29
ཡ༌ཀོབ༌ པ༌དན༌ ཨ༌རམ༌མ༌ ལེབ༌།
1 ཡང༌སྐྱར༌ ཡ༌ཀོབ༌བི༌ ཁོ༌རང༌ངི༌ བེས༌པོ༌ གོ༌ཟུགས༌ ཡང༌ ཁོ༌ ཀེ༌ནན༌ནི༌ ཤར༌ ཆོགས༌ལ༌ ཡོད༌ཁན༌ནི༌ ས༌ཆའ༌ ལེབ༌། 2 ཁོའ༌ འ༌ཟམ༌ཤིག༌ནེ༌ ཆུ༌དོང༌ཞིག༌ ཐོང༌ ཀ༌བོའེ༌ དུན༌ལ༌ ལུག༌གི༌ ཁྱུ༌ སུམ༌ དུག༌པིན༌, ཅིའ༌ཟེར༌ན༌ ལུག༌གི༌ ཁྱུ༌གུན༌ལ༌ ཏེ༌ ཆུ༌དོང༌ནེ༌ ཆུ༌ ཏང༌ངད༌པིན༌། ཆུ༌དོང༌ངི༌ ཁའ༌བོའ༌ རྡོའ༌ ཆེན༌མོ༌ཞིག༌ ཀབས༌ཏེ༌ ཡོད༌པིན༌། 3 ལུག༌ཁྱུ༌ ཚང༌མ༌ ཏེ༌ཀ༌ ཛོམ༌མ༌ཅིག༌ ལུག༌རྫི༌གུན༌ནི༌ ཏེ༌ རྡོའ༌བོ༌ རིལ༌ཏེ༌ ལུག༌གུན༌ལ༌ ཆུ༌ ཏང༌ངད༌པིན༌། ཆུ༌ ཏང༌ ཚར༌ར༌ཅིག༌ རྡོའ༌བོ༌ ལོགས༌ཏེ༌ ཁའེ༌ཀ༌ ཀབ༌བད༌པིན༌།
4 ཡ༌ཀོབ༌བི༌ ཏེ༌ཀ༌ ཡོད༌ཁན༌ནི༌ ལུག༌རྫི༌གུན༌ལ༌ ཏྲིས༌, "ཛ༌འོ༌ ཁྱོ༌ཞ༌ ཀ༌ནེ༌ ཨིན༌?"
ཁོང༌གུན༌ནི༌ ལན༌ཏངས༌, "ང༌ཞའ༌ ཧ༌རན༌ནེ༌ ཨིན༌།"
5 ཁོའེ༌ ཏྲིས༌, "ཁྱོ༌ཞའེ༌ ན༌ཧོར༌རི༌ ཚ༌འོ༌ ལ༌བན༌ ཤེས༌ས༌ད༌?"
ཁོང༌གུན༌ནི༌ ལན༌ཏངས༌, "ང༌ཞའེ༌ ཁོ༌ ཤེས༌སད༌།"
6 ཁོའེ༌ ཏྲིས༌, "ཁོང༌ ཁམ༌ཟང༌ དུག༌ག༌?"
ཁོང༌གུན༌ནི༌ ལན༌ཏངས༌, "ཁོ༌ ཁམ༌ཟང༌ དུག༌, ལྟོས༌སའང༌ འ༌ནེ༌ ཁོའེ༌ བུ༌མོ༌ རེ༌ཅལ༌ ལུག༌ཁྱུ༌ ཉམ༌པོ༌ ཡོང༌ང༌ལ༌།"
7 ཡ༌ཀོབ༌བི༌ ཟེརས༌, "ཟིགས༌སའང༌, ཏ༌རུང༌ ཉི༌མའེ༌ སྐྱིལ༌དུག༌, ལུག༌ ཁྱུ༌ ཚང༌མ༌ ཅིའ༌ ཛོམ༌ ཅུག༌གད༌? ཁྱོ༌ཞའེ༌ ལུག༌གུན༌ལ༌ ཆུ༌ ཏངས༌ཏེ༌ རྩ༌ཟའ༌ལ༌ ལོགས༌ཏེ༌ ཁྱེར༌ར༌ མེད༌ད༌?"
