30
ཨིན༌ནའང༌ རེ༌ཅལ༌ལ༌ ཡ༌ཀོབ༌བི༌ ཕིའ༌ ཕྲུ༌གུ༌ ཅིག༌གའང༌ ཇོར༌ མ༌ཉན༌པ༌ ཁོ༌ ཁོ༌རང༌ངི༌ ཨ༌ཅེ༌ཀ༌ ཚིག༌ཅེས༌ ཡོངས༌ ཡང༌ ཡ༌ཀོབ༌བ༌ ཟེརས༌, "ངའ༌ ཕྲུ༌གུ༌ ཏོང༌ ཏེ༌ མ༌ནེ༌ ང༌ ཤི༌ཨིན༌།"
ཡ༌ཀོབ༌བ༌ རེ༌ཅལ༌ལི༌ཀ༌ སྲོ༌ ཡོངས༌ཏེ༌ ཟེརས༌, "ཅི༌ ང༌ དཀོན༌མཆོག༌ ཨིན༌ནོག༌ག༌? ཁོང༌ངི༌ ཁྱོ༌རང༌ང༌ ཕྲུ༌གུ༌ ཇོར༌ མ༌ཅུག༌ག༌ ཨིན༌ནོག༌།"
རེ༌ཅལ༌ལི༌ ཟེརས༌, "ངའེ༌ ཡོག༌མོ༌ བིལ༌ལཧ༌ ཉམ༌པོ༌ ཁྱོ༌རང༌ དུགས༌ཏེ༌ ངའེ༌ ཕིའ༌ ཕྲུ༌གུ༌ ཇོར༌ཅུག༌ ཡང༌ ཁོ༌ གྱུད༌ཏེ༌ ངའ༌ ཕྲུ༌གུ༌གུན༌ ཡོང༌ཨིན༌།"
ཏེ༌ནེ༌ ཁོའེ༌ ཁོ༌རང༌ངི༌ ཡ༌ཏོ༌ བིལ༌ལཧ༌ ཁོ༌རང༌ངི༌ མག༌པའ༌ ན༌མའེ༌ ཚུལ༌ལ༌ ཏངས༌ ཡང༌ ཁོའེ༌ ཁོ༌ ཉམ༌པོ༌ ལུས༌བྲེལ༌ ཅོས༌། ཁོ༌ སྐྱེ༌ཅེས༌མ༌ གྱུར༌ཏེ༌ ཡ༌ཀོབ༌བི༌ ཕིའ༌ བུ༌ཚ༌ཞིག༌ ཇོར༌། རེ༌ཅལ༌ལི༌ ཟེརས༌, "དཀོན༌མཆོག༌གི༌ ངའ༌ ཏམ༌ངན༌ནེ༌ ཕིང༌ང༌ ཛདས༌། ཁོང༌ངི༌ ངའེ༌ མོས༌ལམ༌བོ༌ སན༌ན༌ ཛད༌ཏེ༌ ང༌ བུ༌ཚ༌ཞིག༌ སལས༌།" ཏེ༌བོའེ༌ཕིའ༌ ཁོའེ༌ བུ༌ཚའེ༌ མིང༌ང༌ གྲེན༌ *30:6 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ གྲེན༌ནི༌ ཏོན༌ "ཆོགས༌སྐྱོར༌རི༌ ནང༌ང༌ ཐག༌ཅད༌ ཛད༌ཅེས༌" ཨིན༌ནོག༌། ཏགས༌། རེ༌ཅལ༌ལི༌ ཡ༌ཏོ༌ བིལ༌ལཧ༌ ཡང༌སྐྱར༌ སྐྱེ༌ཅེས༌མ༌ གྱུར༌ཏེ༌ ཡ༌ཀོབ༌བི༌ ཕིའ༌ བུ༌ཚ༌ ཉིས༌པ༌ ཇོར༌། རེ༌ཅལ༌ལི༌ ཟེརས༌, "ང༌ ང༌རང༌ངི༌ ཨ༌ཅེ༌ ཉམ༌པོ༌ སྲན༌ཏྲེ༌ ནོལ༌ གོས༌ ཨིན༌ནའང༌ ང༌ གྱལ༌ཁའ༌ ཐོབ༌།" ཏེ༌བོའེ༌ཕིའ༌ ཁོའེ༌ བུ༌ཚའེ༌ མིང༌ང༌ ནཕ༌ཐལ༌ལི༌ 30:8 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ནཕ༌ཐལ༌ལི༌ ཏོན༌ "ནོལ༌ཅེས༌" ཨིན༌ནོག༌། ཏགས༌།
