24
ཨི༌སཱག༌ དང༌ ར༌བེ༌ཀ༌
ཏ༌ ཨབ༌ར༌ཧམ༌མའ༌ ལོ༌ མང༌པོ༌ སོང༌ཏེ༌ རྒད༌པོ༌ གྱུར༌ཏེ༌ ཡོད༌པིན༌, ཡང༌ ཡ༌ཝའེ༌ ཁོའ༌ ཅི༌ས༌ཐོག༌ནེ༌ ཅིན༌ལབས༌ སལ༌ལ༌ ཛདས༌། ཞག༌ཤིག༌ ཨབ༌ར༌ཧམ༌མི༌ ཁོ༌རང༌ངི༌ ཡོག༌པོ༌ ཆེ༌ཤོག༌, ཁོའ༌ ཡོད༌ཁན༌ ཚང༌མའེ༌ ཁག༌ཁུར༌པ༌བོའ༌ མོལས༌, "ཁྱོ༌རང༌ངི༌ ལག༌པ༌ ངའེ༌ ཇང༌བར༌ལ༌ བོར༌ཏེ༌ ནམ༌ཁའ༌ དང༌ ཇིག༌རྟེན༌ནི༌ དཀོན༌མཆོག༌ ཡ༌ཝའེ༌ མིང༌ངི༌ ནང༌ང༌, ང༌དང༌ དུག༌སའེ༌ ཀེ༌ནན༌པའེ༌ བུ༌མོ༌ ཉམ༌པོ༌ ངའེ༌ བུ༌ཚའ༌ ན༌མའ༌ ཅོ༌ མི༌ཅུག༌ཅེས༌ལ༌ ནའ༌ ཁུར༌། ང༌ སྐྱེས༌ཁན༌ནི༌ ཡུལ༌ལ༌ སོང༌ཏེ༌ ངའེ༌ བུ༌ཚ༌ ཨི༌སཱག༌གི༌ ཕིའ༌ ན༌མའ༌ ང༌རང༌ངི༌ ཉེན༌གྲུང༌གུན༌ནི༌ ནང༌ནེ༌ ཁྱོང༌།"
ཨིན༌ནའང༌ ཡོག༌པོའེ༌ ཏྲིས༌, "གལ༌ཏེས༌ བུ༌མོ༌བོ༌ ཁང༌པ༌ ཕངས༌ཏེ༌ ང༌ ཉམ༌པོ༌ འི༌ ཡུལ༌ལ༌ ཡོང༌ང༌ མ༌ཐད༌ན༌ ཏེ༌ནེ༌ ངའེ༌ ཉེ༌རང༌ངི༌ བུ༌ཚ༌ ཉེ༌རང༌ སྐྱེས༌སའེ༌ ཡུལ༌ལ༌ ལོགས༌ཏེ༌ ཁྱེར༌ར༌ལེ༌?"
ཨབ༌ར༌ཧམ༌མི༌ ལན༌ཏངས༌, "མན༌! ཏན༌ཏན༌, ཁྱོ༌རང༌ངི༌ ངའེ༌ བུ༌ཚ༌ ཏེ༌རུ༌ ལོགས༌ཏེ༌ ཁྱེར༌ མ༌གོས༌། ངའེ༌ ཨ༌བའེ༌ ཁང༌པ༌ དང༌ ངའ༌ སྐྱེས༌སའེ༌ ཡུལ༌ནེ༌ ང༌ ཕིང༌ཏེ༌ ཁོངས༌ཁན༌ ནམ༌ཁའ༌ ཞུགས༌ཁན༌ནི༌ དཀོན༌མཆོག༌ ཡ༌ཝའེ༌ འི༌ ས༌ཆ༌བོ༌ ངའེ༌ པུར༌གྱུད༌གུན༌ལ༌ སལ༌ཨིན༌ མོལ༌ཏེ༌ ཞལ༌ཆད༌ ཅོའ༌ ཛད༌ཏེ༌ ཨིན༌། ཁོང༌ངི༌ ཁོང༌རང༌ངི༌ ཕོ༌ཉ༌ ཁྱོ༌རང༌ངི༌ སང༌ སྔུན༌ལ༌ ཀལ༌ལ༌ ཛད༌ཏེ༌ ཁྱོ༌རང༌ང༌ ངའེ༌ བུ༌ཚའེ༌ ཕིའ༌ ན༌མ༌ ཐོབ༌ཅུག༌ཨིན༌། གལ༌ཏེས༌ བུ༌མོ༌བོ༌ ཁྱོ༌རང༌ ཉམ༌པོ༌ ཡོང༌ང༌ མ༌ཐད༌ན༌, ཁྱོ༌རང༌ ཁྱོ༌རང༌ངི༌ ཁུར༌ཁན༌ནི༌ ནའ༌ནེ༌ ཐར༌ཏེ༌ ཨིན༌, ཨིན༌ནའང༌ ངའེ༌ བུ༌ཚ༌ ཏེ༌རུ༌ ལོགས༌ཏེ༌ ཁྱེར༌ མ༌གོས༌། ཏེ༌ནེ༌ ཡོག༌པོའེ༌ ཁོ༌རང༌ངི༌ ལག༌པ༌བོ༌ ཁོའེ༌ སྤོན༌བོ༌ ཨབ༌ར༌ཧམ༌མི༌ ཇང༌བར༌ལ༌ བོར༌ཏེ༌ ཁོང༌ངི༌ ཅོས༌ ཟེར༌ཁན༌བོ༌ ཅོ༌ཅེས༌ལ༌ ནའ༌ ཁུརས༌།