8 ཁོང༌གུན༌ནི༌ ཟེརས༌, "ལུག༌ཁྱུ༌ ཚང༌མ༌ ཛོམ༌ཏེ༌ མ༌ནེ༌ ང༌ཞའེ༌ རྡོའ༌བོ༌ རིལ༌ཏེ༌ ལུག༌གུན༌ལ༌ ཆུ༌ ཏང༌ མི༌ཉན༌།"
9 ཁོང༌གུན༌ ཉམ༌པོ༌ ཡ༌ཀོབ༌ སྤེ༌ར༌ ཏང༌ཨིན༌ ཡོད༌ ཟ༌ནེ༌ རེ༌ཅལ༌ལི༌ ཚོ༌ཨིན༌ ཡོད༌ཁན༌ ཁོའེ༌ ཨ༌བའེ༌ ལུག༌ཁྱུ༌ ཉམ༌པོ༌ ཏེ༌ཀ༌ ལེབ༌། 10 ཡ༌ཀོབ༌བི༌ རེ༌ཅལ༌ ཁོའེ༌ ཨ༌ཞང༌ ལ༌བན༌ནི༌ ལུག༌ཁྱུ༌ ཉམ༌པོ༌ ཐོང༌ང༌ཅིག༌, ཁོ༌ ཆུ༌དོང༌ ཡོད༌ས༌ སོང༌ཏེ༌ རྡོའ༌བོ༌ རིལས༌ ཡང༌ ལུག༌གུན༌ལ༌ ཆུ༌ ཏངས༌། 11 ཏེ༌ནེ༌ ཁོའེ༌ རེ༌ཅལ༌ལ༌ པུག༌ ཏངས༌ ཡང༌ སྲན༌ཏྲེ༌ ངུས༌ ཅིའ༌ཟེར༌ན༌ ཁོ༌ མང༌པོ༌ ཐད༌། 12 ཁོའེ༌ རེ༌ཅལ༌ལ༌ ཁོ༌ ཁོའེ༌ ཉེན༌, ཁོའེ༌ ཨ༌བའེ༌ སྲིང༌མོ༌ ར༌བེ༌ཀའེ༌ བུ༌ཚ༌ ཨིན༌ ཟེརས༌། རེ༌ཅལ༌ བང༌ཏངས༌ཏེ༌ སོང༌ ཡང༌ ཨ༌བ༌ ཤདས༌།
13 ལ༌བན༌ལ༌ ཁོའེ༌ ཚ༌འོ༌ ཡ༌ཀོབ༌བི༌ སྐོར༌ལ༌ ཚོར༌ར༌ཅིག༌ ཁོ༌ བང༌ཏངས༌ཏེ༌ ཁོའ༌ ཐུག༌ག༌ལ༌ ཡོངས༌ ཡང༌ ཁྲིལ༌ཏེ༌ པུག༌ ཏངས༌། ཁོ༌ ཁྲིད༌ཏེ༌ ཁང༌པ༌ ཁྱོངས༌, ཏེ༌རུ༌ ཡ༌ཀོབ༌བི༌ ལ༌བན༌ལ༌ ཅི༌ཚང༌མ༌ ཤདས༌། 14 ལ༌བན༌ནི༌ ཟེརས༌, "ཁྱོ༌རང༌ ངའེ༌ ཤ༌ཁྲག༌ ཨིན༌ནོག༌།"
ཡ༌ཀོབ༌བི༌ ལི༌ཨ༌ དང༌ རེ༌ཅལ༌ ཉམ༌པོ༌ བག༌སྟོན༌ ཅོས༌།
"ཡ༌ཀོབ༌ ཏེ༌རུ༌ དུགས༌ཏེ༌ ཟླ༌ཝ༌ ཅིག༌གི༌ སྟིང༌ནེ༌, 15 ལ༌བན༌ནི༌ ཡ༌ཀོབ༌བ༌ ཟེརས༌, "ཁྱོ༌རང༌ ངའེ༌ ཉེན༌གྲུང༌ ཨིན༌ཅེས༌པོའེ༌ ཁྱོ༌རང༌ངི༌ ངའེ༌ ཕིའ༌ ཆོན༌ལ༌ ལས༌ ཅོ༌ མ༌གོས༌། ཟེར༌རའང༌ ཁྱོ༌རང༌ང༌ ལ༌ཆ༌ ཙམ༌ ཏང༌?" 