ལི༌ཨ༌ ཕྲུ༌གུ༌ མི༌སྐྱེ༌ཅེས༌པོ༌ ཧ༌གོའ༌ཅིག༌ ཁོའེ༌ ཁོ༌རང༌ངི༌ ཡ༌ཏོ༌ ཟིལ༌པཧ༌ ཡ༌ཀོབ༌བ༌ ན༌མའེ༌ ཚུལ༌ལ༌ ཏངས༌། 10 ཏེ༌ནེ༌ ཟིལ༌པཧ༌ ཡ༌ཀོབ༌བི༌ ཕིའ༌ བུ༌ཚ༌ཞིག༌ ཇོར༌། 11 ལི༌ཨའེ༌ ཟེརས༌, "ང༌ སོ༌དེ༌ཅན༌ ཨིན༌ནོག༌།" ཏེ༌བོའེ༌ཕིའ༌ ཁོའེ༌ བུ༌ཚའེ༌ མིང༌ང༌ གཱད༌ 30:11 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ གཱད༌དི༌ ཏོན༌ "སོ༌དེ༌ཅན༌" ཨིན༌ནོག༌། ཏགས༌།
12 ལི༌ཨའེ༌ ཡ༌ཏོ༌ ཟིལ༌པཧ༌, ཡ༌ཀོབ༌བི༌ ཕིའ༌ ཡང༌ བུ༌ཚ༌ཞིག༌ ཇོར༌། 13 ཏེ༌ནེ༌ ལི༌ཨའེ༌ ཟེརས༌, "ང༌ མ༌ཐད༌པོ༌ རག༌། ཏ༌ བུ༌མོ༌གུན༌ནི༌ ངའ༌ སྐྱིད༌པོ༌ ཟེར༌ཨིན༌།" ཏེ༌བོའེ༌ཕིའ༌ ཁོའེ༌ བུ༌ཚའེ༌ མིང༌ང༌ ཨ༌ཤེར༌ §30:13 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨ༌ཤེར༌རི༌ ཏོན༌ "ཐད༌པོ༌" ཨིན༌ནོག༌། ཏགས༌།
14 གྲུའི༌ རྔབ༌སའེ༌ ཏུས༌ལ༌ རུ༌བེན༌ ཞིང༌ང༌ སོང༌ ཡང༌ ཁོའ༌ མེན༌གྲགས༌ ཟེར༌ཁན༌ནི༌ རྩཱ༌ ༼ཀ༌བོའེ༌ བུ༌མོ༌གུན༌ལ༌ ཕྲུ༌གུ༌ སྐྱེ༌ཅེས༌སི༌ ནང༌ང༌ རོགས༌ ཅོའ༌ནོག༌༽ ཐོབ༌པ༌ ཁོའེ༌ ཏེ༌བོ༌ ཁོ༌རང༌ངི༌ ཨ༌མ༌ ལི༌ཨ༌ ཕིའ༌ ཁྱོངས༌། རེ༌ཅལ༌ལི༌ ལི༌ཨ༌ ཟེརས༌, "ཇུ༌ཇུ༌ ངའ༌ ཉེ༌རང༌ངི༌ བུ༌ཚའེ༌ ཁྱོངས༌ཁན༌ནི༌ མེན༌གྲགས༌ ཙ༌པིག༌ སལ༌ལའང༌།"