10 ཨབ༌ར༌ཧམ༌མི༌ ཡོག༌པོའེ༌ ཁོ༌རང༌ངི༌ སྤོན༌བོའེ༌ རྔ༌བོང༌ རྕུ༌ ཁྲིདས༌ ཡང༌ སྤོན༌བོའེ༌ ཆོགས༌ནེ༌ རིན༌ཅན༌ནི༌ སྟགས༌གུན༌ ཁུར༌ཏེ༌ ན༌ཧོར༌ དུག༌སའེ༌ གྲོང༌ཁྱེར༌ ཨ༌རམ༌ ནའ༌ཧ༌རེའམ༌མི༌ ཡུལ༌ཇོངས༌ལ༌ སོང༌། 11 ཏེ༌རུ༌ ལེབས༌ཏེ༌ ཁོའེ༌ རྔ༌བོང༌གུན༌ གྲོང༌ཁྱེར༌རི༌ ཕི༌ལོག༌ག༌ ཡོད༌ཁན༌ནི༌ ཆུ༌དོང༌ངི༌ དུན༌ལ༌ དུག༌ཅུགས༌, ཏེ༌བོ༌ ཛ༌རེ༌སྟིང༌ནེ༌ ཨིན༌པིན༌ ནམ༌ བུ༌མོ༌གུན༌ ཆུ༌ ལེན༌ན༌ལ༌ ཕི༌ལོག༌ག༌ ཡོང༌ངད༌པིན༌།
12 ཁོའེ༌ མོས༌ལམ༌ ཞུས༌, "ངའེ༌ སྤོན༌བོ༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌ ཞུགས༌ཁན༌ནི༌ ཀྱེ༌ ཡ༌ཝ༌ལེ༌, དི༌རིང༌ ངའ༌ ཐར༌ཁྱེལ༌ སལ༌ཏེ༌ ངའེ༌ སྤོན༌བོ༌ ཉམ༌པོ༌ ཐུག༌རྗེ༌ ལྟན༌ན༌ ཛད༌། 13 གྲོང༌ཁྱེར༌རི༌ ཞོན༌ནུ༌མ༌གུན༌ ཆུ༌ ལེན༌ན༌ལ༌ ཡོང༌སེ༌ ཆུ༌དོང༌ངི༌ དུན༌ལ༌ ངའ༌ དུགས༌ཏེ༌ ཡོད༌། 14 ངའེ༌ ཁོང༌ ཅིག༌ག༌ ཟེར༌ཨིན༌, 'ཇུ༌ཇུ༌ ཆུ༌ ནོད༌པོ༌ ཕབས༌ཏེ༌ ང༌ ཆུ༌ ཐུང༌ཅེས༌ཤིག༌ སལ༌', གལ༌ཏེས༌ ཁོའེ༌ དོན༌ལེ༌ ཡང༌ ངའེ༌ ཉེ༌རང༌ངི༌ རྔ༌བོང༌གུན༌ནི༌ ཕིའང༌ ཆུ༌ ཁྱོང༌ཉིན༌ ཟེར༌ན༌, ཏེ༌ནེ༌ ཁོ༌ ཉེ༌རང༌ངི༌ ཡོག༌པོ༌ ཨི༌སཱག༌གི༌ ཕིའ༌ ཉེ༌རང༌ངི༌ ལྡམ༌ཁན༌ནི༌ བུ༌མོ༌བོ༌ ཨིན༌ ཅུག༌ག༌ ཛད༌། འི༌བོ༌ བྱུང༌ན༌ ཉེ༌རང༌ངི༌ ངའེ༌ སྤོན༌བོའ༌ ཐུག༌རྗེ༌ ཛད༌ཁན༌བོ༌ ང༌ ཧ༌གོ༌ཨིན༌།"
