོག༌ག༌ ཡོག༌པོ༌ དང༌, ན༌མ༌གུན༌ ཁོ༌རང༌གུན༌ནི༌ མག༌པའེ༌ ཡོག༌ག༌ དུག༌ཅེས༌ལ༌ སྤོས༌པ༌ ཏང༌ཅེས༌།
ཞི༌པ༌, རྡུག༌ངལ༌ བྱུང༌ཅེས༌པོའེ༌ ཏད༌པ༌ཅན༌གུན༌ནི༌ སམ༌ཚུལ༌གུན༌ ཀ༌ཟུག༌ཤིག༌ ཡོང༌གོས༌།
ལྔ༌པ༌, འུ༌སྐྱོང༌ཞིག༌གི༌ ཆོས༌ཚོགས༌པོ༌ ཀ༌ཟུག༌ ཚུལ༌ལ༌ ཁྲིད༌གོས༌།།
1
པི༌ཏྲར༌རི༌ ཇུ༌ ཞུས༌།
1:1 ནེ༌ 2
1 གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ང༌ པི༌ཏྲར༌རི༌ ཁྱོ༌ཞའ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ པོན༌ཏུས༌, གཱ༌ལ༌ཏི༌ཡཱ༌, ཀ༌པ༌དོ༌ཀི༌ཡཱ༌, ཨ༌སི༌ཨཱ༌ དང༌ བི༌ཏི༌ནི༌ཡཱ༌ ཡུལ༌གུན༌ནི༌ ནང༌ང༌ ཁྱེབས༌ཏེ༌ ཡོད༌ཁན༌གུན༌ནི༌ ཕིའ༌ བྲིའད༌། 2 ཇིག༌རྟེན༌ ཛད༌དི༌ སང༌ སྔུན༌ལ༌, དཀོན༌མཆོག༌ ཡབ༌བི༌ ཁྱོ༌ཞ༌གུན༌ ཤེས༌ཏེ༌ ལྡམ༌མ༌ ཛད༌ཏེ༌, དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ དམ༌པ༌ ཅོའ༌ ཛདས༌། ཏེ༌བོའེ༌ ཞས༌ཏེ༌ ཁྱོ༌ཞ༌གུན༌ནི༌ ཡེ༌ཤུའི༌ ཁའ༌ཉནས༌, ཡང༌ མ༌ཤི༌ཀའེ༌ སྐུ༌ཁྲག༌ཕོའ༌ ཛད༌ཅེས༌པོའེ༌ ཁྱོ༌ཞ༌གུན༌ རྩང༌མ༌ ཅོའ༌ ཛདས༌།
ཁྱོ༌ཞ༌གུན༌ལ༌ ཐུག༌རྗེ༌ དང༌ ཞི༌དེ༌ མང༌མི༌ སང༌ མང༌ང༌ ཐོབ༌ཤིག༌།
ཐར༌པའེ༌ རེ༌ཝའེ༌ ཕིའ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌།
1:3 ནེ༌ 12
3 ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཡབ༌ དང༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཤིག༌། ང༌དང༌གུན༌ལ༌ ཁོང༌ངི༌ སྙིང༌རྗེ༌ ཆེན༌མོ༌ ཛད༌ཏེ༌, མི༌ཚེ༌ སོ༌མ༌ཞིག༌ སལ༌ལ༌ ཛདས༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཡེ༌ཤུ༌ མ༌ཤི༌ཀ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛདས༌། ཏ༌ ང༌དང༌གུན༌ནིའང༌ རེ༌ཝ༌ ཆེན༌མོ༌ ཉམ༌པོ༌ མི༌ཚེ༌ ཕུད༌ད༌ནོག༌། 4 ཏེ༌བོ༌ ནི༌ ནོར༌སྐལ༌ མ༌ནེ༌ མི༌རུལ༌ཁན༌, མ༌ནེ༌ ཚི༌ཏུ༌ མི༌ཆའ༌ཁན༌ དང༌ ལྡངས༌ མ༌ནེ༌ མི༌ཡོལ༌ཁན༌ ཀ༌བོ༌ ང༌དང༌གུན༌ནི༌ ཕིའ༌ ནམ༌ཁའེ༌ ནང༌ང༌ བོར༌ར༌ ཛད༌ཏེ༌ ཡོད༌། 5 ཁྱོ༌ཞ༌གུན༌ནི༌ ཏད༌པ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ སྟོབས༌པོའེ༌ ཁྱོ༌ཞ༌གུན༌ལ༌ ཏེ༌ ཐར༌པ༌ ཐོབ༌ཐོབ༌ ཚོག༌པ༌ སྲུང༌སྐྱོབ༌ ཛད༌དུག༌, ཀ༌བོ༌ སྟིང༌ཇུག༌གི༌ ཏུས༌ལ༌, སྔོན༌ ཅུག༌ག༌ ཛད༌ཅེས༌ལ༌ གྲལ༌གྲིག༌ ཡོད༌།
