7
སྟེ༌ཕན༌ནི༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ནང༌ང༌ རང༌ངི༌ སྤང༌པོ༌ ཏངས༌།
7:1 ནེ༌ 53
ཏེ༌ནེ༌ བླ༌མ༌ ཆེན༌མོའེ༌ སྟེ༌ཕན༌ལ༌ ཏྲིས༌, "ཁྱོ༌རང༌ངི༌ཀ༌ ཀལ༌ཁན༌ནི༌ འི༌ སྐྱོན༌གུན༌ དྲང༌པོ༌ ཨིན༌ནོག༌ག༌?"
སྟེ༌ཕན༌ནི༌ ལན༌སལས༌, "ངའེ༌ སྤུན༌ དང༌ འུ༌སྐྱོང༌ གུན༌ ཉོན༌ཤིག༌, ང༌དང༌ངི༌ ཕ༌མེས༌པོ༌ ཨབ༌ར༌ཧམ༌ ཧ༌རན༌ ཡུལ༌ལ༌ ནས༌སི༌ སང༌ སྔུན༌ལ༌ མེ༌སོ༌པོ༌ཏོ༌མིའ༌ ཡོད༌ ཟ༌ནེ༌ ཁོང༌ང༌ ཟིར༌རྗིད༌ཅན༌ནི༌ དཀོན༌མཆོག༌ ཇལ༌། ཡང༌ དཀོན༌མཆོག༌གི༌ ཁོང༌ང༌ བཀའ༌ སལས༌, 'ཁྱོ༌རང༌ངི༌ ཕ༌ཡུལ༌ དང༌ ཉེན༌གུན༌ བོར༌ཏེ༌ ངའེ༌ ལྟན༌ཅེས༌ཅན༌ནི༌ ཡུལ༌ལ༌ སོང༌།'* 7:3 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 12:1 ཨབ༌ར༌ཧམ༌ ཀཱལ༌དིའ༌ ཡུལ༌ནེ༌ བིང༌ཏེ༌, ཧ༌རན༌ ཟེར༌སའེ༌ ཡུལ༌ལ༌ ནས༌ཏེ༌ དུགས༌, ཡང༌ ཁོང༌ངི༌ ཨ༌བ༌ ཀྲོངས༌ཏེ༌ སྟིང༌ནེ༌ དཀོན༌མཆོག༌གི༌ ཁོང༌ ཁྱོ༌ཞའ༌ དུགས༌ཏེ༌ ཡོད༌ཁན༌ནི༌ འི༌ ས༌ཀྱད༌པོའེ༌ཀ༌ ཁྱོངས༌།"
"དཀོན༌མཆོག༌གི༌ ནོར༌སྐལ༌ ཅའང༌ མ༌སལས༌, མི༌ཀྲར༌ ཅིག༌གི༌ ས༌ཀྱད༌དང༌། ཏེ༌ཏུས༌ལ༌ ཨབ༌ར༌ཧམ༌མ༌ ཕྲུ༌གུ༌ མེད༌ནའང༌ དཀོན༌མཆོག༌གི༌ འི༌ ས༌ཀྱད༌པོ༌ ཁོང༌ དང༌ ཁོང༌ངི༌ པུར༌གྱུད༌གུན༌ལ༌ ཏང༌ཨིན༌ མོལ༌ཏེ༌ ཨབ༌ར༌ཧམ༌མ༌ ཞལ༌ཆད༌ ཛདས༌། ཡང༌ དཀོན༌མཆོག༌གི༌ ཨབ༌ར༌ཧམ༌མ༌ མོལས༌, 'ཁྱོ༌རང༌ངི༌ པུར༌གྱུད༌གུན༌ ཞན༌ཡུལ༌ཞིག༌གི༌ ནང༌ང༌ ཁྱམ༌པོ༌ ཙོགས༌ལ༌ དུག༌ཨིན༌། ཏེ༌ ཡུལ༌ལི༌ མི༌གུན༌ནི༌ ཁོང༌གུན༌ ཚེ༌ཡོག༌ ཅོས༌ཏེ༌ ལོ༌ ཞིབ༌གྱ༌ ཟམ༌ཤིག༌ ཁོང༌གུན༌ལ༌ ནགས༌ ལྟན༌ཨིན༌། ཨིན༌ནའང༌ ངའེ༌ ཁྱོ༌ཞའ༌ ཚེ༌ཡོག༌ག༌ བོར༌ཁན༌ནི༌ མིར༌གྱུད༌གུན༌ལ༌ ཆད༌པ༌ ཅད༌ཨིན༌, ཡང༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ ཏེ༌ ཡུལ༌ནེ༌ བིང༌ཏེ༌, ཁོང༌གུན༌ནི༌ འི༌ ཡུལ༌ལི༌ ནང༌ང༌ ངའ༌ ཅོལ༌ཨིན༌།' 7:7 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 15:13,14"