15 ཁོའེ༌ མོས༌ལམ༌ ཞུ༌ མ༌ཚར༌ར༌, ཆུ༌ ནོད༌ སྤུང༌པའེ༌ཀ༌ ཁུར༌ཏེ༌ ར༌བེ༌ཀ༌ ལེབ༌། ཁོ༌ ནི༌ བེ༌ཐུལ༌ལི༌ བུ༌མོ༌, བེ༌ཐུལ༌ ནི༌ མིལ༌ཀའེ༌ བུ༌ཚ༌ ཨིན༌པིན༌ ཡང༌ མིལ༌ཀ༌ ནི༌ ཨབ༌ར༌ཧམ༌མི༌ ནོ༌ ན༌ཧོར༌རི༌ ན༌མ༌ ཨིན༌པིན༌། 16 བུ༌མོ༌བོ༌ ན༌ཆུང༌ མ༌ ལྡེ༌མོ༌, བུ༌ཚའ༌ ཉམ༌པོ༌ བྲེལ༌ མ༌ཆའ༌ཁན༌ཞིག༌ ཡོད༌པིན༌། ཁོ༌ ཐུར༌ལ༌ ཆུ༌དོང༌ངི༌ཀ༌ སོང༌ཏེ༌ ཁོ༌རང༌ངི༌ ཆུ༌ ནོད༌པོ༌ སྐངས༌ ཡང༌ ལོགས༌ཏེ༌ ཡོངས༌།
17 ཡོག༌པོ༌ བང༌ཏངས༌ཏེ༌ བུ༌མོ༌བོའ༌ ཐུག༌ག༌ སོང༌ཏེ༌ ཟེརས༌, "ཇུ༌ཇུ༌ ཉེ༌རང༌ངི༌ ཆུ༌ ནོད༌དི༌ ནང༌ནེ༌ ངའ༌ ཆུ༌ ཐུང༌ཅེས༌ཤིག༌ སལ༌ལའང༌།"
18 ཁོའེ༌ ཟེརས༌, "དོན༌ནའང༌ ཀ༌ག༌ལེ༌!" ཡང༌ གྱོགས༌པ༌ ཁོ༌རང༌ངི༌ ཆུ༌ ནོད༌པོ༌ སྤུང༌པའེ༌ ཀ༌ནེ༌ ཕབས༌ཏེ༌ ཁོའ༌ ཆུ༌ ཐུང༌ཅེས༌ལ༌ ཏངས༌།
19 ཁོའ༌ ཆུ༌ ཏང༌ ཚར༌ར༌ཅིག༌ བུ༌མོའེ༌ ཟེརས༌, "ངའེ༌ ཉེ༌རང༌ངི༌ རྔ༌བོང༌གུན༌ནི༌ ཕིའང༌ ཆུ༌ ཁྱོང༌ཨིན༌ ཏེ༌གུན༌ སྔོམས༌ སྔོམས༌ ཚག༌པ༌།" 20 ཁོའེ༌ གྱོགས༌པ༌ ཆུ༌ ནོད༌དི༌ ཆུ༌བོ༌ སེམས༌ཅན༌གུན༌ ཆུ༌ ཐུང༌སའེ༌ ནོད༌དི༌ ནང༌ང༌ ལུགས༌ ཡང༌ ཆུ༌ ཁྱོང༌ང༌ལ༌ ཆུ༌དོང༌ ཆོགས༌ལ༌ བང༌ཏངས༌ཏེ༌ སོང༌། བུ༌མོའེ༌ རྔ༌བོང༌ ཚང༌མའེ༌ ཕིའ༌ ཆུ༌ ཁྱོངས༌། 21 ཡ༌ཝའེ༌ ཁོའེ༌ བེས༌པོ༌ ཐར༌ཁྱེལ༌ ཛད༌ཏེ༌ ཨིན༌ན༌ མན༌ ལྟའ༌ཅེས༌ལ༌ མི༌བོ༌ ཅུབ༌ཅད༌ཏེ༌ བུ༌མོ༌བོའ༌ ལྟེན༌ དུགས༌།
22 རྔ༌བོང༌གུན༌ནི༌ ཆུ༌ ཐུང༌ ཚར༌ར༌ཅིག༌, མི༌བོའེ༌ སྣ༌ཁུང༌ང༌ ཏག༌ཅེས༌སི༌ སེར༌རི༌ ཀིལ༌དིར༌ ཆེན༌མོ༌ དང༌ སེར༌རི༌ ལྡུ༌གུ༌ ལྕིན༌ཏྲེ༌ ཉིས༌ ཕིངས༌ཏེ༌ བུ༌མོའེ༌ ལག༌པའ༌ སྐརས༌, 23 ཡང༌ ཁོའ༌ ཏྲིས༌, "ཤོད༌དའང༌ ཁྱོ༌རང༌ སུའི༌ བུ༌མོ༌ ཨིན༌? ང༌ཞའ༌ དི༌རིང༌ངི༌ ཚན༌བོ༌ དུག༌ཅེས༌སི༌ ཕིའ༌ ཁྱོ༌རང༌ངི༌ ཨ༌བའེ༌ ཁང༌པའེ༌ ནང༌ང༌ ནས༌ས༌ ཡོད༌ད༌?"