6 ཏེན༌ན༌བོའེ༌ཕིའ༌ གའ༌མོ༌ ཅོ༌ཤིག༌། ཞན༌ དག༌ས༌ ཏུས༌ ཉུ༌ངུན༌ཞིག༌, ཁྱོ༌ཞ༌གུན༌ལ༌ ཚོད༌ལྟ༌ སོ༌སོའེ༌ ནང༌ང༌ རྡུག༌ངལ༌ ཐོང༌ནའང༌, ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ནང༌ང༌ ཧ༌ལས༌ཤེས༌སི༌ ཐད༌པོ༌ ང༌ཏི༌ ཕིའ༌ སྲུངས༌ཏེ༌ ཡོད༌། 7 ཏེ༌ ཚོད༌ལྟ༌གུན༌ནི༌ ཁྱོ༌ཞའེ༌ ཏད༌པ༌ དེན༌བ༌ ཨིན༌ཁན༌བོ༌ ལྟན༌ན༌ནོག༌, ཀ༌ཟུག༌གི༌ སེར༌ལ༌ སྟག༌ཅད༌ མེ༌ གྱུད༌ཏེ༌ ཅོས༌ཏེ༌ ལག༌མོ༌ ཅོའ༌ནོག༌, ཨིན༌ནའང༌ ཁྱོ༌ཞའེ༌ ཏད༌པ༌གུན༌ སེར༌རི༌ སང༌ མང༌ང༌ རིན༌ཅན༌ ཨིན༌ནོག༌། གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌བོ༌, ཚོད༌ལྟ༌གུན༌ནི༌ ནང༌ང༌ སྟན༌པོ༌ ལུས༌ན༌, གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ལོགས༌ཏེ༌ སྐྱོད༌ ཟ༌ནེ༌, ཁྱོ༌ཞ༌གུན༌ལ༌ སྟོད༌པ༌, སྤལ༌ དང༌ རྩི༌ཝ༌ ཐོབ༌ཨིན༌།
8 ཁྱོ༌ཞ༌གུན༌ནི༌ ཡེ༌ཤུ༌ མ༌ཇལ༌ནའང༌ ཁོང༌ང༌ ཅམས༌པ༌ ཅོའ༌ནོག༌, ཡང༌ དག༌ས༌ རང༌ངི༌ མིག༌ནེ༌ མ༌ཐོང༌ནའང༌, ཁོང༌ང༌ ཏད༌པ༌ ཅོས༌ཏེ༌ ཧ༌ལས༌ཤེས༌ དང༌ ཤད༌ མི༌ཉན༌ཅེས༌སི༌ ཐད༌པོ༌ ཅོའ༌ནོག༌། 9 ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅོ༌ཅེས༌སི༌ སོལ༌རས༌པོ༌ ནི༌, ཁྱོ༌ཞ༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌པོ༌ ཨིན༌།
10 ཁྱོ༌ཞ༌གུན༌ནི༌ཀ༌ སྔོན༌ཅུག༌ཅེས༌སི༌ ཐུག༌རྗེའེ༌ ཐར༌པའེ༌ སྐོར༌ལ༌ ལུང༌སྟན༌ ཛད༌ཁན༌ནི༌ ལུང༌སྟོན༌པ༌གུན༌ནི༌, གྱལ༌ལ༌ ཅོས༌ཏེ༌ རྩར༌ཅོད༌ ཅོའ༌ ཛདས༌། 11 ཏེ༌གུན༌ལ༌ མ༌ཤི༌ཀའ༌ རྡུག༌ངལ༌ བྱུངས༌ཏེ༌ སྤལ༌ ཐོབ༌ཅེས༌སི༌ ཏུས༌ དང༌ ནས༌ལུགས༌ གུན༌ནི༌ སྐོར༌ལ༌ ཧ༌གོ༌ཅེས༌སི༌ དོད༌པ༌ ཡོད༌པིན༌, ཀ༌བོ༌ ཁོང༌གུན༌ནི༌ ནང༌ང༌ ཡོད༌ཁན༌ནི༌ མ༌ཤི༌ཀའེ༌ ཐུག༌ཉིད༌དི༌ ཁོང༌གུན༌ལ༌, ཏེ༌གུན༌ བྱུང༌ངི༌ སང༌ སྔུན༌ལ༌ སྔོན༌ ཅུག༌ག༌ ཛད༌ཏེ༌ ཨིན༌པིན༌།