15 ཨིན༌ནའང༌ ལི༌ཨའེ༌ ཟེརས༌, "ངའེ༌ མག༌པ༌ ཁྱེར༌ཏེ༌ ཁྱོ༌རང༌ མ༌ཚིམས༌ས༌? ཏ༌ ཁྱོ༌རང༌ངི༌ ངའེ༌ བུ༌ཚའེ༌ ཁྱོངས༌ཁན༌ནི༌ མེན༌གྲགས༌པོའང༌ ཁྱེར༌ཨིན༌ན༌།"
རེ༌ཅལ༌ལི༌ ཟེརས༌, "ཁྱོ༌རང༌ངི༌ ངའ༌ མེན༌གྲགས༌ ཏང༌ན༌ ཁྱོ༌རང༌ དི༌རིང༌ ཚན༌ལ༌ ཡ༌ཀོབ༌ ཉམ༌པོ༌ དུག༌ ཅུག༌ཨིན༌།"
16 ཕི༌ཏོག༌ ཡ༌ཀོབ༌ ཞིང༌ནེ༌ ཡོང༌ང༌ཅིག༌ ལི༌ཨ༌ ཁོའ༌ ཐུག༌ག༌ལ༌ ཕི༌ལོག༌ག༌ སོང༌ཏེ༌ ཟེརས༌, "དི༌རིང༌ ཉེ༌རང༌ ང༌ ཉམ༌པོ༌ དུག༌གོས༌ ཅིའ༌ཟེར༌ན༌ ངའེ༌ བུ༌ཚའེ༌ ཁྱོངས༌ཁན༌ནི༌ མེན༌གྲགས༌ རེ༌ཅལ༌ལ༌ ཏངས༌ཏེ༌ ངའེ༌ ཉེ༌རང༌ངི༌ ཕིའ༌ རིན༌ ཤལ༌ཏེ༌ ཨིན༌།" ཏེ༌བོའེ༌ཕིའ༌ ཁོ༌ ཏེ༌ ཚན༌ལ༌ ལི༌ཨ༌ ཉམ༌པོ༌ དུགས༌།
17 དཀོན༌མཆོག༌གི༌ ལི༌ཨའེ༌ མོས༌ལམ༌མ༌ ལན༌སལས༌ ཡང༌ ཁོ༌ སྐྱེ༌ཅེས༌མ༌ གྱུར༌ཏེ༌ ཡ༌ཀོབ༌བ༌ བུ༌ཚ༌ ལྔ༌པ༌ ཇོར༌། 18 ལི༌ཨའེ༌ ཟེརས༌, "ངའེ༌ ང༌རང༌ངི༌ ཡ༌ཏོ༌ ང༌རང༌ངི༌ མག༌པ༌ ན༌མའེ༌ ཚུལ༌ལ༌ ཏངས༌པ༌ དཀོན༌མཆོག༌གི༌ ངའ༌ སོལ༌རས༌ སལ༌ལ༌ ཛདས༌།" ཏེ༌བོའེ༌ཕིའ༌ ཁོ༌རང༌ངི༌ བུ༌ཚའེ༌ མིང༌ང༌ ཨིས༌ས༌ཁར༌ *30:18 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨིས༌ས༌ཁར༌རི༌ ཏོན༌ "སོལ༌རས༌" ཨིན༌ནོག༌། ཏགས༌།
19 ལི༌ཨ༌ ཡང༌སྐྱར༌ སྐྱེ༌ཅེས༌མ༌ གྱུར༌ ཡང༌ ཡ༌ཀོབ༌བི༌ ཕིའ༌ བུ༌ཚ༌ དྲུག༌པ༌ ཇོར༌། 20 ཁོའེ༌ ཟེརས༌, "དཀོན༌མཆོག༌གི༌ ངའ༌ སོལ༌རས༌ གྱལ༌ལ༌ཞིག༌ སལ༌ལ༌ ཛདས༌། ཏ༌ ངའེ༌ མག༌པའེ༌ ང༌ རྩི༌ཝ༌ ཅོའ༌ནོག༌ ཅིའ༌ཟེར༌ན༌ ངའེ༌ ཁོའ༌ བུ༌ཚ༌ དྲུག༌ ཇོར༌ ཅུགས༌ཏེ༌ ཨིན༌ནོག༌།" ཏེ༌བོའེ༌ཕིའ༌ ཁོའེ༌ བུ༌ཚའེ༌ མིང༌ང༌ ཟེ༌བུ༌ལོན༌ 30:20 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཟེ༌བུ༌ལོན༌ནི༌ ཏོན༌ "རྩི༌ཝ༌" ཨིན༌ནོག༌། ཏགས༌།
