37
ཡོ༌སེབ༌བི༌ ཉི༌ལམ༌།
ཡ༌ཀོབ༌ ཀེ༌ནན༌ནི༌ ནང༌ང༌ ཁོའེ༌ ཨ༌བ༌ དུག༌སའེ༌ ཏེན༌ན༌ ཡུལ༌ལ༌ དུགས༌། ཡང༌ འི༌བོ༌ ཡ༌ཀོབ༌བི༌ ནང༌ཚངས༌སི༌ ལོ༌རྒྱུས༌ ཨིན༌ནོག༌། ཡོ༌སེབ༌ ལོ༌ ཅུབ༌དུན༌ ཆའ༌ཁན༌ནི༌ ཞོན༌ནུ༌, ཁོའེ༌ ཨ༌བའེ༌ ན༌མ༌ བིལ༌ལཧ༌ དང༌ ཟིལ༌པཧའེ༌ བུ༌ཚ༌ ཁོ༌རང༌ངི༌ ཨ༌ཅོ༌གུན༌ ཉམ༌པོ༌ ར༌ལུག༌ ཚོའད༌པིན༌, ཨ༌ཅོ༌གུན༌ནི༌ ལས༌ ངན༌པ༌ ཅོ༌ཁན༌ཞིག༌གི༌ སྐོར༌ ཁོའེ༌ ཨ༌བ༌ ཤདས༌།
ཡ༌ཀོབ༌བི༌ ཡོ༌སེབ༌བ༌ ཁོ༌རང༌ངི༌ ཞན༌ བུ༌ཚ༌གུན༌ནི༌ སང༌ མང༌ང༌ ཡ༌ཤ༌ ཅོའད༌པིན༌ ཅིའ༌ཟེར༌ན༌ ཁོ༌ སྒས༌ཏེ༌ ཡོད༌ ཟ༌ནེ༌ ཡོ༌སེབ༌ སྐྱེས༌ཏེ༌ ཨིན༌པིན༌། ཁོའེ༌ ཡོ༌སེབ༌བི༌ ཕིའ༌ མིག༌སལ༌ ཀོས༌ཤིག༌ ཙེམ༌ཅུགས༌། ཁོའེ༌ ཨ༌ཅོ༌གུན༌ནི༌ ཁོང༌གུན༌ནི༌ ཨ༌བའེ༌ ཡོ༌སེབ༌བ༌ ཚང༌མའེ༌སང༌ མང༌ང༌ ཡ༌ཤ༌ ཅོ༌ཅེས༌པོ༌ ཐོང༌ང༌ཅིག༌, ཁོང༌གུན༌ནི༌ ཁོའ༌ ནཕ༌རད༌ ཅོས༌ཏེ༌ ཁོ༌ ཉམ༌པོ༌ སྤེ༌ར༌ ལྡེ༌མོའ༌ ཏང༌ང༌ མེད༌པིན༌།
ཡོ༌སེབ༌བ༌ ཉི༌ལམ༌ཞིག༌ ཐོང༌ ཡང༌ ཁོའེ༌ ཏེ༌བོ༌ ཁོ༌རང༌ངི༌ ཨ༌ཅོ༌གུན༌ལ༌ ཤད༌ད༌ཅིག༌ ཁོང༌གུན༌ནི༌ ཁོའ༌ མང༌ང༌ ནཕ༌རད༌ ཅོས༌། ཁོའེ༌ ཁོང༌གུན༌ལ༌ ཟེརས༌, "ང༌ ཐོང༌ཁན༌ནི༌ ཉི༌ལམ༌བོའ༌ ཉོན༌ནའང༌། ང༌དང༌ ཚང༌མའེ༌ ཞིང༌ངི༌ཀ༌ གྲུའི༌ ཞིང༌གུན༌ ལྡམ༌ དུག༌པིན༌། ངའེ༌ གྲུའི༌ ཞིང༌བོ༌ ཀྲོང༌ལངས༌ ཡང༌ ཏེ༌བོའ༌ ཁྱོ༌ཞ༌གུན༌ནི༌ གྲུའི༌ ཞིང༌གུན༌ ཁོར༌ཏེ༌ གོ༌ སྒུས༌ཏེ༌ དུག༌པིན༌།" ཁོའེ༌ ཨ༌ཅོ༌གུན༌ནི༌ ཟེརས༌, "ཅི༌ ཁྱོ༌རང༌ངི༌ ང༌ཞ༌གུན༌ནི༌ཀ༌ ཝང༌སྲུལ༌ཨིན༌ སམ༌མ༌ རག༌ག༌? ཏེ༌བོའེ༌ཕིའ༌ ཁོའེ༌ ཟེར༌ཁན༌ དང༌ ཉི༌ལམ༌བོའེ༌ ཞས༌ཏེ༌ ཁོང༌གུན༌ནི༌ ཁོའ༌ མང༌ང༌ ནཕ༌རད༌ ཅོས༌།