12 ཏེ༌ ལུང༌སྟོན༌པ༌གུན༌ནི༌ ཞབ༌སྟོག༌པོ༌, ཁོང༌རང༌གུན༌ནི༌ ཕིའ༌ མན༌པ༌, ཁྱོ༌ཞ༌གུན༌ནི༌ ཕིའ༌ ཨིན༌ཁན༌བོ༌ ཁོང༌གུན༌ལ༌ སྔོན༌ ཅུག༌ག༌ ཛད༌ཏེ༌ ཨིན༌པིན༌། ཏ༌ ཁྱོ༌ཞ༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌གུན༌ནི༌, ནམ༌ཁའ༌ནེ༌ བབས༌ཁན༌ནི༌ དམ༌པའེ༌ ཐུག༌ཉིད༌དི༌ རོགས༌ ཉམ༌པོ༌ ཤད༌ད༌ནོག༌, ཡང༌ ཕོ༌ཉ༌གུན༌ལའང༌, འི༌གུན༌ནི༌ སྐོར༌ལ༌ ཧ༌གོ༌ཅེས༌སི༌ དོད༌པ༌ ཆེན༌མོ༌ ཡོད༌པིན༌།
མི༌ཚེ༌ དམ༌པ༌ཞིག༌ ཕུད༌།
1:13 ནེ༌ 2:3
13 ཏེན༌ན༌བོའེ༌ཕིའ༌ ཇིག༌རྟེན༌ནི༌ ནང༌ང༌ ཡོད༌ཁན༌གུན༌ནི༌ ཆོགས༌ལ༌ སམ༌བ༌ མ༌ཏང༌ང༌, རང༌སེམས༌ ཅུན༌ཏེ༌ ཡེ༌ཤུ༌ མ༌ཤི༌ཀ༌ སྔོན༌ནི༌ ཏུས༌ལ༌ ཐོབ༌ཅེས༌ཅན༌ནི༌ ཐུག༌རྗེ༌ ཐར༌པ༌བོའེ༌ཀ༌ སྟན༌པོ༌ རེ༌ཝ༌ བོར༌ཤིག༌། 14 ཁྱོ༌ཞའེ༌ ནང༌ང༌ དཀོན༌མཆོག༌ མ༌ཤེས༌སི༌ སང༌ སྔུན༌ལ༌ ཡོད༌ཁན༌ནི༌ དོད༌པ༌ ངན༌པ༌གུན༌ནི༌ གྱབ༌ནེ༌ མ༌གྲུལ༌ལ༌, དཀོན༌མཆོག༌གི༌ ཁའ༌ ཉན༌ཁན༌ནི༌ ཕྲུ༌གུ༌གུན༌ ཙོགས༌ གྱུར༌ཤིག༌། 15 མ༌ཚད༌ ཁྱོ༌ཞ༌གུན༌ བོད༌ད༌ ཛད༌ཁན༌ དཀོན༌མཆོག༌ ཁོང༌རང༌ དམ༌པ༌ ཨིན༌ཁན༌ ཙོགས༌ལ༌ ཅི༌ས༌ཐོག༌ནེ༌ ཁྱོ༌ཞ༌རང༌ངི༌ མི༌ཚེ༌ དམ༌པ༌ཞིག༌ པུད༌ཤིག༌། 16 ཅིའ༌ཟེར༌ན༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ དཀོན༌མཆོག༌གི༌, "ང༌ དམ༌པ༌ ཨིན༌པ༌ ཁྱོ༌ཞ༌གུན༌ནའང༌ དམ༌པ༌ གྱུར༌གོས༌"*1:16 ཁྲིམས༌སི༌ སྤེ༌ཆ༌ ཏང༌པོའེ༌ 11:44, 45; 19:2; 20:7 མོལ༌ཏེ༌ དུག༌།
17 ཡང༌ འི༌གུན༌ ཨིད༌ཏུ༌ བོར༌ཤིག༌, ཁྱོ༌ཞ༌གུན༌ནི༌ མོས༌ལམ༌ ཕུལ༌ཁན༌, ནམ༌ཁའེ༌ ཡབ༌བི༌ ཆོགས༌རིས༌ ཛད༌ད༌ མ༌ནོག༌། ཁྱོ༌ཞ༌གུན༌ནི༌ ཅོ༌ཁན༌ ནང༌ཞིན༌ལ༌ ཁོང༌ངི༌ ཁྲིམས༌ཅད༌ ཡ༌ སོལ༌རས༌ སལ༌ཅེས༌ ཨིན༌ པ༌སང༌, ཇིག༌རྟེན༌ནི༌ཀ༌ མི༌ཚེ༌བོ༌ བེས༌པ༌ཞིག༌ ཙོགས༌ལ༌ དཀོན༌མཆོག༌ག༌ རྩི༌ཝ༌ དང༌ ཁོང༌ངི༌ ཇིགས༌སི༌ ནང༌ང༌ ཕུད༌ཤིག༌། 18-19 ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌, ཁྱོ༌ཞ༌གུན༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནེ༌ ཐོབ༌ཁན༌ནི༌ ཕན༌མི༌ཐོགས༌སི༌ མི༌ཚེ༌ནེ༌ ཐར༌ཏེ༌ ཨིན༌, ཨིན༌ནའང༌ ཏེ༌བོ༌ མེད༌ཁན༌ ཆ༌ཉན༌ཅེས༌སི༌ སེར༌ ཡ༌ མུལ༌ གུན༌ གྱུད༌ཏེ༌ མན༌པ༌, སྡིག༌པ༌ ཡ༌ སྐྱོན༌མེད༌ཁན༌ནི༌ ལུ༌གུ༌, མ༌ཤི༌ཀའེ༌ སྐུ༌ཁྲག༌ རིན༌ཅན༌ ཤལ༌ཏེ༌, ཉོའ༌ཛད༌ཏེ༌ ཨིན༌ནོག༌། 20 ཁོང༌ ཇིག༌རྟེན༌ མ༌ཆགས༌སི༌ སང༌ སྔུན༌ལ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཏེ༌ ཨིན༌པིན༌། ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ འི༌ སྟིང༌ཇུག༌གི༌ ཞག༌གུན༌ནི༌ ནང༌ང༌ ཁོང༌ སྔོན༌ ཅུག༌ག༌ ཛད༌ཏེ༌ ཨིན༌།
21 གཙོ༌བོ༌ ཡེ༌ཤུ༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌གི༌ ནང༌ང༌ ཨིད༌ཤེས༌ ཅོའ༌ནོག༌། དཀོན༌མཆོག༌གི༌ ནང༌ང༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ དང༌ རེ༌ཝ༌ བོར༌ར༌ནོག༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌, ཡེ༌ཤུ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ སྤལ༌ སལ༌ལ༌ ཛདས༌།
22 ཏ༌ ཁྱོ༌ཞ༌གུན༌ནི༌ དེན༌བ༌བོའ༌ ཁའ༌ཉན༌ཅེས༌པོའེ༌, ཁྱོ༌ཞའ༌ རྩང༌མ༌ གྱུར༌ཏེ༌ ཨིན༌ནོག༌། ཏེ༌བོའེ༌ཕིའ༌ མིང༌སྲིང༌ ཙོགས༌ལ༌ ཁྱོ༌ཞའ༌ ཅིག༌ དང༌ ཅིག༌གི༌ ནང༌ང༌ དེན༌བའེ༌ ཅམས༌པ༌ ཡོང༌གོས༌། ཏ༌ སྙིང༌ངི༌ ཐིལ༌ནེ༌ ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཅོ༌ཤིག༌།
23 ཁྱོ༌ཞ༌གུན༌ རུལ༌ཅེས༌ཅན༌ནི༌ ས༌འོན༌ནེ༌ མ༌སྐྱེའ༌, སོན༌པོ༌ དང༌ ཏུས༌གྱུན༌ ཞུགས༌ཁན༌ དཀོན༌མཆོག༌གི༌ བཀའ༌ གྱུད༌ཏེ༌ མ༌ནེ༌ མི༌རུལ༌ཅེས༌ཅན༌ནི༌ ས༌འོན༌ནེ༌ ཡང༌སྐྱར༌ སྐྱེས༌ཏེ༌ ཨིན༌། 24 དམ༌པའེ༌ སུང༌རབས༌སི༌ མོལ༌དུག༌,
"མི༌ཚང༌མ༌ ནི༌ རྩཱ༌ ཙོགས༌ ཨིན༌།
ཁོང༌གུན༌ནི༌ སྤལ༌ ཚང༌མ༌ རྩཱའེ༌ མེན༌ཏོག༌ ཙོགས༌ ཨིན༌།
རྩཱ༌ སྐམས༌ཏེ༌ མེན༌ཏོག༌ ཡོལ༌ལ༌ནོག༌།"
25 ཨིན༌ནའང༌ དཀོན༌མཆོག༌གི༌ བཀའ༌ ཏུས༌གྱུན༌ ལུས༌ཨིན༌།"†1:25 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 40:6 ནེ༌ 8
ཏེ༌ བཀའ༌བོ༌ ནི༌, ཁྱོ༌ཞ༌གུན༌ལ༌ ཤད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཨིན༌ནོག༌།