21
པ༌འུ༌ལུ༌ ཡེ༌རུ༌ཤ༌ལེམ༌མ༌ སྐྱོདས༌།
21:1 ནེ༌ 16
1 ཨེ༌ཕེ༌སས༌པའེ༌ འུ༌སྐྱོང༌གུན༌ལ༌ སྟིང༌ཇུག༌གི༌ ཇུ༌ ཟེར༌ཏེ༌ ང༌ཞའ༌ གྲུ༌ཟིང༌ངི༌ ནང༌ང༌ ཀོས༌ ཚོ༌ལིང༌ང༌ ཁ༌དྲང༌ང༌ སོང༌པིན༌། སྟིང༌མ༌ཞག༌པོ༌ རོ༌དུས༌ ཚོ༌ལིང༌ང༌ ལེབ༌, ཡང༌ ཏེ༌སྟིང༌ནེ༌ པ༌ཏ༌ར༌ གྲོང༌ཁྱེར༌ལ༌། 2 ཏེ༌རུ༌ ང༌ཞ༌གུན༌ལ༌ ཕོ༌ནི༌ཤི༌འ༌ ཡུལ༌ཇོངས༌ལ༌ ཆའ༌ཁན༌ནི༌ གྲུ༌ཟིང༌ཞིག༌ ཐོབ༌པ༌ ང༌ཞའ༌ ཏེ༌ནང༌ང༌ ཞོན༌ཏེ༌ སོང༌པིན༌། 3 གྲུ༌ཟིང༌ངི༌ ཀ༌ནེ༌ ང༌ཞའེ༌ ཀིབ༌རུས༌ ཚོ༌ལིང༌ ཐོང༌ ཡང༌ ང༌ཞའ༌ ཏེ༌ ཚོ༌ལིང༌ ཡོ༌མ༌ ཆོགས༌ལ༌ བོར༌ཏེ༌ སི༌རི༌ཡཱ༌ ཆོགས༌ལ༌ སོང༌པིན༌། ཏཱ༌ཡིར༌ གྱལ༌ས༌ ཅ༌ལག༌ ཕབ༌གོ༌ཤེས༌ ཡོད༌པ༌ གྲུ༌ཟིང༌བོ༌ ཏེ༌རུ༌ བོརས༌། 4 ང༌ཞའང༌ གྲུ༌ཟིང༌ནེ༌ བབས༌ཏེ༌ ཏད༌པ༌ཅན༌གུན༌ ཙལ༌པ༌ ཐོབ༌ཏེ༌ ཁོང༌གུན༌ ཉམ༌པོ༌ ཞག༌པོ༌ རྡུན༌ དུགས༌པིན༌། དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ ཁོང༌གུན༌ནི༌ པ༌འུ༌ལུའ༌ ཡེ༌རུ༌ཤ༌ལེམ༌མ༌ མི༌སྐྱོད༌ཅེས༌ལ༌ ཞུ༌ཝ༌ ཕུལས༌། 5 ཞག༌མ༌ རྡུན༌ནི༌ སྟིང༌ནེ༌ ང༌ཞའ༌ གྲུ༌ཟིང༌ང༌ ཞོན༌ན༌ ཆ༌ཅིག༌, ན༌མ༌ དང༌ ཕྲུ༌གུ༌ ཐེས༌ཏེ༌ ཆོས༌ཚོགས༌ གང༌པོ༌ གྱལ༌ས༌ནེ༌ བིང༌ཏེ༌ ང༌ཞའ༌ ལམ༌ཅུག༌ག༌ལ༌ གྱ༌ཚོའེ༌ ཐའ༌མ༌ ཚག༌པ༌ ཡོངས༌། ཏེ༌ཀ༌ ང༌ཞའ༌ ཚང༌མའེ༌ པིག༌དོང༌ ཙུགས༌ཏེ༌ མོས༌ལམ༌ ཞུས༌པིན༌། 6 ཁོང༌གུན༌ལ༌ སྟིང༌ཇུག༌གི༌ ཇུ༌ ཞུས༌ཏེ༌ ང༌ཞ༌གུན༌ གྲུ༌ཟིང༌ང༌ ཞོནས༌, ཡང༌ ཁོང༌གུན༌ རང༌རང༌ངི༌ ཁང༌པ༌ ལོགས༌ཏེ༌ སོང༌།