21 ཏེ༌སྟིང༌ནེ༌ ཁོའ༌ བུ༌མོ༌ཞིག༌ སྐྱེས༌ ཡང༌ ཁོའེ༌ མིང༌ང༌ དི༌ནཱ༌ ཏགས༌།
22 ཏེ༌ནེ༌ དཀོན༌མཆོག༌གི༌ རེ༌ཅལ༌ལ༌ སྣང༌ང༌ སལ༌ཏེ༌ ཁོའ༌ ཕྲུ༌གུ༌ ཇོར༌ ཅུག༌ག༌ ཛདས༌ 23 ཁོ༌ སྐྱེ༌ཅེས༌མ༌ གྱུར༌ ཡང༌ བུ༌ཚ༌ཞིག༌ ཇོར༌ཏེ༌ ཁོའེ༌ ཟེརས༌, "དཀོན༌མཆོག༌གི༌ ངའ༌ བུ༌ཚ༌ཞིག༌ སལ༌ཏེ༌ ངའ༌ ཕོག༌ཁན༌ནི༌ ཁྲེལ༌བ༌ མེད༌ཁན༌ ཛདས༌།" 24 ཁོའེ༌ ཁོ༌རང༌ངི༌ བུ༌ཚའེ༌ མིང༌ང༌ ཡོ༌སེབ༌ 30:24 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཡོ༌སེབ༌བི༌ ཏོན༌ "རྩག༌ཅེས༌" ཨིན༌ནོག༌། ཏགས༌ ཡང༌ ཟེརས༌, "དཀོན༌མཆོག༌གི༌ ངའ༌ ཡང༌ བུ༌ཚ༌ཞིག༌ སལ༌ཤིག༌།"
ཡ༌ཀོབ༌བི༌ གྱུ༌ནོར༌ ཕེལ༌།
25 ཡོ༌སེབ༌ སྐྱེས༌ཏེ༌ སྟིང༌ནེ༌ ཡ༌ཀོབ༌བི༌ ལ༌བན༌ལ༌ ཟེརས༌, "ང༌ ང༌རང༌ངི༌ ཁང༌པ༌ ལོགས༌ཏེ༌ ཆ༌ཉན༌ཅེས༌སི༌ ཕིའ༌ ངའ༌ ལམ༌ཅུག༌ག༌ ཛད༌།" 26 ཉེ༌རང༌ངི༌ ཕིའ༌ ལས༌ ཅོས༌ཏེ༌ ཐོབ༌ཁན༌ནི༌ ངའེ༌ ན༌མ༌ དང༌ ཕྲུ༌གུ༌ གུན༌ ངའ༌ སལ༌ ཏེ༌ནེ༌ ང༌ ཆེན༌། ངའེ༌ ཉེ༌རང༌ང༌ གྱལ༌ལ༌ ཞབ༌སྟོག༌ ཞུས༌ཁན༌བོ༌ ཉེ༌རང༌ང༌ གྱུས༌ཨིན༌ནོག༌།"
27 ལ༌བན༌ནི༌ ཁོའ༌ ཟེརས༌, "ངའ༌ འི༌བོ༌ ཟེར༌ཅུག༌, ཇའ༌དུ༌ གྱུད༌ཏེ༌ ང༌ ཧ༌གོ༌ ཁྱོ༌རང༌ངི༌ ཞས༌ཏེ༌ ཡ༌ཝའེ༌ ངའ༌ ཅིན༌ལབས༌ སལ༌ལ༌ ཛདས༌, ཇུ༌ཇུ༌ འི༌རུ༌ ང༌ ཉམ༌པོ༌ ཞུགས༌།" 28 ཁོའེ༌ ཟེརས༌, "ཁྱོ༌རང༌ངི༌ ཟེར༌ཁན༌ནི༌ ལ༌ཆ༌ ངའེ༌ ཁྱོ༌རང༌ང༌ ཏང༌ཨིན༌།"
