20
ཨབ༌ར༌ཧམ༌ དང༌ ཨ༌བི༌མེ༌ལེག༌།
1 ཨབ༌ར༌ཧམ༌ མམ༌རེ༌ནེ༌ ནེ༌གེཝ༌ ཡུལ༌ཇོངས༌ལ༌ སོང༌ ཡང༌ ཀ༌དེཤ༌ དང༌ ཤུར༌རི༌ པར༌རི༌ ནས༌སའེ༌ ནང༌ང༌ ཚུགས༌ཏེ༌ དུགས༌། སྟིང༌ནེ༌ ཁོ༌ གེ༌རར༌རི༌ ནང༌ང༌ དུག༌ ཟ༌ནེ༌, 2 ཨབ༌ར༌ཧམ༌མི༌ ཁོའེ༌ ན༌མ༌ སཱ༌ར༌, "ཁོ༌ ངའེ༌ སྲིང༌མོ༌ ཨིན༌" ཟེར༌ པ༌སང༌ གེ༌རར༌རི༌ གྱལ༌པོ༌ ཨ༌བི༌མེ༌ལེག༌གི༌ སཱ༌ར༌ ན༌མ༌ ཅོ༌ཅེས༌ལ༌ ཁོའེ༌ ཁར༌ལ༌ ཁྱོང༌ང༌ ལམ༌ཅུགས༌།
3 ཨིན༌ནའང༌ ཚན༌ལ༌ ཁོའ༌ ཉི༌ལམ༌མི༌ ནང༌ང༌ དཀོན༌མཆོག༌ ཇལ༌ཏེ༌ མོལས༌, "ཁྱོ༌རང༌ ཤི༌ཨིན༌ ཅིའ༌ཟེར༌ན༌ ཁྱོ༌རང༌ངི༌ ཁྱེར༌ཁན༌ནི༌ བུ༌མོ༌ ན༌མ༌ ཅོ༌ཁན༌ཞིག༌ ཨིན༌།"
4 ཏ༌རོང༌ ཚག༌པ༌ ཨ༌བི༌མེ༌ལེག༌གི༌ ཁོའ༌ ལག༌པའང༌ མ༌རྩེའ༌ ཨིན༌པིན༌, ཁོའེ༌ ཟེརས༌, "གཙོ༌བོ༌ལེ༌, ཉེ༌རང༌ངི༌ ང༌ཞའེ༌ གྱལ༌ཁམས༌ ནོངས༌མེད༌པོ༌ མེད༌ཁན༌ ཛད༌ཨིན༌ན༌? 5 ཨབ༌ར༌ཧམ༌ ཁོ༌རང༌ངི༌ སཱ༌ར༌ 'ཁོའེ༌ སྲིང༌མོ༌ ཨིན༌' ཟེར༌ར༌རག༌པིན༌ ཡང༌ བུ༌མོ༌བོའེང༌ ཟེརས༌, 'ཁོ༌ ངའེ༌ མིང༌བོ༌ ཨིན༌' ངའེ༌ ཏེ༌བོ༌ སྐྱོན༌ མ༌ཏང༌ང༌ སེམས༌ ལག༌མོ༌ ཉམ༌པོ༌ ཅོས༌པིན༌།"
6 ཏེན༌ན༌ ཉི༌ལམ༌མི༌ ནང༌ང༌ དཀོན༌མཆོག༌གི༌ ཁོའ༌ མོལས༌, "འོ༌ན༌ ང༌ གྱུས༌ཡོད༌ ཁྱོ༌རང༌ངི༌ ཏེ༌བོ༌ སེམས༌ ལག༌མོ༌ ཉམ༌པོ༌ ཅོས༌ པ༌སང༌ ངའེ༌ ཁྱོ༌རང༌ང༌ ངའེ༌ གྱབ༌གལ༌ལ༌ སྡིག༌པ༌ ཅོ༌ མ༌ཅུགས༌པིན༌། ཏེན༌ན༌བོའེ༌ཕིའ༌ ངའེ༌ ཁྱོ༌རང༌ང༌ ཁོའ༌ ལག༌པ༌ རྩེ༌ མ༌ཅུགས༌པིན༌། 7 ཏ༌ བུ༌མོ༌བོ༌ ཁོ༌རང༌ངི༌ མག༌པ༌ ལོགས༌ཏེ༌ ཏོང༌ ཅིའ༌ཟེར༌ན༌ ཁོ༌ ལུང༌སྟོན༌པ༌ཞིག༌ ཨིན༌, ཡང༌ ཁོའེ༌ ཁྱོ༌རང༌ངི༌ ཕིའ༌ མོས༌ལམ༌ ཞུ༌ཅེས༌པའེ༌ ཁྱོ༌རང༌ ཤི༌ མི༌ཤི༌། ཨིན༌ནའང༌ གལ༌ཏེས༌ ཁྱོ༌རང༌ངི༌ ཁོ༌ ལོགས༌ཏེ༌ མ༌ཏང༌ན༌, ཏན༌ཏན༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ མི༌ ཚང༌མ༌ ཤི༌ཨིན༌།"
8 སྟིང༌མ༌ཞག༌ ང༌མོ༌ནེ༌ ཨ༌བི༌མེ༌ལེག༌གི༌ ཁོ༌རང༌ངི༌ ལས༌མི༌ ཚང༌མ༌ བོད༌ཏེ༌ ཁོང༌གུན༌ལ༌ བྱུང༌ཁན༌ ཚང༌མ༌ ཤདས༌ ཡང༌ ཁོང༌གུན༌ སྲན༌ཏྲེ༌ ཇིགས༌། 9 ཏེ༌ནེ༌ ཨ༌བི༌མེ༌ལེག༌གི༌ ཨབ༌ར༌ཧམ༌མ༌ བོད༌ཏེ༌ ཟེརས༌, "ཁྱོ༌རང༌ངི༌ ང༌ཞ༌གུན༌ལ༌ འི༌བོ༌ ཅི༌ ཅོས༌ཏེ༌ ཨིན༌? ངའེ༌ གྱལ༌སྲིད༌དི༌ཀ༌ འི༌ ནོད༌པ༌ ཁོང༌ཅེས༌ལ༌ ངའེ༌ ཁྱོ༌རང༌ ཉམ༌པོ༌ ཅི༌ ངན༌པ༌ ཅོས༌། ཁྱོ༌རང༌ངི༌ ཅོས༌ཁན༌ ཙོགས༌ སུ༌ཞིག༌གིའང༌ མི༌ཅོ༌། 10 ཅི༌ཕིའ༌ ཁྱོ༌རང༌ངི༌ འི༌བོ༌ ཅོས༌པིན༌?"
