6
ཞབ༌སྟོག༌པ༌ རྡུན༌ ལྡམ༌མ༌ ཛདས༌།
6:1 ནེ༌ 7
1 ཏད༌པ༌ཅན༌གུན༌ནི༌ ཀྲངས༌ཀ༌ ཕེལ༌ཨིན༌ ཡོད༌ ཟ༌ནེ༌, གིརིས༌པའེ༌ ཨ༌ནེ༌ མ༌རང༌མོ༌གུན༌ལ༌ ཞག༌ཏང༌ངི༌ ཟན༌ བགོ༌ཅེས༌སི༌ ནང༌ང༌ ཡ༌ཕེས༌ ཅོ༌ཅེས༌པོ༌ ཐོང༌ཏེ༌ གིརིས༌སི༌ ཏད༌པ༌ཅན༌གུན༌ནི༌ ཨིབ༌རི༌པའེ༌ ཏད༌པ༌ཅན༌གུན༌ནི༌ གྱབ༌གལ༌ལ༌ སྐྱོན༌རྗོད༌ ཅོས༌།
2 ཏེ༌བོ༌ ཚོར༌ར༌ཅིག༌ སྐུ༌ཚབས༌ ཅུག༌ཉིས༌པོའེ༌ ཞན༌ ལོབ༌ཕྲུགས༌གུན༌ ལྡུས༌ཏེ༌ ཁོང༌གུན༌ལ༌ མོལས༌, "གལ༌ཏེས༌ ཁར༌ཇི༌ བགོ༌ཨིན༌ དུགས༌ཏེ༌ དཀོན༌མཆོག༌གི༌ བཀའ༌ ལབ༌ཅེས༌པོའ༌ སྣང༌ང༌ མ༌ཏང༌ན༌ ང༌ཞ༌གུན༌ནི༌ ནོར༌ཁྲུལ༌ ཅོས༌ཏེ༌ ཨིན༌ནོག༌། 3 ཏེན༌ན༌བོའེ༌ཕིའ༌ སྤུན༌གུན༌, ཁྱོ༌ཞ༌རང༌ངི༌ ཕྲོ༌ནེ༌ དམ༌པའེ༌ ཐུག༌ཉིད༌ དང༌ ཤེས༌རབས༌ གངས༌ཁན༌ རྩི༌ཝ༌ཅན༌ བུ༌ཚ༌ རྡུན༌ ལྡོམ༌ཤིག༌, ང༌ཞའེ༌ ཁོང༌གུན༌ལ༌ ཏེ༌ ལས༌པོ༌ ཅོ༌ཅེས༌སི༌ ཁག༌ སྟད༌ཨིན༌། 4 ཏེ༌ནེ༌ ང༌ཞ༌གུན༌ནི༌ ཏུས༌ ཚང༌མ༌ མོས༌ལམ༌ ཞུ༌ཅེས༌ དང༌ བཀའ༌ ལབ༌ཅེས༌སི༌ ཞབ༌སྟོག༌གི༌ ནང༌ང༌ ཏང༌ ཐུབ༌ཨིན༌།"
5 ཏེ༌ སྤེ༌ར༌བོ༌ ཚོར༌ཏེ༌ ཏེ༌རུ༌ ཛོམས༌ཁན༌ ཚང༌མ༌ ཐད༌ ཡང༌ ཁོང༌གུན༌ནི༌ ལྡམ༌ཁན༌གུན༌: སྟེ༌ཕན༌ ༼ཏད༌པ༌ དང༌ དམ༌པའེ༌ ཐུག༌ཉིད༌དི༌ གངས༌ཁན༌༽, ཕི༌ལིབ༌, པོརོ༌ཀོར༌འུས༌, ནི༌ཀ༌ནོར༌, ཏི༌མོན༌, པར༌མེ༌ནཱས༌, སྔུན༌ལ༌ ཡ༌ཧུ༌དཱ༌པའེ༌ ཆོས༌ལ༌ སྟེན༌ཁན༌ ཨན༌ཏི༌ཡོག༌པ༌ ནི༌ཀོ༌ལཱ༌ རྡུན༌ཀོ༌ ཨིན༌ནོག༌། 6 ཏེ༌ རྡུན༌ཀོ༌ སྐུ༌ཚབས༌གུན༌ནི༌ དུན༌ལ༌ ཁྱེར༌པ༌ ཁོང༌གུན༌ནི༌ ཁོང༌གུན༌ནི༌ གོའེ༌ཀ༌ ཆག༌ བོར༌ཏེ༌ མོས༌ལམ༌ ཞུའ༌ ཛདས༌།
7 དཀོན༌མཆོག༌གི༌ བཀའ༌ མང༌ང༌ གྱས༌ཨིན༌ སོང༌, ཏད༌པ༌ཅན༌གུན༌ནི༌ ཀྲངས༌ཀ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ མང༌པོ༌ ཕེལ༌ ཡང༌ ཡ༌ཧུ༌དཱ༌པའེ༌ བླ༌མ༌ མང༌པོ༌ཞིག༌གིའང༌ ཏད༌པ༌ ཅོས༌།
སྟེ༌ཕན༌ ཟུམས༌།
6:8 ནེ༌ 15