16 ལ༌བན༌ལ༌ བུ༌མོ༌ ཉིས༌ ཡོད༌པིན༌, ཆེན༌མོ༌བོའ༌ ལི༌ཨ༌ ཡང༌ ཆུང༌ང༌བོའ༌ རེ༌ཅལ༌ ཟེར༌རད༌པིན༌། 17 ལི༌ཨའེ༌ མིག༌ མ༌ ལྡེ༌མོ༌ ཨིན༌ནའང༌ རེ༌ཅལ༌ལ༌ ཟུགས༌ ལྡེ༌མོ༌ དང༌ ཁོ༌ མ༌ཛེས༌མོ༌ ཡོད༌པིན༌། 18 ཡ༌ཀོབ༌ རེ༌ཅལ༌ལ༌ ཐད༌པ༌ ཁོའེ༌ ཟེརས༌, "ཉེ༌རང༌ངི༌ ང༌ རེ༌ཅལ༌ ཉམ༌པོ༌ བག༌སྟོན༌ ཅོ༌ཅུག༌ན༌ ངའེ༌ ཉེ༌རང༌ངི༌ ཕིའ༌ ལོ༌ རྡུན༌ ལས༌ ཅོ༌ཨིན༌།"
19 ལ༌བན༌ནི༌ ལན༌ཏངས༌, "ཞན༌མ༌ཞིག༌གི༌ སང༌ ངའེ༌ ཁོ༌ ཁྱོ༌རང༌ང༌ ཏང༌ན༌ གྱལ༌, འི༌རུ༌ ང༌ ཉམ༌པོ༌ དུག༌།" 20 རེ༌ཅལ༌ ཐོབ༌ཅེས༌ལ༌ ཡ༌ཀོབ༌བི༌ ལོ༌ རྡུན༌ ལ༌བན༌ནི༌ ཕིའ༌ ལས༌ ཅོས༌, ཡང༌ རེ༌ཅལ༌ལ༌ ཐད༌ཅེས༌པའེ༌ ཁོའ༌ ཏེ༌ ཏུས༌པོ༌ ཞག༌པོ༌ ཁ༌ཅིག༌ ཙོགས༌ ཚོར༌།
21 ཏེ༌ནེ༌ ཡ༌ཀོབ༌བི༌ ལ༌བན༌ལ༌ ཟེརས༌, "ཏུས༌པོ༌ ཚངས༌། ཏ༌ ང༌ ཉེ༌རང༌ངི༌ བུ༌མོ༌ ཉམ༌པོ༌ བག༌སྟོན༌ ཅོས༌ཏེ༌ ཁོ༌ ཉམ༌པོ༌ དུག༌ཅེས༌ལ༌ སལ༌།"
22 ཏེ༌ནེ༌ ལ༌བན༌ནི༌ ཁྱིམ༌ཚེས༌ ཚང༌མ༌ལ༌ བོད༌ཏེ༌ བག༌སྟོན༌ནི༌ གྲོན༌ ཏངས༌། 23 ཨིན༌ནའང༌ ཏེ༌ ཚན༌ལ༌ ལ༌བན༌ནི༌ ཁོའེ༌ བུ༌མོ༌ ལི༌ཨ༌ ཡ༌ཀོབ༌བ༌ ཏངས༌ ཡང༌ ཁོ༌ ཉམ༌པོ༌ ཡ༌ཀོབ༌བི༌ ལུས༌བྲེལ༌ ཅོས༌། 24 ལ༌བན༌ནི༌ ཁོ༌རང༌ངི༌ ཡོག༌མོ༌ ཟིལ༌པཧ༌, ཁོའེ༌ བུ༌མོ༌ ལི༌ཨ༌ ཡ༌ཏོ༌ ཚུལ༌ལ༌ ཏངས༌། 25 ང༌མོ༌ ཆའ༌ཅིག༌ ཡ༌ཀོབ༌བ༌ ལི༌ཨ༌ ཨིན༌ཁན༌བོ༌ ཤེས༌པ༌ ཁོའེ༌ ལ༌བན༌ལ༌ ཟེརས༌, "ཉེ༌རང༌ངི༌ འི༌བོ༌ ཅི༌ ཅོས༌ཏེ༌ ཨིན༌? ངའེ༌ རེ༌ཅལ༌ལི༌ ཕིའ༌ ལས༌ ཅོས༌པིན༌, ཅི༌ཕིའ༌ ཉེ༌རང༌ངི༌ ངའ༌ གོབ༌སྐོར༌ཏེ༌ ཨིན༌?"