11 ཨབ༌ར༌ཧམ༌མི༌ ལན༌ཏངས༌, " 'འི༌ ནས༌སའེ༌ ནང༌ང༌ དཀོན༌མཆོག༌ག༌ རྩི༌ཝ༌ ཅོ༌ཁན༌ སུ༌ཞིག༌གའང༌ མེད༌གྲོ༌ ཡང༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ན༌མའེ༌ ཕིའ༌ ང༌ སད༌ད༌ནོག༌' སམ༌། 12 དེན༌བའ༌ ཟེར༌ན༌ ཁོ༌ ངའེ༌ སྲིང༌མོ༌ ཨིན༌, ཁོ༌ ངའེ༌ ཨ༌བའེ༌ བུ༌མོ༌, ཨིན༌ནའང༌ ང༌ཞའེ༌ ཨ༌མ༌ སོ༌སོ༌ ཨིན༌ ཡང༌ ངའེ༌ ཁོ༌ ཉམ༌པོ༌ ན༌མ༌ ཅོས༌པིན༌། 13 དཀོན༌མཆོག༌གི༌ ངའ༌ ང༌རི༌ ཨ༌བའེ༌ ཁང༌པ༌ནེ༌ ཞན༌ཡུལ༌གུན༌ལ༌ ལམ༌ཅུག༌ ཟ༌ནེ༌, ངའེ༌ ཁོའ༌ ཟེར༌པིན༌, 'ང༌དང༌ ཀ༌རུ༌ ཆ༌ནའང༌ ཚང༌མ༌ལ༌ ང༌ ཁྱོ༌རང༌ངི༌ མིང༌བོ༌ ཨིན༌ ཟེར༌ཏེ༌ ཁྱོ༌རང༌ངི༌ ངའེ༌ ཕིའ༌ ཐུག༌རྗེ༌ ཅོས༌།' "
14 ཏེ༌ནེ༌ ཨ༌བི༌མེ༌ལེག༌གི༌ སཱ༌ར༌ ཨབ༌ར༌ཧམ༌མ༌ ལོགས༌ཏེ༌ ཏངས༌, ཏེ༌ མ༌ཚད༌ ཁོའེ༌ ཁོའ༌ ལུག༌ དང༌ བ༌ལང༌ དང༌ ཚེ༌ཡོག༌ གུན༌ ཏངས༌ 15 ཡང༌ ཟེརས༌, "ཨབ༌ར༌ཧམ༌ ངའེ༌ ས༌ཀྱད༌ ཚང༌མ༌ ལྟོས༌, ཁྱོ༌རང༌ ཀ༌རུ༌ ཚུགས༌ཏེ༌ དུག༌ཨིན༌ སམ༌ནའང༌ དུག༌།"
16 ཁོའེ༌ སཱ༌ར༌ ཟེརས༌, "ཁྱོ༌རང༌ ཉམ༌པོ༌ ཡོད༌ཁན༌གུན༌ལ༌ ཁྱོ༌རང༌ ནོངས༌མེད༌ ཨིན༌ཁན༌ ལྟན༌ཅེས༌སི༌ ཕིའ༌ ངའེ༌ ཁྱོ༌རང༌ངི༌ མིང༌བོའ༌ མུལ༌ སྟོང༌ ཅིག༌ ཏང༌ངད༌།"
17 ཏེ༌ནེ༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌ག༌ མོས༌ལམ༌ ཞུས༌ ཡང༌ དཀོན༌མཆོག༌གི༌ ཨ༌བི༌མེ༌ལེག༌, ཁོའེ༌ ན༌མ༌ དང༌ ཁོའེ༌ ཡོག༌མོ༌གུན༌ ཕན༌ཅུག༌ག༌ ཛད༌པ༌ ཡང༌སྐྱར༌ ཁོང༌གུན༌ལ༌ ཕྲུ༌གུ༌ ཇོར༌ཐུབ༌, 18 ཅིའ༌ཟེར༌ན༌ ཨབ༌ར༌ཧམ༌མི༌ ན༌མ༌ སཱ༌རའེ༌ ཞས༌ཏེ༌, ཡ༌ཝའེ༌ ཨ༌བི༌མེ༌ལེག༌གི༌ ཁར༌རི༌ ནང༌ང༌ ཡོད༌ཁན༌ བུ༌མོ༌ ཚང༌མའེ༌ ཕྲུ༌གུ༌ ཇོར༌ཅེས༌སི༌ ཁྱུད༌པོ༌ མེད༌ཁན༌ ཛད༌ཏེ༌ ཨིན༌པིན༌།