7 ཏཱ༌ཡིར༌ནེ༌ ང༌ཞའ༌ པེ༌ཏོ༌ལེ༌མཱ༌འིས༌ གྱལ༌ས༌ ལེབ༌, ཏེ༌རུ༌ མ༌ཤི༌ཀ༌པའེ༌ སྤུན༌གུན༌ལ༌ ཐུག༌ག༌ སོང༌ཏེ༌ ཁོང༌གུན༌ ཉམ༌པོ༌ ཞག༌ཅིག༌ དུགས༌པིན༌། 8 སྟིང༌མ༌ཞག༌པོ༌ ཏེ༌ཀ༌ནེ༌ བིང༌ཏེ༌ ང༌ཞ༌གུན༌ ཀཱེ༌སར༌རིའ༌ གྱལ༌ས༌ ལེབ༌, ཏེ༌རུ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌, ཕི༌ལིབ༌བི༌ ཁང༌པ༌ ང༌ཞའ༌ དུགས༌པིན༌, ཁོ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཆོས༌ཚོགས༌ལ༌ ཞབ༌སྟོག༌ ཞུའ༌ལ༌ ལྡམས༌ཁན༌ རྡུན༌ནི༌ ཕྲོ༌ནེ༌ ཅིག༌ ཨིན༌པིན༌། 9 ན༌མ༌ མ༌ཅོ༌ཁན༌ནི༌ བུ༌མོ༌ ཞི༌ ཁོའ༌ ཡོད༌པིན༌, ཀ༌གུན༌ལ༌ ལུང༌སྟན༌ ཤད༌ཅེས༌སི༌ ཁྱུད༌ ཐོབ༌ཏེ༌ ཡོད༌པིན༌།
10 ང༌ཞའ༌ ཏེ༌རུ༌ དུགས༌ཏེ༌ ཞག༌ ཁ༌ཅིག༌ ཆའ༌ཅིག༌, ཡ༌ཧུ༌དཱ༌ནེ༌ ཨ༌ག༌བས༌ ཟེར༌ཁན༌ནི༌ ལུང༌སྟོན༌པ༌ཞིག༌ སྐྱོདས༌། 11 ང༌ཞའེ༌ དུན༌ལ༌ སྐྱོད༌ཏེ༌ པ༌འུ༌ལུའི༌ སྐྱེ༌རག༌པོ༌ ཉམ༌པོ༌ ཁོ༌རང༌ངི༌ རྐང༌ལག༌གུན༌ ལྡམས༌ཏེ༌ ལུང༌སྟན༌ སལས༌, "དམ༌པའེ༌ ཐུག༌ཉིད༌དི༌ མོལ༌དུག༌, ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ འི༌ སྐྱེ༌རག༌གི༌ དག༌པོ༌བོ༌ འི༌ཙོགས༌ལ༌ ལྡམས༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ལག༌ག༌ སྟད༌ཨིན༌།"