8 དཀོན༌མཆོག༌གི༌ ཐུག༌རྗེ༌ དང༌ སྟོབས༌སི༌ གངས༌ཏེ༌, སྟེ༌ཕན༌ནི༌ མི༌གུན༌ནི༌ ཕྲོའ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ དང༌ ལྟས༌ མང༌པོ༌ ལྟན༌ནད༌པིན༌། 9 ཚེ༌ཡོག༌ནེ༌ ཐར༌ཁན༌གུན༌ནི༌ དུ༌ཁང༌ངི༌ ཐུས༌མི༌ ཁ༌ཅིག༌གི༌ སྟེ༌ཕན༌ ཉམ༌པོ༌ ཟེར༌ཟེར༌ གོ༌ཟུག༌ ཅོས༌། ཁོང༌གུན༌ ཀི༌རིན༌, ཨ༌ལེག༌ཟན༌དེར༌, ཀཱི༌ལི༌ཀི༌ཡཱ༌ དང༌ ཨ༌སི༌ཨཱ༌ནེ༌ ཡོངས༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ ཨིན༌པིན༌། 10 ཨིན༌ནའང༌ སྟེ༌ཕན༌ནི༌ དམ༌པའེ༌ ཐུག༌ཉིད༌ ཡང༌ ཤེས༌རབས༌ ཉམ༌པོ༌ མོལ༌ཁན༌བོའེ༌ཀ༌ ཁོང༌གུན༌ ལོ༌ མ༌ཐུབ༌།
11 ཏེ༌ནེ༌ ཁོང༌གུན༌ནི༌ སང༌ཝའེ༌ ཐོག༌ནེ༌ ལྕེ༌ ཀོལ༌ཁན༌ནི༌ མི༌ ཁ༌ཅིག༌ག༌, "སྟེ༌ཕན༌ནི༌ ལུང༌སྟོན༌པ༌ མོ༌ཟེས༌ དང༌ དཀོན༌མཆོག༌ག༌ དད༌ལོག༌ ཞུ༌ཅེས༌པོ༌ ང༌ཞའེ༌ ཚོར༌" ཟེར༌ཅུགས༌། 12 ཏེ༌ཟུག༌ ཚོར༌ཅེས༌པོའེ༌ མི༌གུན༌, འུ༌སྐྱོང༌གུན༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ལ༌ སྟེ༌ཕན༌ནི༌ཀ༌ སྲོ༌ སྲན༌ཏྲེ༌ ལངས༌། ཁོང༌གུན༌ནི༌ སྟེ༌ཕན༌ ཟུམས༌ཏེ༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ དུན༌ལ༌ ཁྱེརས༌།
13 ཁོང༌གུན༌ནི༌ ཟུན༌མ༌ སྤང༌པོ༌ མང༌པོ༌ ཕིངས༌ ཡང༌ ཁོང༌གུན༌ལ༌ ཟེར༌ཅུགས༌, "འི༌ མི༌བོའེ༌ ཏུས༌གྱུན༌ དམ༌པའེ༌ ཆོད༌ཁང༌ དང༌ བཀའ༌ཁྲིམས༌གུན༌ནི༌ གྱབ༌གལ༌ལ༌ ཟེར༌དུག༌། 14 སྤེར༌ན༌ ན༌ཙ༌རེད༌པ༌ ཡེ༌ཤུའི༌ འི༌ ཆོད༌ཁང༌བོ༌ ཤིག༌ཅེས༌ ཡང༌ ལུང༌སྟོན༌པ༌ མོ༌ཟེས༌སི༌ ང༌དང༌ང༌ སལ༌ཁན༌ནི༌ ལུག༌སྲོལ༌གུན༌ གྱུར༌ཨིན༌ ཟེར༌ཁན༌བོ༌ ང༌ཞའེ༌ ཚོར༌།"
15 ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ནང༌ང༌ ལྡུས༌ཏེ༌ ཡོད༌ཁན༌གུན༌ནི༌ སྟེ༌ཕན༌ལ༌ ཇག༌པོ༌ ཅོས༌ཏེ༌ ལྟས༌, ཅིའ༌ཟེར༌ན༌ ཁོའེ༌ ལྡོང༌བོ༌ དཀོན༌མཆོག༌གི༌ ཕོ༌ཉའེ༌ ཞལ༌དོང༌ ཙོགས༌ ཐོང༌ངད༌པིན༌།