29 ཡ༌ཀོབ༌བི༌ ལན༌ཏངས༌, "ཉེ༌རང༌ངི༌ ཕིའ༌ ལས༌ ཅོས༌ཏེ༌ ངའེ༌ ལྟ༌སྟོག༌གི༌ ནང༌ང༌ ཉེ༌རང༌ངི༌ སེམས༌ཅན༌ མང༌པོ༌ ཕེལ༌ཁན༌བོ༌ ཉེ༌རང༌ང༌ གྱུས༌ཨིན༌ནོག༌། 30 ངའ༌ ཡོང༌ངི༌ སང༌ སྔུན༌ལ༌ ཉེ༌རང༌ང༌ ཉུ༌ངུན༌ ཡོད༌ཁན༌བོ༌ མང༌པོ༌ ཕེལ༌ཏེ༌ ཡ༌ཝའེ༌ ངའེ༌ ལས༌ ཅོ༌ཁན༌ ཚང༌མའེ༌ ནང༌ང༌ ཉེ༌རང༌ང༌ ཅིན༌ལབས༌ སལས༌། ཏ༌ ངའེ༌ ང༌རང༌ངི༌ ནང༌ཚངས༌སི༌ ཕིའང༌ ལས༌ ཅོ༌ཅེས༌སི༌ ཏུས༌པོ༌ ཨིན༌ནོག༌།"
31 ལ༌བན༌ནི༌ ཟེརས༌, "ངའེ༌ ཁྱོ༌རང༌ང༌ ཙམ༌ཤིག༌ ཏང༌གོས༌?"
ཡ༌ཀོབ༌བི༌ ལན༌ཏངས༌, "ངའ༌ ཅའང༌ མ༌ ཏང༌ནའང༌ གྲིག༌། གལ༌ཏེས༌ ཉེ༌རང༌ངི༌ འི༌བོ༌ ཅོ༌ན༌ ངའེ༌ ཏ༌རུང༌ངའང༌ ཉེ༌རང༌ངི༌ ཁྱུ༌ ཚང༌མ༌ ལྟ༌སྟོག༌ ཅོ༌ཨིན༌། 32 དི༌རིང༌ ང༌ ཉེ༌རང༌ངི༌ ཁྱུ༌ ཚང༌མའེ༌ ནང༌ང༌ སོང༌ཏེ༌ ལུ༌གུ༌ ནག༌པོ༌, ལུག༌ དང༌ ར༌མ༌ ནག༌ཐིག༌ དང༌ ཁྲ༌འོ༌ ཚང༌མ༌ ཕེས༌ཏེ༌ ཁྱེར༌ཨིན༌། ཏེ༌གུན༌ ངའེ༌ ལ༌ཆ༌བོ༌ ཨིན༌། 33 ཉེ༌རང༌ སྐྱོད༌ཏེ༌ ངའ༌ ལ༌ཆ༌ ཐོབ༌ཁན༌གུན༌ལ༌ ལྟའ༌ཅིག༌ ང༌ དྲང༌པོ༌ ཨིན༌ན༌ མན༌ ཉེ༌རང༌ང༌ གྱུས༌ ཆ༌ཉན༌ཅེས༌ ཨིན༌ནོག༌། གལ༌ཏེས༌ ངའེ༌ ཁྱུའི༌ ཕྲོའ༌ ཉེ༌རང༌ང༌ ར༌མ༌ ཁྲ༌འོ༌ ཡ༌ ནག༌ཐིག༌ མན༌ཁན༌ ཡ༌ ལུག༌ ནག༌པོ༌ མན༌ཁན༌ ཐོང༌ན༌ ཏེ༌གུན༌ ངའེ༌ རྐུས༌ཏེ༌ ཨིན༌ཁན༌ ཉེ༌རང༌ང༌ གྱུས༌ཆེན༌།"