12 ཏེ༌བོ༌ ཚོར༌ར༌ཅིག༌, ང༌ཞའ༌ དང༌ ཏེ༌རུ༌ ཡོད༌ཁན༌ནི༌ མི༌གུན༌ནི༌ པ༌འུ༌ལུའ༌ ཇུ༌ཇུ༌ ཡེ༌རུ༌ཤ༌ལེམ༌མ༌ མ༌སྐྱོད༌ ཞུས༌ཏེ༌ ཞུ༌ཝ༌ ཕུལ༌པིན༌། 13 ཨིན༌ནའང༌ པ༌འུ༌ལུའི༌ མོལས༌, "ཁྱོ༌ཞའ༌ ཅིའ༌ ངུ༌ཨིན༌, ངའེ༌ སེམས༌ ཆག༌ཅུག༌གད༌? ང༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ གཙོ༌བོ༌ ཡེ༌ཤུའི༌ ཚན༌ནི༌ ཕིའ༌ ལྕག༌ཐག༌ག༌ ལྡམ༌ཅེས༌ མ༌ཚད༌ ཤི༌ཅེས༌ལའང༌ གྲལ༌གྲིག༌ ཨིན༌།" 14 ང༌ཞའེ༌ ཞུ༌ཝ༌གུན༌ ཁོང༌ངི༌ མི༌ཉན༌ཅེས༌ ཧ༌གོའ༌ཅིག༌, ང༌ཞའེ༌ ཞུ༌ཝ༌ ཕུལ༌ཅེས༌ ཕངས༌ཏེ༌ ཟེརས༌, "གཙོ༌བོའེ༌ ཐུག༌གོངས༌ གྲུབ༌ཤིག༌།"
15 ཏེ༌ སྟིང༌ནེ༌ ང༌ཞའེ༌ བེས༌སི༌ ཕིའ༌ གྲལ༌གྲིག༌ ཅོས༌ཏེ༌ ཡེ༌རུ༌ཤ༌ལེམ༌ ཆོགས༌ལ༌ ཆ༌ཅེས༌ གོ༌ཟུག༌། 16 ཀཱེ༌སར༌རིའ༌ ཡོད༌ཁན༌ནི༌ ལོབ༌ཕྲུགས༌ ཁ༌ཅིག༌གའང༌ ང༌ཞའ༌ ཉམ༌པོ༌ ཡོངས༌། ཁོང༌གུན༌ནི༌ ང༌ཞའ༌ ཀིབ༌རུས༌པ༌ མན༌ན༌སོན༌ནི༌ ཁང༌པ༌ དུག༌ག༌ལ༌ ཁྱེརས༌, ཁོ༌ ཏུས༌ མང༌པོའེ༌ སྔུན༌ལ༌ ཡེ༌ཤུའི༌ ལོབ༌ཕྲུགས༌ གྱུར༌ཏེ༌ ཨིན༌པིན༌།
པ༌འུ༌ལུ༌ ཡེ༌རུ༌ཤ༌ལེམ༌མ༌ སྐྱོདས༌།
21:17 ནེ༌ 26
17 ང༌ཞ༌གུན༌ ཡེ༌རུ༌ཤ༌ལེམ༌མ༌ ལེབ༌བ༌ཅིག༌, མ༌ཤི༌ཀ༌པའེ༌ སྤུན༌གུན༌ནི༌ མ༌ ཐད༌པོ༌ ཉམ༌པོ༌ གའ༌སུས༌ ཞུས༌། 18 ཐོ༌རེ༌ཟུག༌པོ༌ པ༌འུ༌ལུ༌ དང༌ ང༌ཞ༌གུན༌ ཡ༌ཀོབ༌བ༌ ཐུག༌ག༌ སོང༌པིན༌, ཏེ༌རུ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌ ཚང༌མ༌ ཛོམས༌ཏེ༌ དུག༌པིན༌། 19 པ༌འུ༌ལུའི༌ ཁོང༌ ཚང༌མ༌ལ༌ ཇུ༌ ཞུས༌ཏེ༌ དཀོན༌མཆོག༌གི༌ ཁོང༌ གྱུད༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ ཆག༌ལས༌ ཛད༌ཁན༌གུན༌ནི༌ སྐོར༌ ཁོང༌གུན༌ལ༌ ཞིབ༌སལ༌ ཤད༌ད༌ ཛདས༌།