24 བུ༌མོའེ༌ ཁོའ༌ ལན༌ཏངས༌, "ངའེ༌ ཨ༌བ༌ ནི༌ ན༌ཧོར༌ དང༌ མིལ༌ཀའེ༌ བུ༌ཚ༌, བེ༌ཐུལ༌ ཨིན༌། 25 ང༌ཞའེ༌ ཁང༌པ༌ ཕུག༌མ༌ དང༌ ཙ༌ མང༌པོ༌ ཡང༌ ཉེ༌ཞའ༌ དུག༌ཅེས༌སི༌ ཕིའ༌ ནས༌སའང༌ ཡོད༌།"
26 ཏེ༌ནེ༌ ཡོག༌པོའེ༌ པིག༌དོང༌ ཙུགས༌ཏེ༌ ཡ༌ཝའ༌ ཅོལས༌། 27 ཁོའེ༌ ཟེརས༌, "ངའེ༌ སྤོན༌བོ༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌ ཞུགས༌ཁན༌ ཡ༌ཝའ༌ སྟོད༌པ༌ ཕུལ༌། ཁོང༌ངི༌ ངའེ༌ སྤོན༌བོའེ༌ ཉམ༌པོ༌ ཁོང༌རང༌ངི༌ ཐུག༌རྗེ༌ དང༌ ཨིད༌ཤེས༌ སྟན༌པོ༌ བོར༌ར༌ ཛདས༌། ཡ༌ཝའེ༌ ང༌ བེས༌སི༌ ནང༌ང༌ ང༌རང༌ངི༌ སྤོན༌བོའེ༌ ཉེན༌གྲུང༌གུན༌ ཡོད༌ས༌ ཁྱོང༌ང༌ཛད༌།"
28 བུ༌མོ༌བོ༌ ཁོ༌རང༌ངི༌ ཨ༌མའེ༌ ཁང༌པ༌ བང༌ཏངས༌ཏེ༌ སོང༌ ཡང༌ ཅི༌ཚང༌མ༌ ཤདས༌། 29 ཏ༌ ར༌བེ༌ཀ༌ ལ༌བན༌ ཟེར༌ཁན༌ནི༌ ཨ༌ཅོ༌ཞིག༌ ཡོད༌པིན༌, ཡང༌ ལ༌བན༌ བང༌ཏངས༌ཏེ༌ ཕི༌ལོག༌ག༌ ཆུ༌དོང༌ངི༌ཀ༌ ཨབ༌ར༌ཧམ༌མི༌ ཡོག༌པོ༌ ཡོད༌ས༌ སོང༌། 30 ལ༌བན༌ལ༌ སྣ༌ཁུང༌ངི༌ཀ༌ ཏག༌ཅེས༌སི༌ ཀིལ༌དིར༌ དང༌ ཁོའེ༌ སྲིང༌མོའེ༌ ལག༌པའ༌ ཏགས༌ཏེ༌ ཡོད༌ཁན༌ནི༌ ལྡུ༌གུ༌ གུན༌ ཐོང༌ ཡང༌ མི༌བོའེ༌ ཟེར༌ཁན༌ ར༌བེ༌ཀའེ༌ ཤད༌ཁན༌གུན༌ ཚོར༌ར༌ཅིག༌, ཁོ༌ མི༌བོ༌ ཡོད༌ས༌ སོང༌ ཡང༌ རྔ༌བོང༌གུན༌ ཡོད༌ས༌ ཆུ༌དོང༌ངི༌ དུན༌ལ༌ ཁོ༌ ལངས༌ཏེ༌ ཐོང༌། 31 ཁོའེ༌ ཟེརས༌, "སྐྱོད༌ལེ༌, ཉེ༌རང༌, ཡ༌ཝའེ༌ ཅིན༌ལབས༌ ཐོབ༌ཁན༌ནི༌ མི༌ཞིག༌ ཨིན༌ནོག༌། ཉེ༌རང༌ ཏེ༌ཀ༌ ཅིའ༌ ཞུགས༌སད༌ ནམ༌ ངའེ༌ ཉེ༌རང༌ངི༌ ཕིའ༌ ང༌ཞའེ༌ ཁང༌པ༌ གྲལ༌གྲིག༌ ཅོས༌ཏེ༌ ཡོད༌ ཡང༌ རྔ༌བོང༌གུན༌ བོར༌སའང༌།"