"ཏེ༌ཏུས༌ལ༌ དཀོན༌མཆོག༌གི༌ ཨབ༌ར༌ཧམ༌ ཉམ༌པོ༌ སུན༌ནད༌ ཅོ༌གོ༌ཤེས༌སི༌ ཆད༌དོན༌ 7:8 དཀོན༌མཆོག༌གི༌ ཆད༌དོན༌བོ༌ ནི༌ གལ༌ཏེས༌ ཨབ༌ར༌ཧམ༌ དང༌ ཁོང༌ངི༌ པུར༌གྱུད༌ ཚང༌མ༌ དཀོན༌མཆོག༌གི༌ བཀའ༌རྒྱ༌གུན༌ ཉན༌ན༌ ཁོང༌གུན༌ དཀོན༌མཆོག༌གི༌ མི༌གུན༌ གྱུར༌ཨིན༌། ཁོང༌གུན༌ནི༌ སུན༌ནད༌ ཅོས༌ཏེ༌ ཏེ༌ ཆད༌དོན༌བོ༌ སྲུང༌ཅེས༌ལ༌ ཁའ༌ཆམས༌། ཛདས༌། ཏེ༌ནེ༌ ཨབ༌ར༌ཧམ༌ ཨ༌བ༌ གྱུར༌ཏེ༌ ཞག༌ རྒྱད༌པའེ༌ ཞག༌ག༌ ཁོའེ༌ ཁོ༌རང༌ངི༌ བུ༌ཚའ༌ ཨི༌སཱག༌ག༌ སུན༌ནད༌ ཅོ༌ཅུགས༌། ཏེན༌ན༌ ལོབས༌པོ༌ ཨི༌སཱག༌ ཡ༌ཀོབ༌བི༌ ཨ༌བ༌ གྱུར༌ ཟ༌ནེ༌, ཡང༌ ཡ༌ཀོབ༌ ང༌དང༌ངི༌ ཕ༌མེས༌པོ༌ ཅུག༌ཉིས༌པའེ༌ ཨ༌བ༌ གྱུར༌ ཟ༌ནེའང༌, ཅོས༌།"
"ཡ༌ཀོབ༌བི༌ ཞན༌ ཕྲུ༌གུ༌གུན༌ ཡོ༌སེབ༌བི༌ཀ༌ ཚིགས༌ པ༌སང༌, ཁོང༌གུན༌ནི༌ ནོ༌ ཡོ༌སེབ༌ ཨི༌ཇིབ༌པ༌ རིག༌ག༌ ཚེ༌ཡོག༌གི༌ ཕིའ༌ ཙོངས༌, ཨིན༌ནའང༌ དཀོན༌མཆོག༌ ཡོ༌སེབ༌ ཉམ༌པོ༌ ཡོད༌པིན༌། 10 དཀོན༌མཆོག༌གི༌ ཡོ༌སེབ༌ རྡུག༌ངལ༌ ཚང༌མ༌ནེ༌ སྐྱོབས༌ཏེ༌ བོར༌ར༌ ཛདས༌། དཀོན༌མཆོག༌གི༌ ཁོའ༌ ཨི༌ཇིབ༌བི༌ གྱལ༌པོ༌ ཕེ༌རོའེ༌ ཆོགས༌སྐྱོར༌ ཐོབ༌ཅུག༌ག༌ ཛདས༌, ཡང༌ ཤེས༌རབས༌ སལ༌ལ༌ ཛད༌ཅེས༌པོའེ༌ ཁོ༌ ཏེ༌ ཡུལ༌ དང༌ ཁར༌ གང༌པོའེ༌ཀ༌ ཝང༌སྲུལ༌པ༌ སྐོས༌།"
11 "ཏེ༌ནེ༌ ཨི༌ཇིབ༌ དང༌ ཀེ༌ནན༌ ཡུལ༌ གང༌པོའེ༌ ནང༌ང༌ མུ༌གེ༌ ལངས༌ཏེ༌ མ༌ རྡུག༌ངལ༌ ཆེན༌མོ༌ ཐོང༌། ང༌དང༌ངི༌ ཕ༌མེས༌པོ༌གུན༌ལའང༌ ཟ༌རྒྱུ༌ སྐོན༌མོ༌ སོང༌པིན༌། 12 ཡ༌ཀོབ༌བ༌ ཨི༌ཇིབ༌ ཡུལ༌ལི༌ ནང༌ང༌ ཀྲོ༌ནས༌ ཡོད༌ཁན༌བོ༌ ཚོར༌ཏེ༌, ཁོའེ༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ ཨི༌ཇིབ༌བི༌ ཡུལ༌ལ༌ ཀལས༌, ཏེ༌རུ༌ ཁོང༌གུན༌ གོ༌མ༌རང༌ སོང༌ཏེ༌ ཨིན༌པིན༌། 13 ལན༌ ཉིས༌པ༌ ཡོང༌ ཟ༌ནེ༌ ཡོ༌སེབ༌བི༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌གུན༌ལ༌ ཁོ༌ སུ༌ ཨིན༌ཁན༌བོ༌ ཤདས༌, ཡང༌ ཨི༌ཇིབ༌བི༌ གྱལ༌པོ༌ ཕེ༌རོའང༌ ཡོ༌སེབ༌བི༌ ནང༌ཚངས༌སི༌ སྐོར༌ལ༌ གྱུས༌ སོང༌། 14 ཏེ༌ སྟིང༌ནེ༌ ཡོ༌སེབ༌བི༌ རང༌ངི༌ ཨ༌བ༌ ཡ༌ཀོབ༌ དང༌ ཁོང༌ངི༌ ནང༌མི༌ 75 ཚང༌མ༌ ཨི༌ཇིབ༌བ༌ བོད༌ཏེ༌ ཁྱོངས༌། 15 ཡ༌ཀོབ༌ ཨི༌ཇིབ༌ ཡུལ༌ལ༌ སོང༌ ཡང༌ ཏེ༌རུ༌ ཁོང༌ དང༌ ང༌དང༌ངི༌ ཕ༌མེས༌པོ༌ ཚང༌མ༌ ཀྲོངས༌། 16 ཁོང༌གུན༌ནི༌ སྤུར༌གུན༌ ཤེ༌ཀེམ༌མ༌ ཁྱེར༌ཏེ༌ སྤུར༌ཁང༌ངི༌ ནང༌ང༌ བོརས༌, ཀ༌ ས༌ཀྱད༌པོ༌ ཨབ༌ར༌ཧམ༌མི༌ ཤེ༌ཀེམ༌པ༌ ཧ༌མོར༌རི༌ བུ༌ཚ༌གུན༌ནི༌ ཀ༌ནེ༌ ཉོས༌ཏེ༌ ཨིན༌པིན༌།
17 དཀོན༌མཆོག༌གི༌ ཨབ༌ར༌ཧམ༌མ༌ ཞལ༌ཆད༌ ཛད༌ཁན༌བོའེ༌ ཏུས༌ དྲན༌དྲ༌ ཆ༌ཅེས༌ ཉེ༌མོ༌ ལེབ༌བ༌ཅིག༌, ཨི༌ཇིབ༌བི༌ ནང༌ང༌ ང༌དང༌ངི༌ མི༌གུན༌ མང༌པོ༌ ཕེལ༌ཏེ༌ ཡོད༌པིན༌། 18 ཏེ༌ནེ༌ ཨི༌ཇིབ༌བི༌ ནང༌ང༌ གྱལ༌པོ༌ སོ༌མ༌ བིང༌ཁན༌བོའ༌ ཡོ༌སེབ༌བི༌ ཅོས༌ཁན༌ནི༌ སྐོར༌ལ༌ ཅའང༌ གྱུས༌ མེད༌པིན༌། 19 ཏེ༌ གྱལ༌པོ༌བོའེ༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ ཉམ༌པོ༌ སྐྱོན༌ ཀོལ༌ཏེ༌ ཁོང༌གུན༌ལ༌ ནགས༌ སྲན༌ཏྲེ༌ སྟནས༌, སྤེར༌ན༌ ཕ༌མ༌གུན༌ལ༌ ཝང༌ ཀོལ༌ཏེ༌ ཁོང༌ངི༌ ཕྲུ༌གུ༌ སྐྱེས༌ཁན༌གུན༌ ཤི༌ཅེས༌ལ༌ ཕང༌ཅུགས༌།
20 ཏེན༌ན༌ ཏུས༌ལ༌ མོ༌ཟེས༌ སྐྱེས༌ ཡང༌ ཁོ༌ ཉམ༌པོ༌ དཀོན༌མཆོག༌ ཐུག༌ཉེས༌ས༌ ཛདས༌། ཟླ༌ཝ༌ སུམ༌ ཚག༌པ༌ ཁོའ༌ ཁོ༌རང༌ངི༌ ཕ༌མའེ༌ ལྟ༌སྟོག༌ ཅོས༌། 21 ཡང༌ ཁོའེ༌ ཕ༌མའ༌ ཁོ༌ ཁང༌པ༌ནེ༌ ཕི༌ལོག༌ག༌ བོར༌གོས༌ས༌ཅིག༌, ཨི༌ཇིབ༌བི༌ གྱལ༌པོ༌ ཕེ༌རོའེ༌ བུ༌མོའེ༌ ཁོ༌ སོས༌བུའ༌ ལེན༌ཏེ༌ རང༌ངི༌ ཕྲུ༌གུ༌ ཚོགས༌ལ༌ སྲལ༌ཏེ༌ བོརས༌། 22 མོ༌ཟེས༌སི༌ ཨི༌ཇིབ༌པའེ༌ ཤེས༌རབས༌སི༌ ཡོན༌ཏན༌ ཚང༌མ༌ ཇངས༌ཏེ༌ ཁོ༌ སྤེ༌ར༌ དང༌ ལས༌སི༌ ནང༌ང༌ ཁས༌པ༌ ཡོད༌པིན༌།"
23 "ལོ༌ ཞིབ༌ཅུ༌ ཆའ༌ཅིག༌ མོ༌ཟེས༌སི༌ ཁོ༌རང༌ངི༌ མི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཐུག༌ཅེས༌ ཐག༌ཅདས༌། 24 ཏེ༌ནེ༌ ཨིས༌ར༌ཨེལ༌པ༌ཞིག༌གི༌ཀ༌ མི༌འོས༌པ༌ ཆ༌ ཐོང༌པ༌ ཁོ༌ སྐྱོབ༌བ༌ལ༌ སོང༌, ཡང༌ ཏེ༌བོའ༌ ལན༌ཏངས༌ཏེ༌ ཁོའེ༌ ཨི༌ཇིབ༌པ༌བོ༌ སད༌དངས༌། 25 མོ༌ཟེས༌སི༌, དཀོན༌མཆོག༌གི༌ ཁོ༌ གྱུད༌ཏེ༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ ཨི༌ཇིབ༌པའེ༌ ང༌ཡོག༌ནེ༌ ཕུད༌ཅེས༌པོ༌ ཁོའེ༌ མི༌གུན༌ནི༌ ཧ༌གོ༌ཨིན༌ སམ༌མད༌པིན༌, ཨིན༌ནའང༌ ཁོང༌གུན༌ལ༌ ཧ༌མ༌གོ༌།"