26 ལ༌བན༌ནི༌ ལན༌ཏངས༌, "ང༌ཞའེ༌ ཡུལ༌ལི༌ ལུག༌སྲོལ༌ ནང༌ཞིན༌ བུ༌མོ༌ ཆུ༌ངུན༌བོ༌ ཆེན༌མོའེ༌སང༌ སྔུན༌ལ༌ ན༌མ༌ ཏང༌ང༌ མ༌ནོག༌། 27 འི༌ གའ༌སྟོན༌ནི༌ རྡུན༌ཞག༌པོ༌ ཚར༌ཅུག༌ ཏེ༌ནེ༌ ངའེ༌ ཁྱོ༌རང༌ང༌ རེ༌ཅལ༌ལའང༌ ཏང༌ཨིན༌, གལ༌ཏེས༌ ཁྱོ༌རང༌ངི༌ ངའེ༌ ཕིའ༌ ཡང༌ ལོ༌ རྡུན༌ ལས༌ ཅོ༌ན༌།"
28 ཡ༌ཀོབ༌བི༌ ཁའ༌ ཆམས༌ཏེ༌ གའ༌སྟོན༌ནི༌ རྡུན༌ཞག༌པོ༌ ཚར༌ཅུགས༌ ཏེ༌ནེ༌ ལ༌བན༌ནི༌ ཁོ༌རང༌ངི༌ བུ༌མོ༌ རེ༌ཅལ༌ ཁོའ༌ ན༌མའ༌ ཏངས༌། 29 ལ༌བན༌ནི༌ ཁོ༌རང༌ངི༌ ཡོག༌མོ༌ བིལ༌ལཧ༌ ཁོའེ༌ བུ༌མོ༌ རེ༌ཅལ༌ལ༌ ཡ༌ཏོ༌ ཚུལ༌ལ༌ ཏངས༌། 30 ཡ༌ཀོབ༌བི༌ རེ༌ཅལ༌ ཉམ༌པོའང༌ ལུས༌བྲེལ༌ ཅོས༌ ཡང༌ ཁོའེ༌ ཁོའ༌ ལི༌ཨ༌ སང༌ མང༌ང༌ ཡ༌ཤ༌ ཅོའད༌པིན༌། ཁོའེ༌ ལ༌བན༌ནི༌ ཕིའ༌ ཡང༌ ལོ༌ རྡུན༌ ལས༌ ཅོས༌།
31 ཡ༌ཝའེ༌ ཡ༌ཀོབ༌བི༌ ལི༌ཨ༌ ཡ༌ཤ༌ མི༌ཅོ༌ཅེས༌པོ༌ ཟིགས༌ཏེ༌ ཁོང༌ངི༌ ཁོའ༌ ཕྲུ༌གུ༌ ཇོར༌ ཅུག༌ག༌ ཛདས༌ ཨིན༌ནའང༌ རེ༌ཅལ༌ལ༌ ཕྲུ༌གུ༌ མ༌ཇོར༌། 32 ལི༌ཨ༌ སྐྱེ༌ཅེས༌མ༌ གྱུར༌ ཡང༌ བུ༌ཚ༌ཞིག༌ ཇོར༌། ཁོའེ༌ བུ༌ཚའེ༌ མིང༌ང༌ རུ༌བེན༌ *29:32 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ རུ༌བེན༌ནི༌ ཏོན༌ "ལྟོས༌སའང༌ བུ༌ཚ༌ཞིག༌" དང༌ "ཁོང༌ངི༌ ངའེ༌ རྡུག༌ངལ༌བོ༌ ཟིགས༌" ཉིས༌ ཡོད༌ཏེ༌ ཨིན༌ནོག༌། ཏགས༌ ཅིའ༌ཟེར༌ན༌ ཁོའེ༌ ཟེརས༌, "ཡ༌ཝའེ༌ ངའེ༌ རྡུག༌ངལ༌བོ༌ ཟིགས༌, ཏན༌ཏན༌ ཏ༌ ངའེ༌ མག༌པའེ༌ ངའ༌ ཡ༌ཤ༌ ཅོའ༌ནོག༌།"
33 ཁོ༌ ཡང༌སྐྱར༌ སྐྱེ༌ཅེས༌མ༌ གྱུར༌ཏེ༌ བུ༌ཚ༌ཞིག༌ ཇོར༌ ཡང༌ ཁོའེ༌ ཟེརས༌, "ང༌ ཡ༌ཤ༌ མ༌ཅོ༌ཁན༌བོ༌ ཡ༌ཝའེ༌ སན༌ཏེ༌ ངའ༌ འི༌ བུ༌ཚ༌བོའང༌ སལས༌།" ཁོའེ༌ བུ༌ཚའེ༌ མིང༌ང༌ སི༌མི༌འོན༌ †29:33 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ སི༌མི༌འོན༌ནི༌ ཏོན༌ "སན༌ན༌ ཛད༌ཁན༌" ཨིན༌ནོག༌། ཏགས༌།