32 ཏེ༌ནེ༌ ཁོ༌ ལ༌བན༌ནི༌ ཁང༌པའ༌ སོང༌ ཡང༌ རྔ༌བོང༌གུན༌ནི༌ ཀ༌ནེ༌ ཁུ༌རུ༌གུན༌ ཕབ༌ ཅུགས༌ཏེ༌ ཏེ༌གུན༌ལ༌ རྩོའ༌ ཏངས༌། ལ༌བན༌ནི༌ ཨབ༌ར༌ཧམ༌མི༌ ཡོག༌པོ༌ དང༌ ཁོའེ༌ མི༌གུན༌ནི༌ རྐང༌པ༌ ཁྲུ༌ཅེས༌སི༌ ཕིའ༌ ཆུ༌ ཁྱོངས༌། 33 ཡང༌ མི༌བོའེ༌ དུན༌ལ༌ ཁར༌ཇི༌ ཟའ༌ཅེས༌ལ༌ ཁྱོང༌ང༌ཅིག༌ ཁོའེ༌ ཟེརས༌, "ངའེ༌ ཟེར༌གོ༌ཤེས༌པོ༌ ཟེར༌ཏེ༌ མ༌ནེ༌ ངའེ༌ འི༌ ཁར༌ཇི༌བོ༌ མི༌ཟ༌།" ཏེ༌ནེ༌ ལ༌བན༌ནི༌ ཟེརས༌, "ང༌ཞའ༌ མོལ༌ལའང༌།"
34 ཁོའེ༌ ཤད༌ཅེས༌ གོ༌ཟུག༌, "ང༌ ནི༌ ཨབ༌ར༌ཧམ༌མི༌ ཡོག༌པོ༌ཞིག༌ ཨིན༌། 35 ཡ༌ཝའེ༌ ངའེ༌ སྤོན༌བོའ༌ ཅིན༌ལབས༌ མང༌པོ༌ སལ༌ཏེ༌ ཁོང༌ ཆུག༌པོ༌ གྱུར༌ཅུག༌ག༌ ཛདས༌། ཁོང༌ང༌ ལུག༌ དང༌ བ༌ལང༌, མུལ༌ དང༌ སེར༌, བུ༌ཚ༌ དང༌ བུ༌མོའེ༌ ཚེ༌ཡོག༌ དང༌ རྔ༌བོང༌ དང༌ བུང༌བུ༌ གུན༌ནི༌ ཁྱུ༌ མང༌པོ༌ ཡོད༌། 36 ངའེ༌ སྤོན༌བོའེ༌ ན༌མ༌ སཱ༌རའ༌ རྒད༌མོ༌ ཡོད༌ ཟ༌ནེ༌ བུ༌ཚ༌ཞིག༌ ཇོར༌ ཡང༌ ངའེ༌ སྤོན༌བོའེ༌ ཁོང༌རང༌ངི༌ ཨིན༌ཁན༌ ཅི༌ཚང༌མ༌ ཁོའ༌ སལས༌། 37 ངའེ༌ སྤོན༌བོའེ༌ ངའ༌ ནའ༌ ཁུར༌ཅུགས༌ཏེ༌ མོལས༌, 'ངའེ༌ བུ༌ཚའ༌ ང༌ དུག༌སའེ༌ ཀེ༌ནན༌ནི༌ ཡུལ༌ནེ༌ ན༌མ༌ མ༌ཁྱོང༌། 38 ཨིན༌ནའང༌ ངའེ༌ ཨ༌བའེ༌ ནང༌ཚངས༌ དང༌ ཉེན༌གྲུང༌གུན༌ ཡོད༌ས༌ སོང༌ཏེ༌ ཁོའེ༌ ཕིའ༌ ན༌མ༌ ཁྱོང༌།' "
39 "ཏེ༌ནེ༌ ངའེ༌ སྤོན༌བོའ༌ ཏྲིས༌པིན༌, 'གལ༌ཏེས༌ བུ༌མོ༌བོ༌ ང༌ ཉམ༌པོ༌ ཡོང༌ཅེས༌ལ༌ མ༌ཐད༌ན༌?' "
40 "ཁོང༌ངི༌ ལན༌སལས༌, 'ངའེ༌ ཏུས༌གྱུན༌ ཁའ༌ ཉན༌ཁན༌ནི༌ ཡ༌ཝའེ༌ ཁོང༌རང༌ངི༌ ཕོ༌ཉ༌ ཁྱོ༌རང༌ ཉམ༌པོ༌ ཀལ༌ལ༌ ཛད༌ཏེ༌ ཁྱོ༌རང༌ངི༌ བེས༌པོ༌ ཐར༌ཁྱེལ༌ ཛད༌ཨིན༌། ཁྱོ༌རང༌ང༌ ངའེ༌ བུ༌ཚའེ༌ ཕིའ༌ ན༌མ༌ ངའེ༌ ཨ༌བའེ༌ ནང༌ཚངས༌, ང༌རང༌ངི༌ ཉེན༌གྲུང༌གུན༌ནི༌ ནང༌ནེ༌ ཐོབ༌ཨིན༌། 41 ཏེ༌ནེ༌ ཁྱོ༌རང༌ ཁྱོ༌རང༌ངི༌ ནའ༌ ཁུར༌ཁན༌ནེ༌ ཐར༌ཏེ༌ ཨིན༌ནོག༌། གལ༌ཏེས༌ ཁྱོ༌རང༌ ངའེ༌ ཉེན༌གྲུང༌གུན༌ ཡོད༌ས༌ སོང༌ཏེ༌ ཁོང༌གུན༌ནི༌ ཁྱོ༌རང༌ང༌ བུ༌མོ༌བོ༌ མ༌ཏང༌ན༌ ཁྱོ༌རང༌ངི༌ ནའ༌ ཁུར༌ཁན༌ནེ༌ ཁྱོ༌རང༌ ཐར༌ཏེ༌ ཨིན༌ནོག༌།' "