26 "ཐོ༌རེ༌ཟུག༌པོ༌ མོ༌ཟེས༌སི༌ ཨིས༌ར༌ཨེལ༌པ༌ ཉིས༌ ནོལ༌ཨིན༌ ཐོང༌ཏེ༌ ཁོང༌གུན༌ལ༌ ཐུན༌ཅུག༌ཅེས༌སི༌ རྩོན༌གྲུས༌ ཅོ༌ཨིན༌ ཟེརས༌, 'ཁྱོ༌ཞའ༌ སྤུན༌ ཨིན༌ནོག༌, ཅིའ༌ ཅིག༌ དང༌ ཅིག༌ ནོལ༌ལད༌།' "
27 "ཨིན༌ནའང༌ ཏེ༌ མི༌འོས༌པ༌ ཅོ༌ཁན༌ མི༌བོའེ༌ མོ༌ཟེས༌ འ༌ངོའ༌ རིལ༌ཏངས༌ཏེ༌ ཟེརས༌, 'ཁྱོ༌རང༌ སུའི༌ ང༌ཞའེ༌ཀ༌ ཝང༌སྲུལ༌པ༌ དང༌ ཁྲིམས༌པོན༌ལ༌ སྐོས༌? 28 དའང༌ ཏེ༌ ཨི༌ཇིབ༌པ༌བོ༌ སད༌ད༌ ཙོགས༌ལ༌ ཁྱོ༌རང༌ངི༌ ངའང༌ སད༌ཨིན༌ན༌?'§ 7:28 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 2:14 29 ཏེ༌ཟུག༌ ཚོར༌ར༌ཅིག༌ མོ༌ཟེས༌ མི༌དི༌ཡའན༌ ཟེར༌སའེ༌ ཡུལ༌ལ༌ ཤོར༌ཏེ༌ སོང༌, ཡང༌ ཏེ༌རུ༌ ཤོར༌བུ༌ཞིག༌གི༌ ཚུལ༌ལ༌ དུགས༌ཏེ༌ བུ༌ཚ༌ ཉིས༌སི༌ ཨ༌བ༌ གྱུར༌།"
30 "ལོ༌ ཞིབ༌ཅུའི༌ སྟིང༌ནེ༌, སི༌ནཱའི༌ རི༌ ཉེ༌མོ༌ ཡོད༌ཁན༌ནི༌ རི༌སྟོང༌ཞིག༌གི༌ ནང༌ང༌, བུར༌ཙེ༌ མེ༌ བར༌ཁན༌ཞིག༌གི༌ ནང༌ནེ༌ དཀོན༌མཆོག༌གི༌ ཕོ༌ཉ༌ཞིག༌ ཁོང༌ང༌ ཇལ༌། 31 ཏེ༌བོ༌ ཐོང༌ཏེ༌ མོ༌ཟེས༌ ཧ༌ལས༌, ཡང༌ ཏེ༌ མེ༌བོའ༌ ལྟའ༌ལ༌ ཉེ༌མོའ༌ སོང༌པ༌ ཁོའ༌ ཏེ༌ བུར༌ཙེ༌ ནང༌ནེ༌ གཙོ༌བོ༌ དཀོན༌མཆོག༌གི༌ སྐད༌ ཚོར༌, 32 'ང༌ ནི༌ ཁྱོ༌རང༌ངི༌ ཕ༌མེས༌པོ༌གུན༌ནི༌ དཀོན༌མཆོག༌, ཨབ༌ར༌ཧམ༌, ཨི༌སཱག༌ དང༌ ཡ༌ཀོབ༌བི༌ དཀོན༌མཆོག༌ ཨིན༌'* 7:32 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 3:6, མོལ༌ཁན༌བོ༌ ཚོར༌པ༌ མོ༌ཟེས༌ ཇིགས༌ཏེ༌ དར༌, ཡང༌ ཁོང༌ང༌ ལྟ༌ མ༌ཁྱུད༌།"
33 "ཏེ༌ནེ༌ གཙོ༌བོ༌ དཀོན༌མཆོག༌གི༌ མོ༌ཟེས༌ལ༌ མོལས༌, 'ཁྱོ༌རང༌ངི༌ པ༌བུ༌ ཕུད༌ ཅིའ༌ཟེར༌ན༌ ཁྱོ༌རང༌ ལངས༌ཏེ༌ ཡོད༌ཁན༌ནི༌ ས༌ཀྱད༌པོ༌ དམ༌པ༌ ཨིན༌། 34 ང༌ ཨི༌ཇིབ༌ ཡུལ༌ལ༌ ཡོད༌ཁན༌ནི༌ ངའེ༌ མི༌གུན༌ནི༌ རྡུག༌ངལ༌ བར༌དོ༌གུན༌ ཐོང༌, ཡང༌ ཉ༌ངན༌ནི༌ ཀུ༌ཅོ༌གུན༌ ཚོར༌པ༌ ང༌ ཁོང༌གུན༌ ཐར༌ཅུག༌ཅེས༌ལ༌ བབས༌ཏེ༌ ཡོངས༌ཏེ༌ ཨིན༌། ཏ༌ སོང༌, ཁྱོ༌རང༌ ངའེ༌ ཨི༌ཇིབ༌བ༌ ལོགས༌ཏེ༌ ཀལ༌ལད༌' 7:34 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 3:5, 7, 8, 10།"
