10
པ༌འུ༌ལུའི༌ ཁོང༌རང༌ངི༌ ཝང༌ཆ༌བོའ༌ ཆོགས༌སྐྱོར༌ ཅོས༌།
10:1 ནེ༌ 18
1 ཏ༌ ང༌ པ༌འུ༌ལུའི༌ ཁྱོ༌ཞ༌གུན༌ལ༌ མ༌ཤི༌ཀའེ༌ པས༌མོ༌ དང༌ ཐུག༌རྗེ༌ ཉམ༌པོ༌ ཞུ༌ཝ༌ ཕུལ༌ལད༌། ཁྱོ༌ཞ༌གུན༌ནི༌ ང༌ ཁྱོ༌ཞའེ༌ ཕྲོའ༌ ཡོད༌ ཟ༌ནེ༌ ངོས༌མིག༌ ཆུ༌ངུན༌, ཨིན༌ནའང༌ ཐག༌རིང༌ནེ༌ ངའེ༌ ཨི༌གེ༌གུན༌ བྲི༌ ཟ༌ནེ༌ མ༌ ཝང༌ཅན༌ ཡོང༌དུག༌ སམ༌མ༌ནོག༌། 2 ངའ༌ ཡོང༌ ཟ༌ནེ༌, ང༌ཞའེ༌ ཇིག༌རྟེན༌པའེ༌ དོད༌པ༌ ནང༌ཞིན༌ ལས༌ ཅོ༌རུག༌ སམ༌ཁན༌གུན༌ ཉམ༌པོ༌ ཝང༌ཆ༌ ཀོལ༌ མི༌གོ༌ཤེས༌སི༌ ཕིའ༌, ངའེ༌ ཁྱོ༌ཞ༌གུན༌ལ༌ དག༌ས༌ ཞུ༌ཝ༌ ཕུལ༌ལད༌།
3 ང༌ཞའ༌ མི༌ ཨིན༌ནའང༌, ང༌ཞ༌གུན༌ནི༌ ཇིག༌རྟེན༌པའེ༌ ཚུལ༌ལ༌ མག༌ ཏང༌ང༌མེད༌། 4 མི༌གུན༌ནི༌ སྲན༌ཏྲེ༌ ཐམས༌ཏེ༌ ཡོད༌ཁན༌ནི༌ ཟུས༌མའེ༌ སམ༌ཚུལ༌ དང༌ ཟེར༌རྒྱུ༌ གུན༌ མེད༌ཁན༌ ཅོ༌ཅེས༌ལ༌, ང༌ཞ༌གུན༌ནི༌ ཇིག༌རྟེན༌ནི༌ ལག༌ཆ༌གུན༌ མན༌པ༌, དཀོན༌མཆོག༌གི༌ ལག༌ཆ༌ ཀྲག༌པོ༌གུན༌ ཀོལ༌ལད༌། 5 ང༌ཞ༌གུན༌ནི༌ མི༌གུན༌ལ༌ དཀོན༌མཆོག༌ ཤེས༌ མ༌ཤུག༌ག༌ བོར༌ཁན༌ནི༌ ཕོ༌སོ༌ཅན༌ནི༌ གག༌སྐྱིལ༌ ཚང༌མ༌ མེད༌ཁན༌ ཅོའད༌, ཡང༌ ཏེ༌ གྱབ༌གལ༌ཅན༌ནི༌ སམ༌ཚུལ༌གུན༌ ཕམ༌ཤུགས༌ཏེ༌, མ༌ཤི༌ཀའེ༌ ཞལ༌ཏ༌གུན༌ ཁའ༌ཉན༌ཅེས༌ ལབ༌བད༌། 6 ཁྱོ༌ཞ༌གུན༌ནི༌ ཅི༌ས༌ཐོག༌ནེ༌ ང༌ཞའེ༌ ཁའ༌ ཉན༌ན༌ཅིག༌, ཏེ༌ནེ༌ ཁའ༌ མ༌ཉན༌ན༌ ལུས༌ཁན༌ ཚང༌མ༌ལ༌ ང༌ཞའེ༌ ཆད༌པ༌ ཅད༌ཨིན༌།
7 དེན༌བའེ༌ ནས༌ལུག༌པོའ༌ ལྟོས༌ཤིག༌, མ༌ ལོ༌ཁྱེལ༌ ཉམ༌པོ༌ ང༌ མ༌ཤི༌ཀའེ༌ ཨིན༌ ཟེར༌ཁན༌གུན༌ནི༌ ང༌ཞ༌གུན༌ནའང༌ མ༌ཤི༌ཀའེ༌ ཨིན༌ཁན༌, ཁོ༌རང༌གུན༌ ཙོགས༌ ལོ༌ཁྱེལ༌ ཡོད༌ཁན༌བོ༌ ཤེས༌གོས༌། 8 ཞན༌ གཙོ༌བོ༌ ཡེ༌ཤུའི༌ ང༌ཞ༌གུན༌ལ༌ སལ༌ལ༌ ཛད༌ཁན༌ནི༌ ཝང༌ཆའེ༌ ནང༌ང༌ ཕོ༌སོ༌ ཅོས༌ཏེ༌, ངའེ༌ སྤེ༌ར༌ ཏངས༌ཏེ༌ ཡོད༌ན༌, ཏེ༌བོ༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ བུབས༌ མ༌ཅུག༌ག༌, ཤེད༌ཅན༌ གྱུར༌ཅེས༌ལ༌ ཨིན༌པིན༌། ངའ༌ ང༌རང༌ངི༌ ཝང༌ཆ༌ ཀོལ༌ཁན༌བོའེ༌ཀ༌ ཁྲེལ༌བ༌ མི༌ཚོར༌།
9 ངའེ༌ ང༌རང༌ངི༌ ཨི༌གེ༌གུན༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ ཇིགས༌ཤུག༌ཅེས༌སི༌ རྩོན༌གྲུས༌ ཅོའ༌མེད༌། 10 ཅིའ༌ཟེར༌ན༌ ཁ༌ཅིག༌གི༌, "པ༌འུ༌ལུའི༌ ཨི༌གེ༌གུན༌ ཏོན༌ཏག༌ཅན༌ དང༌ ཝང༌ཅན༌ ཡོང༌དུག༌ ཨིན༌ནའང༌ ང༌དང༌གུན༌ནི༌ ཕྲོའ༌ ཡོད༌ ཟ༌ནེ༌, ཁོ༌ ཧམ༌པ༌ མེད༌ཁན༌ དང༌ ཁོའེ༌ ལྕིད༌ མེད༌ཁན༌ནི༌ སྤེ༌ར༌ ཏང༌དུག༌" ཟེར༌ར༌ནོག༌། 11 ཀ༌ཟུག༌ ཐག༌རིང༌ང༌ ཡོད༌ ཟ༌ནེ༌, ང༌ཞའེ༌ ཨི༌གེ༌གུན༌ བྲིས༌ཏེ༌ ཡོད༌ཁན༌ ཙོགས༌ལ༌ ང༌ཞའ༌ ཡོང༌ ཟ༌ནེ༌, ང༌ཞའེ༌ ཝང༌ཆ༌ ལྟན༌ཅེས༌པོ༌, ཏེ༌ མི༌གུན༌ལ༌ ཧ༌གོ༌ གོ༌ཤེས༌ ཨིན༌ནོག༌། 12 ཏེ༌ མི༌ ཀྲག༌པོ༌གུན༌ནི༌ ཁོ༌རང༌གུན༌ མ༌ ཁག༌ཅན༌ ཨིན༌ ཟེར༌ཁན༌ ཙོགས༌ ཟེར༌ཅེས༌སི༌ ང༌ཞའེ༌ ཧམ༌པ༌ ཅོའ༌མེད༌། ཨིན༌ནའང༌ ཁོང༌གུན༌ནི༌ ཁོ༌རང༌ ཅིག༌ དང༌ ཅིག༌ སྤེ༌ཅེས༌ ཡང༌ ཅིག༌ ཏང༌ ཅིག༌ པར༌ལ༌ རྡུར༌ ཟ༌ནེ༌ ཙམ༌ཤིག༌གི༌ སམ༌བ༌ མེད༌ཁན༌ ཨིན༌ནོག༌།
13 ཨིན༌ནའང༌ ང༌ཞ༌གུན༌ནི༌ ཝང༌ཆ༌ནེ༌ ཐལ༌ཏེ༌ ཅོས༌ཁན༌ནི༌ ལས༌གུན༌ནི༌ ནང༌ང༌ ཕོ༌སོ༌ ཅོའ༌མེད༌། ང༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ སལ༌ལ༌ ཛད༌ཁན༌ནི༌ ལས༌གུན༌ནི༌ ནང༌ནེ༌ གྲུབ༌ཅུག༌ག༌ ཛད༌ཁན༌གུན༌ནི༌ཀ༌ ཕོ༌སོ༌ ཅོའད༌, ཀ༌བོའེ༌ ནང༌ང༌ ཁྱོ༌ཞའ༌ ཉམ༌པོ༌ ལས༌ ཅོ༌ཁན༌གུན༌ནའང༌ ཐེས༌ཏེ༌ ཨིན༌། 14 གལ༌ཏེས༌ ཁྱོ༌ཞའ༌ ཡོད༌ས༌ ང༌ཞའ༌ མ༌ནེ༌ མ༌ཡོང༌ང༌ ཨིན༌པིན༌ན༌, ཏེ༌ནེ༌ ང༌ཞ༌གུན༌ནི༌ ཁྱོ༌ཞ༌གུན༌ནི༌ཀ༌ ཝང༌ ཡོད༌ ཟེར༌ ཟ༌ནེ༌, ང༌ཞའ༌ ཟེར༌ཆོགས༌ཤེས༌པོ༌ སང༌ ཐལ༌ཏེ༌ སོང༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ ཁྱོ༌ཞའ༌ ཡོད༌ས༌ ཚོག༌པའང༌ ཡོངས༌ཏེ༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌ ང༌ཞའ༌ ཏང༌པོ༌རང༌ ཨིན༌པིན༌, 15 མ༌ཚད༌ ང༌ཞ༌གུན༌ནི༌ ཞན༌མའེ༌ ཅོས༌ཁན༌ནི༌ ལས༌སི༌ཀ༌ ཕོ༌སོ༌ ཅོས༌ཏེ༌ སྟོད༌པ༌ མ༌ལེན༌པིན༌། ཨིན༌ནའང༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ ཡར༌གྱས༌ ཆ༌ཅིག༌ ཁྱོ༌ཞའེ༌ ཕྲོའ༌ ང༌ཞའེ༌ ལས༌གུན༌ མང༌ང༌ གྱས༌ཨིན༌ ཆ༌ཅེས༌སི༌ ང༌ཞའེ༌ རེ༌ཝ༌ ཨིན༌། 16 ཏེ༌ནེ༌ ང༌ཞའེ༌ ཁྱོ༌ཞ༌གུན༌ནི༌ ནས༌སའེ༌ སང༌ ཐག༌རིང༌ང༌, ཞན༌སུ༌ཞིག༌གའང༌ ལས༌ མ༌ཅོ༌ཁན༌ནི༌ ནས༌ས༌གུན༌ནི༌ ནང༌ང༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤད༌ཉན༌ཅེས༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ང༌ཞའེ༌ ཏེ༌ ནས༌སའེ༌ཀ༌ ཕོ༌སོ༌ ཅོ༌ཉིན༌ མེ༌རག༌ ཀ༌བོའེ༌ ནང༌ང༌ ཞན༌མ༌གུན༌ནི༌ ལས༌ ཅོ༌ཚར༌ཏེ༌ ཨིན༌། 17 ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌, "གལ༌ཏེས༌ ཁྱོ༌ཞ༌གུན༌ ཕོ༌སོ༌ ཅོ༌ཉིན༌ ཡོད༌ན༌ གཙོ༌བོ༌ དཀོན༌མཆོག༌ ཅིག༌པོའེ༌ཀ༌ ཕོ༌སོ༌ ཅོ༌ཤིག༌། *10:17 ཡེ༌རེམ༌ཡཱའི༌ སྤེ༌ཆའེ༌ 9:24 "
18 རང༌ དང༌ རང༌ང༌ སྟོད༌པ༌ ཏང༌ཅེས༌པོའ༌ མན༌པ༌ གཙོ༌བོའེ༌ སྟོད༌པ༌ ཕུལ༌ཅེས༌པོའ༌ རིན༌ ཡོད༌ཏེ༌ ཨིན༌ནོག༌།