42 "དི༌རིང༌ ང༌ ཆུ༌དོང༌ ཡོད༌ས༌ ལེབ༌བ༌ཅིག༌, ངའེ༌ ང༌རང༌ངི༌ སྤོན༌བོའེ༌ དཀོན༌མཆོག༌ ཡ༌ཝའ༌ མོས༌ལམ༌ ཞུས༌པིན༌, 'གལ༌ཏེས༌ ཉེ༌རང༌ ཐུགས༌ཐད༌ན༌ ཇུ༌ཇུ༌ ངའེ༌ བེས༌པོ༌ ཐར༌ཁྱེལ༌ ལུས༌ཤུག༌ག༌ ཛད༌། 43 ང༌ ཆུ༌དོང༌ངི༌ དུན༌ལ༌ ཡོད༌ ཟ༌ནེ༌ བུ༌མོ༌ ཆུ༌ ལེན༌ན༌ལ༌ ཡོང༌ཁན༌བོའ༌ ངའེ༌ ཟེར༌ཨིན༌, "ཇུ༌ཇུ༌ ཉེ༌རང༌ངི༌ ཆུ༌ནོད༌ནེ༌ ངའ༌ ཐུང༌ཅེས༌ལ༌ ཆུ༌ ཉུ༌ངུན༌ཞིག༌ སལ༌ལའང༌།" 44 གལ༌ཏེས༌ ཁོའེ༌ "དོན༌ལེ༌, ཡང༌ ངའེ༌ ཉེ༌རང༌ངི༌ རྔ༌བོང༌གུན༌ནི༌ ཕིའང༌ ཆུ༌ ཁྱོང༌ཨིན༌ ཟེར༌ན༌, ཏེ༌ བུ༌མོ༌བོ༌ ཉེ༌རང༌ངི༌ ངའེ༌ སྤོན༌བོའེ༌ བུ༌ཚའེ༌ ཕིའ༌ ལྡམ༌མ༌ ཛད༌ཁན༌བོ༌ ཨིན༌ ཅུག༌ག༌ ཛད༌།" ' "
45 "མོས༌ལམ༌ ཞུ༌ཚར༌རི༌ སང༌ སྔུན༌ལ༌ ར༌བེ༌ཀའེ༌ ཁོ༌རང༌ངི༌ ཆུ༌ནོད༌པོ༌ སྤུང༌པའེ༌ཀ༌ ཁུར༌ཏེ༌ ཡོངས༌ ཡང༌ ཐུར༌ལ༌ ཆུ༌དོང༌ ཡོད༌ས༌ སོང༌ཏེ༌ ཆུ༌ ཕིངས༌། ངའེ༌ ཁོའ༌ ཟེར༌པིན༌, 'ཇུ༌ཇུ༌ ངའ༌ ཆུ༌ ཐུང༌ཅེས༌ཤིག༌ སལ༌ལའང༌།' "
46 "ཁོའེ༌ ཏེན༌ན༌མལ༌ལ༌ ཁོ༌རང༌ངི༌ ཆུ༌ནོད༌པོ༌ སྤུང༌པའེ༌ ཀ༌ནེ༌ ཕབས༌ཏེ༌ 'དོན༌ལེ༌ ཡང༌ ངའེ༌ ཉེ༌རང༌ངི༌ རྔ༌བོང༌ངི༌ ཕིའང༌ ཆུ༌ ཁྱོང༌ཨིན༌' ཟེར༌ར༌རག༌། ཏེ༌ནེ༌ ངའེ༌ ཐུངས༌པིན༌, ཡང༌ ཁོའེ༌ རྔ༌བོང༌གུན༌ལ༌ ཆུ༌ ཏངས༌།"
47 "ངའེ༌ ཏྲིས༌པིན༌, 'ཁྱོ༌རང༌ སུའི༌ བུ༌མོ༌ ཨིན༌?" ཁོའེ༌ ལན༌ཏངས༌, 'ང༌ ནི༌ ན༌ཧོར༌ དང༌ མིལ༌ཀའེ༌ བུ༌ཚ༌ བེ༌ཐུལ༌ལི༌ བུ༌མོ༌ ཨིན༌།' ངའེ༌ ཁོའ༌ སྣ༌ཁུང༌ངི༌ཀ༌ སྟག༌ཅེས༌ ཀིལ༌དིར༌ དང༌ ལག༌པའ༌ ལྡུ༌གུ༌གུན༌ ཏགས༌པིན༌། 48 ཏེ༌ནེ༌ ངའེ༌ པིག༌དོང༌ ཙུགས༌ཏེ༌ ཡ༌ཝའ༌ ཅོལ༌པིན༌, ངའེ༌ ང༌རང༌ངི༌ སྤོན༌བོ༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌ ཡ༌ཝ༌ སྟོད༌པ༌ ཕུལ༌པིན༌། ཁོང༌ངི༌ ང༌ ངའེ༌ སྤོན༌བོའེ༌ ཉེན༌གྲུང༌གུན༌ནི༌ ཕྲོའ༌ ཁ༌དྲང༌ང༌ ཁྱོང༌ང༌ ཛད༌ཏེ༌ ཁོང༌ངི༌ བུ༌ཚའེ༌ ན༌མའེ༌ ཕིའ༌ ཁོང༌ངི༌ ནོའེ༌ ཚ༌མོ༌ ལྡམ༌མ༌ ཛདས༌། 49 ཏ༌ ང༌ ཤོད༌དའང༌ ཁྱོ༌ཞའེ༌ ངའེ༌ སྤོན༌བོའ༌ ཐུག༌རྗེ༌ དང༌ ཨིད༌ཤེས༌ཅན༌ ཨིན༌ཁན༌ ལྟན༌ཨིན༌ན༌ ཡ༌ མི༌ལྟན, གལ༌ཏེས༌ མ༌ལྟན༌ན༌ ཏེན༌ནེ༌ འི༌ སྟིང༌ནེ༌ ཅོ༌གོ༌ཤེས༌པོ༌ ངའ༌ ཧ༌གོ༌ཨིན༌།"
50 ལ༌བན༌ དང༌ བེ༌ཐུལ༌ལི༌ ལན༌ཏངས༌, "འི༌གུན༌ ཡ༌ཝའེ༌ ཆོགས༌ནེ༌ ཨིན༌ པ༌སང༌, ང༌ཞའ༌ ཐག༌ཅད༌ ཏང༌ཅེས༌སི༌ ཝང༌ཆ༌ མེད༌། 51 ར༌བེ༌ཀ༌ ཉེ༌རང༌ངི༌ དུན༌ནེ༌, ཉེ༌རང༌ངི༌ སྤོན༌བོའེ༌ བུ༌ཚའ༌ ན༌མ༌ ཅོ༌ཅེས༌ལ༌ ཁོ༌ ཉེ༌རང༌ ཉམ༌པོ༌ ཁྱེར༌ར༌ཛད༌, ཀ༌ཟུག༌ ཡ༌ཝ༌ ཐག༌ཅདས༌།"
52 ཏེ༌བོ༌ ཚོར༌ར༌ཅིག༌, ཨབ༌ར༌ཧམ༌མི༌ ཡོག༌པོའེ༌ པིག༌དོང༌ ཙུགས༌ཏེ༌ ཡ༌ཝའ༌ ཅོལས༌། 53 ཏེ༌ནེ༌ ཁོའེ༌ མུལ༌ དང༌ སེར༌རི༌ གྱན༌ཆ༌ དང༌ ཀོས༌ལག༌ གུན༌ ཁྱོངས༌ཏེ༌ ར༌བེ༌ཀ༌ ཏངས༌། བུ༌མོའེ༌ ཨ༌ཅོ༌ དང༌ ཨ༌མའ༌ ཁོའེ༌ སྟགས༌ རིན༌ཅན༌གུན༌ ཏངས༌། 54 ཏེ༌ནེ༌ ཨབ༌ར༌ཧམ༌མི༌ ཡོག༌པོ༌ དང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ནི༌ མི༌གུན༌ནི༌ ཟན༌ ཟོས༌ ཡང༌ ཐུངས༌ ཡང༌ ཚན༌ལ༌ ཏེ༌རུ༌ དུགས༌།
ཐོ༌རེ༌ཟུག༌པོ༌ ང༌ཏོག༌ ཁོང༌གུན༌ ལངས༌ཏེ༌ ཁོའེ༌ ཟེརས༌, "ང༌ ང༌རང༌ངི༌ སྤོན༌བོ༌ ཡོད༌ས༌ ལོགས༌ཏེ༌ ཆ༌ཅུག༌།"
55 ཨིན༌ནའང༌ ར༌བེ༌ཀའེ༌ ཨ༌ཅོ༌ དང༌ ཨ༌མའེ༌ ཟེརས༌, "ཁོ༌ ང༌ཞའ༌ ཉམ༌པོ༌ ཞག༌མ༌ རྕུ༌ དུག༌ཅུག༌ག༌ཛད༌, ཏེ༌སྟིང༌ནེ༌ ཁོ༌ ཆ༌ནའང༌ གྲིག༌།"
56 ཨིན༌ནའང༌ ཁོའེ༌ ཟེརས༌, "ཡ༌ཝའེ༌ ངའེ༌ བེས༌པོ༌ ཁྲངས༌པོ༌ ཅོའ༌ ཛདས༌པ༌ ངའ༌ གོར༌ མ༌ཅུག༌ག༌ ངའེ༌ སྤོན༌བོ༌ ཡོད༌ས༌ ལོགས༌ཏེ༌ ཆ༌ཅུག༌ག༌ ཛད༌།"