35 "འི༌བོ༌ ཏེན༌ན༌ མོ༌ཟེས༌ ཨིན༌པིན༌ ཀ༌བོའ༌, 'ཁྱོ༌རང༌ང༌ སུའི༌ ང༌ཞའེ༌ཀ༌ ཝང༌སྲུལ༌པ༌ དང༌ ཁྲིམས༌པོན༌ལ༌ སྐོས༌' ཟེར༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ མ༌རྩིའ༌ ཨིན༌པིན༌། ཏེན༌ན༌ མོ༌ཟེས༌པོའ༌ བུར༌ཙེ༌ མེ༌ བར༌ཁན༌ནི༌ ཕྲོ༌ནེ༌ ཇལ༌ཁན༌ནི༌ ཕོ༌ཉ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ཝང༌སྲུལ༌པ༌ དང༌ ཐར༌ཅུག༌ཁན༌ལ༌ སྐོའ༌ ཛདས༌། 36 ཁོའེ༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ ཨི༌ཇིབ༌ནེ༌ ཕི༌ལོག༌ག༌ ཕིངས༌ཏེ༌ ཁྱེརས༌, ཡང༌ ཧ༌ལས༌ཤེས༌སི༌ ལྟས༌གུན༌ ཨི༌ཇིབ༌, གྱ༌ཚོ༌ མར༌པོ༌ དང༌ རི༌སྟོང༌ངི༌ ནང༌ང༌ ལོ༌ ཞིབ༌ཅུ༌ ལྟན༌ན༌ ཛདས༌།"
37 "འི༌བོ༌ ཏེན༌ན༌ མོ༌ཟེས༌ ཨིན༌ནོག༌, ཀ༌བོའེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ མོལས༌, 'དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ནི༌ ཕྲོ༌ནེ༌ ང༌ ཙོགས༌སི༌ ལུང༌སྟོན༌པ༌ཞིག༌ ལང༌ང༌ ཛད༌ཨིན༌།' 7:37 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 18:15 38 ཁོང༌ རི༌སྟོང༌ངི༌ ནང༌ང༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ ཉམ༌པོ༌ ཡོད༌པིན༌ ནམ༌ ཁོང༌ང༌ རི༌ སི༌ནཱའི༌ཀ༌ ཕོ༌ཉའེ༌ སྤེ༌ར༌ སལས༌, ཡང༌ ཏེ༌རུ༌ མོ༌ཟེས༌ལ༌ ང༌དང༌ ཚང༌མ༌ལ༌ ཏང༌ཅེས༌སི༌ ཕིའ༌ སྲོག༌ སལ༌ཁན༌ནི༌ བཀའ༌གུན༌ ཐོབ༌།"
39 "ཨིན༌ནའང༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ མོ༌ཟེས༌སི༌ ཁའ༌ཉན༌ཅེས༌ལ༌ མ༌ཐད༌། ཁོང༌གུན༌ལ༌ མོ༌ཟེས༌ ཕངས༌ཏེ༌ ཨི༌ཇིབ༌ ཡུལ༌ལ༌ ལོགས༌ཏེ༌ ཆ༌ཅེས༌སི༌ དོད༌པ༌ སྐྱེས༌། 40 ཁོང༌གུན༌ནི༌ ཨ༌རོན༌ལ༌ ཟེརས༌, 'ཁྱོ༌རང༌ངི༌ ང༌ཞའ༌ ལམ༌ལྟན༌ཁན༌ནི༌ སྐུན༌དྲ༌གུན༌ ཅོས༌ ཅིའ༌ཟེར༌ན༌ ཨི༌ཇིབ༌ ཡུལ༌ནེ༌ ཕིངས༌ཏེ༌ ཁྱོང༌ཁན༌ནི༌ མོ༌ཟེས༌ལ༌ ཅི༌ སོང༌ ང༌ཞའ༌ གྱུས༌མེད༌།'§ 7:40 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 32:1 41 ཏེ༌ཏུས༌ལ༌ ཁོང༌གུན༌ནི༌ བེ༌ཙོ༌ ཙོགས༌སི༌ སྐུན༌དྲ༌ཞིག༌ ཅོས༌, ཡང༌ རང༌ངི༌ ལག༌པ༌ནེ༌ ཅོས༌ཁན༌ནི༌ སྐུན༌དྲའ༌ སྟོད༌པ༌ ཕུལ༌ཨིན༌ གའ༌མོ༌ ཅོས༌། 42 ཨིན༌ནའང༌ དཀོན༌མཆོག༌གི༌ ཁོང༌གུན༌ལ༌ གྱབ༌ གྱུར༌ར༌ ཛད༌ཏེ༌, ནམ༌ཁའེ༌ སྐར༌མ༌གུན༌ལ༌ ཅོལ༌ཅེས༌ལ༌ ཕུད༌ སལས༌, ཀ༌ཟུག༌ ལུང༌སྟོན༌པ༌གུན༌ནི༌ སྤེ༌ཆའེ༌ ནང༌ང༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌,
'ཁྱོ༌ཞའ༌ ཨིས༌ར༌ཨེལ༌པ༌གུན༌ རི༌སྟོང༌ང༌ ལོ༌ ཞིབ༌ཅུ༌ ཡོད༌དི༌ ཏུས༌ལ༌
ཅི༌ ཁྱོ༌ཞའེ༌ ང༌ སྲོག༌གི༌ ཆོད༌པ༌ དང༌ བུལ༌ལྡུས༌ གུན༌ ཕུལ༌པིན༌ན༌?
43 ཨིན༌ནའང༌ ཁྱོ༌ཞའེ༌ མོ༌ལོག༌གི༌ ཀུར༌ དང༌,
རེ༌ཕན༌ ཟེར༌ཁན༌ནི༌ སྐར༌མའེ༌ སྐུན༌དྲ༌ ཉིས༌ཀོ༌ ཁུར༌ཏེ༌ ཁྱེར༌རད༌པིན༌,
ཀ༌བོ༌ ཁྱོ༌ཞ༌རང༌ངི༌ ཅོལ༌ཅེས༌ལ༌ ཅོས༌།
ཏེ༌བོའེ༌ཕིའ༌ ངའེ༌ ཁྱོ༌ཞའ༌ ཁྱོ༌ཞ༌རང༌ངི༌ ཡུལ༌ནེ༌, བ༌བེ༌ལོན༌ནི༌ སང༌ ཐག༌རིང༌ང༌ ཁྱམས༌ ཅུག༌ཨིན༌'* 7:43 ཨ༌མོས༌སི༌ སྤེ༌ཆའེ༌ 5:25
44 "རི༌སྟོང༌ངི༌ ནང༌ང༌ དཀོན༌མཆོག༌ ནས༌ཁན༌ནི༌ སྤང༌པོའེ༌ ཀུར༌བོ༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ ཉམ༌པོ༌ ཡོད༌པིན༌། ཡང༌ ཏེ༌ ཀུར༌བོ༌ དཀོན༌མཆོག༌གི༌ མོ༌ཟེས༌ལ༌ ལྟན༌ན༌ ཛད༌ཁན༌ནི༌ སྤེ༌ ནང༌ཞིན༌ ཅོས༌ཏེ༌ ཨིན༌པིན༌། 45 ཏེ༌ སྟིང༌ནེ༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ནི༌ ཏེ༌ ཀུར༌བོ༌ ཁུར༌ཏེ༌ ཡོ༌ཤུ༌ཨའེ༌ ཝང༌ངི༌ ཡོག༌ག༌ འི༌ ས༌ཀྱད༌པོའེ༌ཀ༌ ཁྱོངས༌, ཏེ༌ ཡུལ༌ མི༌གུན༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ནི༌ ཕིའ༌ དཀོན༌མཆོག༌གི༌ ཕིང༌ང༌ ཛདས༌། ཡང༌ ཏེ༌ ཀུར༌བོ༌ གྱལ༌པོ༌ དཱ༌བིད༌དི༌ ཏུས༌ ཚག༌པ༌ འི༌ ནས༌སའེ༌ཀ༌ ལུས༌།"