34 ཡང༌སྐྱར༌ ཁོ༌ སྐྱེ༌ཅེས༌མ༌ གྱུར༌ཏེ༌ ཁོའ༌ བུ༌ཚ༌ཞིག༌ ཇོར༌། ཁོའེ༌ ཟེརས༌, "ཏ༌ ང༌ དང༌ ངའེ༌ མག༌པའེ༌ སེམས༌ ཉེ༌མོ༌ གྱུར༌ཨིན༌ ཅིའ༌ཟེར༌ན༌ ངའེ༌ ཁོའ༌ བུ༌ཚ༌ སུམ༌ སྐྱེ༌ཅུགས༌ཏེ༌ ཨིན༌ནོག༌།" ཁོའེ༌ བུ༌ཚའེ༌ མིང༌ང༌ ལི༌ཝི༌ ‡29:34 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ལི༌ཝིའི༌ ཏོན༌ "ཉེ༌མོའ༌" ཨིན༌ནོག༌། ཏགས༌།
35 ཏེ༌ནེ༌ ཁོ༌ ཡང༌སྐྱར༌ སྐྱེ༌ཅེས༌མ༌ གྱུར༌ ཡང༌ བུ༌ཚ༌ཞིག༌ ཇོར༌ ཡང༌ ཁོའེ༌ ཟེརས༌, "འི༌རེས༌ལ༌ ངའེ༌ ཡ༌ཝའ༌ སྟོད༌པ༌ ཕུལ༌ཨིན༌།" ཁོའེ༌ བུ༌ཚའེ༌ མིང༌ང༌ ཡ༌ཧུ༌དཱ༌ §29:35 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཡ༌ཧུ༌དཱ༌ ཏོན༌ "སྟོད༌པ༌" ཨིན༌ནོག༌། ཏགས༌། ཏེ༌སྟིང༌ནེ༌ ཁོའ༌ ཕྲུ༌གུ༌ མ༌ཇོར༌།
*29:32 29:32 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ རུ༌བེན༌ནི༌ ཏོན༌ "ལྟོས༌སའང༌ བུ༌ཚ༌ཞིག༌" དང༌ "ཁོང༌ངི༌ ངའེ༌ རྡུག༌ངལ༌བོ༌ ཟིགས༌" ཉིས༌ ཡོད༌ཏེ༌ ཨིན༌ནོག༌།
†29:33 29:33 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ སི༌མི༌འོན༌ནི༌ ཏོན༌ "སན༌ན༌ ཛད༌ཁན༌" ཨིན༌ནོག༌།
‡29:34 29:34 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ལི༌ཝིའི༌ ཏོན༌ "ཉེ༌མོའ༌" ཨིན༌ནོག༌།
§29:35 29:35 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཡ༌ཧུ༌དཱ༌ ཏོན༌ "སྟོད༌པ༌" ཨིན༌ནོག༌།