57 ཁོང༌གུན༌ནི༌ ལན༌ཏངས༌, "བུ༌མོའ༌ བོད༌ཏེ༌ ཁོའེ༌ ཅི༌ ཟེར༌དུག༌ ལྟེན༌།" 58 ཏེ༌ནེ༌ ཁོང༌གུན༌ནི༌ ར༌བེ༌ཀ༌ བོད༌ཏེ༌ ཏྲིས༌, "ཁྱོ༌རང༌ འི༌ མི༌བོ༌ ཉམ༌པོ༌ ཆའ༌ ཐད༌ད༌རག༌ག༌?" ཁོའ༌ ལན༌ཏངས༌, "ང༌ ཆ༌ ཐད༌ད༌རག༌ལེ༌།"
59 ཏེ༌ནེ༌ ཁོང༌གུན༌ནི༌ ར༌བེ༌ཀ༌ དང༌ ཁོའ༌ ལྟ༌སྟོག༌ ཅོ༌ཁན༌ནི༌ ཡོག༌པོ༌ གུན༌ ཨབ༌ར༌ཧམ༌མི༌ ཡོག༌པོ༌ དང༌ ཁོའེ༌ མི༌གུན༌ ཉམ༌པོ༌ ལམ༌ཅུགས༌། 60 ཁོང༌གུན༌ནི༌ ར༌བེ༌ཀ༌ ཅིན༌ལབས༌ ཏངས༌ཏེ༌ ཟེརས༌, "ང༌ཞའེ༌ སྲིང༌མོ༌ ཁྱོ༌རང༌ སྟོང༌ཁྲག༌ མ༌ མང༌པོའེ༌ ཨ༌མ༌ གྱུར༌ཤིག༌། ཁྱོ༌རང༌ངི༌ པུར༌གྱུད༌གུན༌ནི༌ ཁོང༌རང༌ངི༌ གྲ༌འོའེ༌ གྱལ༌ས༌གུན༌ནི༌ཀ༌ ཝང༌སྲུལ༌ཤིག༌།"
61 ཏེ༌ནེ༌ ར༌བེ༌ཀ༌ དང༌ ཁོའེ༌ ཡ༌ཏོ༌ བུ༌མོ༌གུན༌ རྔ༌བོང༌ངི༌ཀ༌ ཞོན༌ཏེ༌ ཨབ༌ར༌ཧམ༌མི༌ ཡོག༌པོ༌ དང༌ ཁོའེ༌ མི༌གུན༌ ཉམ༌པོ༌ སོང༌། ཏེ༌ནེ༌ ཁོང༌གུན༌ ར༌བེ༌ཀ༌ ཁྲིད༌ཏེ༌ སོང༌།
62 ཏ༌ ཨི༌སཱག༌ ནེ༌གེཝ༌ ཡུལ༌ཇོངས༌སི༌ བེར༌ལ༌ཧཱའི༌རོའི༌ ཟེར༌སའེ༌ ནས༌སའེ༌ ནང༌ང༌ དུག༌གད༌པིན༌། 63 ཁོ༌ ཕི༌ཏོག༌ ཞིང༌ངི༌ཀ༌ གྲུལ༌ལ༌ལ༌ སོང༌ ཡང༌ ཀེན༌ལ༌ ལྟས༌པ༌ རྔ༌བོང༌གུན༌ ཡོང༌ང༌ ཐོང༌། 64 ར༌བེ༌ཀའེ༌ ཀེན༌ལ༌ ལྟས༌པ༌ ཨི༌སཱག༌ ཐོང༌ ཡང༌ ཁོ༌ རྔ༌བོང༌ངི༌ ཀ༌ནེ༌ བབས༌ཏེ༌ 65 ཨབ༌ར༌ཧམ༌མི༌ ཡོག༌པོའ༌ ཏྲིས༌, "ཞིང༌ངི༌ ཀ༌ནེ༌ གྲུལ༌ཨིན༌ ང༌དང༌ ཆོགས༌ལ༌ ཡོང༌ཁན༌ནི༌ མི༌བོ༌ སུ༌ ཨིན༌ནོག༌?"
ཁོའེ༌ ལན༌ཏངས༌, "ཁོང༌, ངའེ༌ སྤོན༌བོ༌ ཨིན༌ནོག༌།" ཏེ༌ནེ༌ བུ༌མོའེ༌ ལྡོང༌ སྐབ༌ཅེས༌པོ༌ ལེན༌ཏེ༌ ཁོ༌རང༌ངི༌ ལྡོང༌བོ༌ སྐབས༌།
66 ཡོག༌པོའེ༌ ཨི༌སཱག༌ག༌ ཁོའེ༌ ཅོ༌ཁན༌ ཚང༌མ༌ ཤདས༌། 67 ཏེ༌ནེ༌ ཨི༌སཱག༌གི༌ ར༌བེ༌ཀ༌ ཁོ༌རང༌ངི༌ ཨ༌མའེ༌ ཀུར༌རི༌ ནང༌ང༌ ཁྱོངས༌ ཡང༌ ཁོ༌ ཉམ༌པོ༌ ན༌མ༌ ཅོས༌། ཨི༌སཱག༌གི༌ ར༌བེ༌ཀ༌ ཡ༌ཤ༌ ཅོའད༌པིན༌ ཡང༌ ཁོ༌རང༌ངི༌ ཨ༌མ༌ ཀྲོངས༌ཏེ༌ སྟིང༌ནེ༌ ཁོའ༌ སེམས༌སོ༌ ཐོབ༌།