46 "དཀོན༌མཆོག༌གི༌ ཆོགས༌སྐྱོར༌ ཛད༌ཁན༌ནི༌ གྱལ༌པོ༌ དཱ༌བིད༌དི༌ ཨིས༌ར༌ཨེལ༌པའེ༌ ཅོལ༌ཁན༌ནི༌ དཀོན༌མཆོག༌གི༌ ཕིའ༌ ནས༌ཁང༌ཞིག༌ ཞང༌ཅེས༌ལ༌ ཞུ༌ཝ༌ ཕུལས༌། 47 ཨིན༌ནའང༌ དཱ༌བིད༌དི༌ བུ༌ཚ༌ སོ༌ལོ༌མོན༌ནི༌ དཀོན༌མཆོག༌གི༌ ཕིའ༌ ཏེ༌ ནས༌ཁང༌བོ༌ ཞངས༌། 48 ཨིན༌ནའང༌, ཀུན༌ཝང༌ དཀོན༌མཆོག༌ ནི༌ མིའི༌ ལག༌པ༌ནེ༌ རྩིགས༌ཁན༌ནི༌ ནས༌སའེ༌ ནང༌ང༌ ཞུགས༌ས༌ མ༌ནོག༌, ཀ༌ཟུག༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ གྱུད༌ཏེ༌ མོལས༌",
49 'ནམ༌ཁའ༌ ནི༌ ངའེ༌ ཞུགས༌ཁྲིས༌ ཨིན༌
ཡང༌ ཇིག༌རྟེན༌ ནི༌ ངའེ༌ རྐང༌པ༌ བོར༌ས༌།
ཁྱོ༌རང༌ངི༌ ངའེ༌ ཕིའ༌ ཀ༌ཟུག༌ ཁང༌པ༌ཞིག༌ རྩིག༌ཨིན༌?
ཡ༌ ང༌ ངལ༌ཚོ༌སའེ༌ ནས༌ས༌ ཀ༌རུ༌ ཡོང༌གོས༌?
50 ཅི༌ཚང༌མ༌ ངའེ༌ ལག༌ནེ༌ ཅོས༌ཁན༌ མ༌ནོག༌ག༌?' 7:50 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 66:2
51 "ཁྱོ༌ཞ༌ སྐྱོང༌པོ༌ དྲེད༌དྲེད༌, ཏད༌པ༌ མེད༌ཁན༌ནི༌ སྙིང༌, ཡང༌ དཀོན༌མཆོག༌གི༌ བཀའ༌ ཉན༌ཅེས༌སི༌ ནང༌ང༌ རྒུད༌གུན༌, ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཙོགས༌ལ༌ ཁྱོ༌རང༌གུན༌ནིའང༌ དམ༌པའེ༌ ཐུག༌ཉིད༌ལ༌ ཏུས༌གྱུན༌ གྱབ༌གལ༌ ཅོའ༌ནོག༌། 52 ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ ནགས༌ མ༌ལྟན༌ཁན༌ནི༌ ལུང༌སྟོན༌པ༌ཞིག༌ སུ༌ ཡོད༌། ཏེ༌གུན༌ནི༌ དྲང༌པོ༌ སྐྱོད༌ཅེས༌ཅན༌ནི༌ སྐོར༌ལ༌ ཤད༌ཁན༌ནི༌ ལུང༌སྟོན༌པ༌གུན༌ནའང༌ སད༌ཏེ༌ ཨིན༌པིན༌, ཁྱོ༌ཞའེ༌ ཏེ༌ དྲང༌པོ༌ མི༌བོ༌ གྲ༌འོའེ༌ ལག༌ག༌ སྟད༌ཏེ༌ སད༌ཅུགས༌། 53 དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ གྱུད༌ཏེ༌ ཐོབ༌ཁན༌ནི༌ བཀའ༌ཁྲིམས༌གུན༌ལ༌ ཁྱོ༌ཞའེ༌ མ༌སྲུངས༌།"
སྟེ༌ཕན༌ སདས༌།
7:54 ནེ༌ 8:1a
54 ཏེ༌ སྤེ༌ར༌གུན༌ ཚོར༌ར༌ཅིག༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཐུས༌མི༌ ཚང༌མ༌ལ༌ སྲོ༌ སྲན༌ཏྲེ༌ ཡོངས༌ཏེ༌ སོ༌ སྲིགས༌། 55 ཨིན༌ནའང༌ དམ༌པའེ༌ ཐུག༌ཉིད༌དི༌ གངས༌ཏེ༌ སྟེ༌ཕན༌ནི༌ ནམ༌ཁའ༌ ཟིགས༌པ༌, ཁོའ༌ དཀོན༌མཆོག༌གི༌ ཟིར༌རྗིད༌ དང༌ ཁོང༌ངི༌ རྩི༌ཝ༌ཅན༌ནི༌ ཆག༌ ཡས༌པའེ༌ ཆོགས༌ལ༌ ཡེ༌ཤུ༌ ཞངས༌ཏེ༌ ཇལ༌། 56 ཁོའེ༌ ཟེརས༌, "ལྟོས༌ཤིག༌གའང༌! ནམ༌ཁའ༌ བེ༌ཏེ༌ ངའ༌ མི༌རིགས༌སི༌བུ༌ དཀོན༌མཆོག༌གི༌ ཆག༌ ཡས༌པའེ༌ ཆོགས༌ལ༌ ཞངས༌ཏེ༌ ཇལ༌དུག༌།"