34 ལ༌བན༌ནི༌ ལན༌ཏངས༌, "ཁྲིག༌རག༌, ཁྱོ༌རང༌ངི༌ ཟེར༌ཁན༌བོ༌ ཅོ༌ཨིན༌།" 35 ཨིན༌ནའང༌ ཏེ༌ ཞག༌ག༌ ལ༌བན༌ནི༌ ར༌མ༌ དང༌ ར༌བོ༌ ནག༌ཐིག༌ དང༌ ཁྲ༌འོ༌ ཚང༌མ༌ ཡང༌ ལུ༌གུ༌ ནག༌པོ༌ ཚང༌མའང༌ ཁྱུའི༌ ཕྲོ༌ནེ༌ ཕེས༌ཏེ༌ ཐེནས༌ ཡང༌ ཁོ༌རང༌ངི༌ བུ༌ཚ༌གུན༌ ཏེ༌གུན༌ནི༌ ལྟ༌སྟོག༌ ཅོའ༌ བོརས༌། 36 ཏེ༌ནེ༌ ཁོའེ༌ ཏེ༌ ཁྱུ༌བོ༌ ཞག༌མ༌ སུམ༌ གྲུལ༌ཏེ༌ ལེབ༌ཅེས༌ ཟམ༌ཤིག༌ ཐག༌རིང༌ངི༌ ནས༌ས༌ ཞིག༌ག༌ ཁྱེརས༌། ཡ༌ཀོབ༌བི༌ ལ༌བན༌ནི༌ ལུས༌ཁན༌ནི༌ ཁྱུ༌བོའེ༌ ལྟ༌སྟོག༌ ཅོས༌།
37 ཡ༌ཀོབ༌བི༌ ཡར༌པ༌, བ༌དམ༌ དང༌ ཞན༌ ལྕང༌མ༌ གུན༌ནི༌ ཡལ༌ག༌ ཅདས༌ ཡང༌ པར༌པར༌ནེ༌ པགས༌པ༌ ཀོགས༌ཏེ༌ ཏེ༌གུན༌ ཁྲ༌འོ༌ ཅོས༌། 38 ཁོའེ༌ ཏེ༌ ཡལ༌ག༌ ཚང༌མ༌ ར༌ལུག༌གུན༌ ཆུ༌ཐུང༌སའེ༌ ཞོང༌པའེ༌ དུན༌ལ༌ ཁྱུ༌ ཕྲོའ༌ བོརས༌, ཅིའ༌ཟེར༌ན༌ སེམས༌ཅན༌གུན༌ ཆུ༌ ཐུང༌ ཟ༌ནེ༌ ཛོམས༌ཏེ༌ གྱུད༌སྤེལ༌ ཅོའད༌པིན༌། 39 ཏེ༌ནེ༌ ཏེ༌ཀ༌ ཛོམ༌ཁན༌ནི༌ ར༌ལུག༌གུན༌ལ༌ སྐྱེ༌ཁན༌ནི༌ རི༌གུ༌ དང༌ ལུ༌གུ༌གུན༌ ཁྲ༌འོ༌ ཡ༌ ནག༌ཐིག༌ ཅན༌ ཡོད༌པིན༌། 40 ཡ༌ཀོབ༌བི༌ ཏེ༌ ལུ༌གུ༌གུན༌ སོ༌སོའ༌ ཕེས༌ ཡང༌ ལུས༌ཁན༌ནི༌ ལུག༌གུན༌ ལ༌བན༌ནི༌ ཁྱུ༌ ནག༌པོ༌ དང༌ ཁྲ༌འོ༌ སེམས༌ཅན༌གུན༌ནི༌ ཆོགས༌ལ༌ ལྟ༌ ཅུགས༌ཏེ༌ བོརས༌། འིན༌ན༌ཟུག༌གི༌ ཁོའེ༌ ཁོ༌རང༌ངི༌ ཕིའ༌ ར༌ལུག༌གི༌ ཁྱུ༌ སོ༌སོ༌ ཅོས༌ ཡང༌ ཏེ༌གུན༌ ལ༌བན༌ནི༌ ཁྱུ༌གུན༌ ཉམ༌པོ༌ སྲེ༌ མ༌སྲེས༌། 41 ལུག༌ ཤེད༌ཅན༌ ཚང༌མ༌ གྱུད༌སྤེལ༌ལི༌ ཕིའ༌ གྲལ༌གྲིག༌ ཡོད༌ ཟ༌ནེ༌ ཡ༌ཀོབ༌བི༌ ཡལ༌ག༌ ཚང༌མ༌ ཏེ༌གུན༌ནི༌ མིག༌ནེ༌ ཐོང༌སའེ༌ ཆུའི༌ ཞོང༌པའེ༌ དུན༌ལ བོརས༌ ཀ༌རུ༌ ཏེ༌གུན༌ནི༌ གྱུད༌སྤེལ༌ ཅོ༌ཨིན༌། 42 ཨིན༌ནའང༌ ཁོའེ༌ ཁྱུ༌ འུ༌ཐུགས༌གུན༌ནི༌ དུན༌ལ༌ ཡལ༌ག༌ མ༌བོརས༌། ཏེན༌ན༌བོའེ༌ཕིའ༌ ལ༌བན༌ལ༌ ར༌ལུག༌གི༌ ཁྱུ༌ འུ༌ཐུགས༌ ཚང༌མ༌ ཐོབ༌ ཡང༌ ཡ༌ཀོབ༌བ༌ ཤེད༌ཅན༌ ཚང༌མ༌། 43 འིན༌ན༌ཟུག༌གི༌ ཡ༌ཀོབ༌ མའ༌ ཆུག༌པོ༌ གྱུར༌། ཁོའ༌ ར༌ལུག༌གི༌ ཁྱུ༌, རྔ༌བོང༌ དང༌ བུང༌བུ༌ མང༌པོ༌ ཡང༌ ཡོག༌པོའང༌ མང༌པོ༌ ཡོད༌པིན༌།

*30:6 30:6 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ གྲེན༌ནི༌ ཏོན༌ "ཆོགས༌སྐྱོར༌རི༌ ནང༌ང༌ ཐག༌ཅད༌ ཛད༌ཅེས༌" ཨིན༌ནོག༌།

30:8 30:8 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ནཕ༌ཐལ༌ལི༌ ཏོན༌ "ནོལ༌ཅེས༌" ཨིན༌ནོག༌།

30:11 30:11 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ གཱད༌དི༌ ཏོན༌ "སོ༌དེ༌ཅན༌" ཨིན༌ནོག༌།

§30:13 30:13 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨ༌ཤེར༌རི༌ ཏོན༌ "ཐད༌པོ༌" ཨིན༌ནོག༌།

*30:18 30:18 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨིས༌ས༌ཁར༌རི༌ ཏོན༌ "སོལ༌རས༌" ཨིན༌ནོག༌།

30:20 30:20 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཟེ༌བུ༌ལོན༌ནི༌ ཏོན༌ "རྩི༌ཝ༌" ཨིན༌ནོག༌།

30:24 30:24 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཡོ༌སེབ༌བི༌ ཏོན༌ "རྩག༌ཅེས༌" ཨིན༌ནོག༌།