20 ཏེ༌གུན༌ ཚོར༌ར༌ཅིག༌ ཁོང༌གུན༌ནི༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལས༌, ཏེ༌ནེ༌ པ༌འུ༌ལུའ༌ མོལས༌, "ཅེས༌པའེ༌ སྤུན༌ ལྟོས༌སའང༌, ཡ༌ཧུ༌དཱ༌པ༌ སྟོང༌ མང༌པོ༌ཞིག༌གི༌ ཏད༌པ༌ ཁྱོངས༌, ཡང༌ ཁོང༌ ཚང༌མའེ༌ མོ༌ཟེས༌སི༌ བཀའ༌ཁྲིམས༌གུན༌ལ༌ སྙིང༌ངི༌ ཐིལ༌ནེ༌ ཅེས༌པ༌ ཅོ༌རུག༌། 21 ཁོང༌གུན༌ནི༌, ཉེ༌རང༌ངི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ དུག༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ ཚང༌མ༌ལ༌ མོ༌ཟེས༌སི༌ ཁྲིམས༌གུན༌ མི༌སྲུང༌ཅེས༌ ཡང༌ བུ༌ཚ༌གུན༌ལ༌ སུན༌ནད༌ མི༌ཅོ༌ཅེས༌ ཡ༌ ཡ༌ཧུ༌དཱ༌པའེ༌ ལུག༌སྲོལ༌གུན༌ ཁའ༌ མི༌ཉན༌ཅེས༌ གུན༌ ལབ༌དུག༌ ཟེར༌ཏེ༌ ཚོར༌ཏོག༌། 22 ཏ༌ ང༌དང༌གུན༌ནི༌ ཅི༌ ཅོ༌ཨིན༌? ཉེ༌རང༌ འི༌རུ༌ སྐྱོད༌ཁན༌བོ༌ ཁོང༌གུན༌ནི༌ ཚོར༌ཅེས༌ ཏན༌ཏན༌ ཨིན༌ནོག༌། 23 ང༌ཞའེ༌ སམ༌མ༌རག༌ ཉེ༌རང༌ངི༌ འི༌བོ༌ ཅོ༌གོས༌། འི༌ཀ༌ ང༌ཞའ༌ ཉམ༌པོ༌ དཀོན༌མཆོག༌གི༌ དུན༌ལ༌ དམ༌ཆ༌ ཅོ༌ཁན༌ནི༌ མི༌ ཞི༌ ཡོད༌། 24 ཉེ༌རང༌ ཁོང༌གུན༌ ཉམ༌པོ༌ ཆོད༌ཁང༌ང༌ སྐྱོད༌ཏེ༌ རྩང༌མ༌ ཅོ༌ཅེས༌སི༌ ལུག༌སྲོལ༌ལི༌ ནང༌ང༌ ཐུས༌, ཡང༌ གོ༌རིལ༌ ཅོས༌ཏེ༌ སྲ༌ བྲགས༌ཅེས༌སི༌ རིན༌ རང༌ མ༌ཚད༌ ཁོང༌གུན༌ནི༌ ཕིའང༌ ཤོལ༌། ཏེ༌ནེ༌ ཉེ༌རང༌ངི༌ གྱབ༌གལ༌ལ༌ ཟེར༌ཁན༌གུན༌ དེན༌བ༌ མན༌ཁན༌ ཡང༌ ཉེ༌རང༌ངི༌ ཡ༌ཧུ༌དཱ༌པའེ༌ བཀའ༌ཁྲིམས༌གུན༌ སྲུང༌དུག༌ ཟེར༌ཏེ༌ ཚང༌མ༌ལ༌ གྱུས༌ཆེན༌། 25 ཏད༌པ༌ཅན༌ནི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ང༌ཞའེ༌ ཐག༌ཅད༌དི༌ སྐོར༌ལ༌ ཨི༌གེ༌ བྲིས༌ཏེ༌ ཀལ༌པིན༌། ཏེ༌ ཨི༌གེ༌བོའེ༌ ནང༌ང༌ སྐུན༌དྲ༌གུན༌ལ༌ ཆོད༌པ༌ ཕུལ༌ཁན༌གུན༌, ཁྲག༌ ཡོད༌ཁན༌ ཡ༌ སྐྱེ༌ཀྱིགས༌ཏེ༌ སད༌ཁན༌ནི༌ ཤ༌ ཟའ༌ མ༌གོས༌, ཡང༌ ལུས༌བྲེལ༌ ངན༌པ༌གུན༌ནེ༌ ཐག༌རིང༌ དུག༌གོས༌ ཟེར༌ཏེ༌ བྲིས༌ཏེ༌ ཡོད༌།"
26 སྟིང༌མ༌ཞག༌ག༌ པ༌འུ༌ལུ༌ དང༌ ཏེ༌ མི༌གུན༌ནི༌ ལུག༌སྲོལ༌ ནང༌ཞིན༌ལ༌ རྩང༌མ༌ ཅོས༌ཏེ༌ སྟིང༌ནེ༌ པ༌འུ༌ལུ༌ ཁོང༌གུན༌ ཉམ༌པོ༌ ཆོད༌ཁང༌ངི༌ ནང༌ང༌ སྐྱོད༌ཏེ༌ རྩང༌མ༌ ཅོ༌ཅེས༌ ཚར༌ཏེ༌ ཁོང༌གུན༌ནི༌ རང༌རང༌ངི༌ ཕིའ༌ ཆོད༌པ༌ ཕུལ༌ཉན༌ཅེས༌སི༌ ཞག༌པོ༌ བླ༌མ༌གུན༌ལ༌ ཤད༌ད༌ ཛདས༌།
པ༌འུ༌ལུ༌ ཟུམས༌།
21:27 ནེ༌ 36
27 རྩང༌མ༌ ཅོ༌ཅེས༌སི༌ ཞག༌ རྡུན༌ ཚང༌ཀིས༌ ཡོད༌ ཟ༌ནེ༌ པ༌འུ༌ལུ༌ ཆོད༌ཁང༌ང༌ ཐོང༌ཁན༌ནི༌ ཨ༌སི༌ཨཱ༌པའེ༌ ཡ༌ཧུ༌དཱ༌པ༌ ཁ༌ཅིག༌གི༌ མི༌མངས༌སི༌ ནང༌ང༌ ཧི༌ལིངས༌ ཕིངས༌ཏེ༌ ཁོང༌ ཟུམས༌། 28 ཏེ༌ ཨ༌སི༌ཨཱ༌པ༌གུན༌ནི༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, "ཨིས༌ར༌ཨེལ༌པ༌གུན༌ ང༌ཞའ༌ རོགས༌ ཅོས༌། འིན༌ན༌ མོ༌བོའེ༌ ཀ༌རུང༌ས༌ ཚང༌མ༌ལ༌ ང༌དང༌གུན༌, ང༌དང༌ངི༌ བཀའ༌ཁྲིམས༌ དང༌ འི༌ ཆོད༌ཁང༌ངི༌ གྱབ༌གལ༌ལ༌ ལབ༌ཞ༌ ཏང༌ཅེས༌, མ༌ཚད༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ ང༌དང༌ངི༌ ཆོད༌ཁང༌ང༌ ཁྱོངས༌ཏེ༌ འི༌ དམ༌པའེ༌ ནས༌ས༌བོ༌ ཚི༌ཏུ༌ ཅོས༌།" 29 ༼ཁོང༌གུན༌ནི༌ སྔུན༌ལ༌ གྱལ༌སའེ༌ ནང༌ང༌ པ༌འུ༌ལུ༌ ཨེ༌ཕེ༌སས༌པ༌ ཏྲོ༌ཕི༌མུས༌ ཡ༌ཧུ༌དཱ༌པ༌ མན༌ཁན༌བོ༌ ཉམ༌པོ༌ ཐོང༌ཏེ༌, ཁོའེ༌ ཏན༌ཏན༌ འི༌ མི༌བོ༌ ཆོད༌ཁང༌ང༌ ཁྱེར༌ཏེ༌ ཡོད༌གྲོ༌ སམ༌ པ༌སང༌ ཏེ༌ཟུག༌ ཟེརས༌༽།
30 ཏེ༌ནེ༌ གྱལ༌ས༌ གང༌པོའེ༌ ནང༌ང༌ ཧི༌ལིངས༌ ཞུགས༌, ཡང༌ མི༌ཚང༌མ༌ གྱུགས༌ཏེ༌ ཡོངས༌ཏེ༌ ཛོམས༌། ཁོང༌གུན༌ནི༌ པ༌འུ༌ལུ༌ ཟུམས༌ཏེ༌ ཆོད༌ཁང༌ངི༌ ནང༌ནེ༌ དྲུད༌ཨིན༌ ཕི༌ལོག༌ག༌ ཁྱེར༌ཏེ༌, ཏེན༌ན༌མལ༌ལ༌ ཆོད༌ཁང༌ངི༌ སྒོ༌གུན༌ ཅུགས༌། 31 ཁོང༌གུན༌ནི༌ པ༌འུ༌ལུ༌ སད༌ཅེས༌ ཅོ༌ཨིན༌ ཡོད༌ ཟ༌ནེ༌, རོམ༌མི༌ མག༌སྟོང༌ངི༌ སྤོན༌བོའ༌ གྱལ༌ས༌ གང༌པོའེ༌ ནང༌ང༌ ཧི༌ལིངས༌ བིང༌ཏོག༌ ཟེར༌ཏེ༌ ཚོར༌། 32 ཁོ༌ ཏེན༌ན༌མལ༌ལ༌ མག༌མི༌ དང༌ གྱ༌སྤོན༌ གུན༌ ཁྲིད༌ཏེ༌ མི༌ཚོགས༌ ཡོད༌ས༌ གྱུགས༌ཏེ༌ སོང༌། ཏེ༌ མག༌སྟོང༌ངི༌ སྤོན༌བོ༌ དང༌ མག༌མི༌གུན༌ ཡོང༌ང༌ ཐོང༌ཏེ༌, མི༌ཚོགས༌སི༌ པ༌འུ༌ལུའ༌ རྡུང༌ཅེས༌ བན༌ ཅོས༌།
33 མག༌སྟོང༌ངི༌ སྤོན༌བོ༌ པ༌འུ༌ལུའི༌ དུན༌ལ༌ ཡོངས༌, ཡང༌ ཁོང༌ ཟུམས༌ཏེ༌ ལྕག༌ཐག༌ ཉིས༌ ཉམ༌པོ༌ ལྡམ༌ཅེས༌ལ༌ བཀའ༌ ཏངས༌། ཡང༌ ཁོའེ༌ འི༌ མི༌བོ༌ སུ༌ ཨིན༌ནོག༌ ཅི༌ སྐྱོན༌ ཅོས༌ཏོག༌? ཟེར༌ཏེ༌ ཏྲིས༌། 34 མི༌ཚོགས༌སི༌ ནང༌ནེ༌ ཁ༌ཅིག༌གི༌ སྤེ༌ར༌ ཅིག༌ ཡང༌ ཁ༌ཅིག༌གི༌ ཡང༌སྤེ༌ར༌ ཅིག༌ ཟེརས༌། ཧི༌ལིངས༌སི༌ ཞས༌ཏེ༌ མག༌སྟོང༌ངི༌ སྤོན༌བོའ༌ དེན༌བ༌ གང༌པོ༌ ཧ༌གོ༌ མ༌ཐུབ༌པ༌, པ༌འུ༌ལུ༌ མག༌མི༌ ཀི༌ལའེ༌ ནང༌ང༌ ཁྱེར༌ ཟེར༌ཏེ༌ བཀའ༌ ཏངས༌། 35 པ༌འུ༌ལུ༌ སྲེས༌ཀེ༌ཀ༌ ལེབ༌བ༌ཅིག༌, མི༌ཚོགས༌ལ༌ སྲོ༌ མ༌སྲན༌ཏྲེ༌ ཡོང༌ང༌ ཐོང༌ཏེ༌ མག༌མི༌གུན༌ནི༌ ཁོང༌ ཁུར༌ཏེ༌ ཁྱེརས༌། 36 པ༌འུ༌ལུའི༌ གྱབ༌ནེ༌ ཡོངས༌ཁན༌ནི༌ མི༌མངས༌སི༌ ཀུ༌ཅོ༌ ཏང༌ཨིན༌, "ཁོ༌ སོད༌, ཁོ༌ སོད༌" ཟེརས༌།
པ༌འུ༌ལུའི༌ མི༌ཚོགས༌ལ༌ སྤེ༌ར༌ སལས༌།
21:37 ནེ༌ 22:30
37 པ༌འུ༌ལུ༌ ཀི༌ལའེ༌ ནང༌ཀུག༌ག༌ ཁྱེར༌ཨིན༌ ཡོད༌ ཟ༌ནེ༌ ཁོང༌ངི༌ མག༌སྟོང༌ངི༌ སྤོན༌བོའ༌ མོལས༌, "ངའེ༌ ཉེ༌རང༌ང༌ སྤེ༌ར༌ཞིག༌ ཟེར༌ན༌ གྲིག༌ག༌?"
མག༌སྟོང༌ངི༌ སྤོན༌བོའེ༌ པ༌འུ༌ལུའ༌ ཏྲིས༌, "ཁྱོ༌རང༌ང༌ གིརིས༌སི༌ སྐད༌ ཤེས༌སད༌ད༌? 38 ཏུས༌བན༌ཤིག༌གི༌ སྔུན༌ལ༌ རོམ༌མི༌ གྱལ༌པོའ༌ ངོ༌ལོག༌ ཅོས༌ཏེ༌ སྟན༌ཤིག༌ སྟོང༌ཞི༌ རི༌སྟོང༌ང༌ ཁྲིད༌ཏེ༌ ཁྱེར༌ཁན༌ནི༌ ཨི༌ཇིབ༌པ༌བོ༌ ཁོ༌རང༌ མན༌ན༌?"
39 པ༌འུ༌ལུའི༌ མོལས༌, "མན༌, ང༌ ཡ༌ཧུ༌དཱ༌པ༌ ཀཱི༌ལི༌ཀི༌ཡཱའེ༌ ཡུལ༌ཇོངས༌སི༌ མ༌ ཁག༌ཅན༌ གྱལ༌ས༌ ཏར༌སས༌སི༌ ཡུལ༌མི༌ཞིག༌ ཨིན༌། ཇུ༌ཇུ༌ ང༌ འི༌ མི༌གུན༌ལ༌ སྤེ༌ར༌ ཟེར༌ཅེས༌སི༌ གོངས༌པ༌ སལ༌།"
40 མག༌སྤོན༌ནེ༌ གོངས༌པ༌ ཐོབས༌ཏེ༌ ཁོང༌ངི༌ སྲེས༌ཀེ༌ཀ༌ ལངས༌ཏེ༌ མི༌ཚོགས༌ལ༌ ཅུབ༌ཅད༌ཅེས༌ལ༌ ལག༌པ༌ ཉམ༌པོ༌ སྟགས༌ ཅོས༌། མི༌ཚོགས༌ ཅུབ༌ཅད༌ད༌ཅིག༌, ཁོང༌ངི༌ ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ མོལ༌ཅེས༌ གོ༌ཟུག༌།