57 ཏེ༌ནེ༌ ཁོང༌གུན༌ནི༌ ནམ༌ཅོག༌ ཀབས༌ཏེ༌ ཀུ༌ཅོ༌ སྲན༌ཏྲེ༌ ཏང༌ཨིན༌ སྟེ༌ཕན༌ ཆོགས༌ལ༌ གྱུགས༌། 58 ཁོའ༌ དྲུད༌ཨིན༌ གྱལ༌ས༌ནེ༌ ཕི༌ལོག༌ག༌ ཕིངས༌ཏེ༌ སད༌ད༌ལ༌ རྡོའ༌ གྱབ༌ཅེས༌ གོ༌ཟུག༌, ཡང༌ སྟེ༌ཕན༌ལ༌ སྐྱོན༌ ཀལ༌ཁན༌གུན༌ནི༌ རང༌ངི༌ ཀོས༌གུན༌ ཕུད༌ཏེ༌ ས༌འུལ༌ ཟེར༌ཁན༌ནི༌ ཁྱོག༌ཏོང༌བོའེ༌ དུན༌ལ༌ བོརས༌།
59 རྡོའ༌ གྱབ༌ཨིན༌ ཡོད༌ ཟ༌ནེ༌ སྟེ༌ཕན༌ནི༌, "ཀྱེ༌ གཙོ༌བོ༌ ཡེ༌ཤུ༌ ངའེ༌ སེམས༌ཉིད༌པོ༌ ནམས༌ས༌ ཛད༌" ཟེར༌ཨིན༌ མོས༌ལམ༌ ཞུས༌། 60 ཏེ༌ནེ༌ ཁོ༌ པིག༌དོང༌ ཙུགས༌ཏེ༌ སྐད༌ ཆེན༌མོ༌ ཉམ༌པོ༌, "ཀྱེ༌ གཙོ༌བོ༌, ཁོང༌གུན༌ནི༌ གྱབ༌གལ༌ལ༌ འི༌ སྡིག༌པ༌བོ༌ ཨིད༌ཏུ༌ བོར༌ར༌ མ༌ཛད༌" མོལ༌ཏེ༌ ཁོ༌ ཀྲོངས༌།

*7:3 7:3 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 12:1

7:7 7:7 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 15:13,14

7:8 7:8 དཀོན༌མཆོག༌གི༌ ཆད༌དོན༌བོ༌ ནི༌ གལ༌ཏེས༌ ཨབ༌ར༌ཧམ༌ དང༌ ཁོང༌ངི༌ པུར༌གྱུད༌ ཚང༌མ༌ དཀོན༌མཆོག༌གི༌ བཀའ༌རྒྱ༌གུན༌ ཉན༌ན༌ ཁོང༌གུན༌ དཀོན༌མཆོག༌གི༌ མི༌གུན༌ གྱུར༌ཨིན༌། ཁོང༌གུན༌ནི༌ སུན༌ནད༌ ཅོས༌ཏེ༌ ཏེ༌ ཆད༌དོན༌བོ༌ སྲུང༌ཅེས༌ལ༌ ཁའ༌ཆམས༌།

§7:28 7:28 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 2:14

*7:32 7:32 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 3:6

7:34 7:34 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 3:5, 7, 8, 10

7:37 7:37 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 18:15

§7:40 7:40 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 32:1

*7:43 7:43 ཨ༌མོས༌སི༌ སྤེ༌ཆའེ༌ 5:25

7:50 7:50 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 66:2