ཏེ༌ནེ༌ ཡོ༌སེབ༌བ༌ ཡང༌ ཉི༌ལམ༌ཞིག༌ ཐོང༌ ཡང༌ ཁོའེ༌ ཨ༌ཅོ༌གུན༌ལ༌ ཟེརས༌, "ཉོན༌ཤིག༌གའང༌, ང༌ ཡང༌ ཉི༌ལམ༌ ཞིག༌གི༌ ནང༌ང༌ ཉི༌མ༌, ཟླ༌ཝ༌, ཡང༌ སྐར༌མ༌ ཅུག༌ཤིག༌ གུན༌ནི༌ ངའེ༌ དུན༌ལ༌ གོ༌ སྒུ༌ཨིན༌ ཐོང༌།"
10 ཁོའེ༌ ཉི༌ལམ༌བོ༌ ཁོ༌རང༌ངི༌ ཨ༌བའང༌ ཤདས༌པ༌ ཨ༌བའེ༌ ཁོའ༌ ཁའ༌སྐྱེས༌ཏེ༌ ཟེརས༌, "ཁྱོ༌རང༌ང༌ ཐོང༌ཁན༌ནི༌ ཉི༌ལམ༌བོ༌ ཅི༌ ཨིན༌ནོག༌? ཅི༌ ཁྱོ༌རང༌ངི༌ ཨ༌མ༌, ཨ༌ཅོ༌ནོ༌གུན༌ དང༌ ངའེ༌ ཁྱོ༌རང༌ངི༌ དུན༌ལ༌ གོ༌ སྒུ༌ཨིན༌ན༌? 11 ཡོ༌སེབ༌བི༌ ཨ༌ཅོ༌གུན༌ལ༌ ཁོའེ༌ཀ༌ ཚིག༌ཅེས༌ ཡོངས༌, ཨིན༌ནའང༌ ཁོའེ༌ ཨ༌བའེ༌ ཏེ༌ ཚང༌མའེ༌ སྐོར༌ལ༌ སམ༌བ༌ ཏང༌ཨིན༌ དུགས༌།
ཡོ༌སེབ༌བི༌ ཨ༌ཅོ༌གུན༌ནི༌ ཁོ༌ ཙོངས༌།
12 ཡོ༌སེབ༌བི༌ ཨ༌ཅོ༌གུན༌ ཤེ༌ཀེམ༌མ༌ ཁོ༌རང༌གུན༌ནི༌ ཨ༌བའེ༌ ར༌ལུག༌གི༌ ཁྱུ༌གུན༌ ཚོའ༌ སོང༌ཏེ༌ ཡོད༌ཏུས༌, 13 ཡ༌ཀོབ༌བི༌ ཡོ༌སེབ༌བ༌ ཟེརས༌, "ཁྱོ༌རང༌ངི༌ ཨ༌ཅོ༌གུན༌ ཤེ༌ཀེམ༌མི༌ ནང༌ང༌ ར༌ལུག༌ ཚོ༌ཨིན༌ ཡོད༌ཁན༌བོ༌ ཁྱོ༌རང༌ང༌ གྱུས༌ ཨིན༌ནོག༌། ཡོང༌, ངའེ༌ ཁྱོ༌རང༌ ཁོང༌གུན༌ ཡོད༌ས༌ ལམ༌ ཅུག༌གད༌།"
ཡོ༌སེབ༌བི༌ ལན༌ཏངས༌, "ང༌ ཆ༌ཅེས༌ལ༌ གྲལ༌གྲིག༌ ཨིན༌ལེ༌།"
14 ཁོའེ༌ ཨ༌བའེ༌ ཟེརས༌, "ཁྱོ༌རང༌ངི༌ ཨ༌ཅོ༌གུན༌ དང༌ ར༌ལུག༌གུན༌ ཁམ༌ཟང༌ དུག༌ག༌ མི༌དུག༌ ལྟའ༌ སོང༌ཏེ༌ ངའ༌ ཁོང༌གུན༌ནི༌ སྐོར༌ལ༌ ནས༌ཚུལ༌ ཁྱོང༌།" ཏེ༌ནེ༌ ཁོའེ༌ ཡོ༌སེབ༌ ཧེབ༌རོན༌ནི༌ ལུང༌པ༌ནེ༌ ལམ༌ཅུགས༌།
ཡོ༌སེབ༌ ཤེ༌ཀེམ༌མ༌ ལེབ༌བ༌ཅིག༌, 15 མི༌ཞིག༌གི༌ ཁོ༌ སྤང༌ཐང༌གུན༌ནི༌ ནང༌ང༌ ཁོར༌ཨིན༌ ཐོང༌ཏེ༌ ཏྲིས༌, "ཁྱོ༌རང༌ངི༌ ཅི༌ ཙལ༌ལད༌?"
16 ཁོའེ༌ ཟེརས༌, "ངའེ༌ ང༌རང༌ངི༌ ཨ༌ཅོ༌གུན༌ ཙལ༌ལད༌། ཇུ༌ཇུ༌ ང༌ ཤོད༌དའང༌ ཁོང༌གུན༌ནི༌ ར༌ལུག༌གུན༌ ཀ༌རུ༌ ཚོ༌ཨིན༌ དུག༌?"
17 མི༌བོའེ༌ ཟེརས༌, "ཁོང༌གུན༌ སོང༌ཚར༌། ཁོང༌གུན༌ནི༌ 'ང༌དང༌ དོ༌ཐན༌ལ༌ ཆེན༌' ཟེར༌ཨིན༌ ངའེ༌ ཚོར༌།" ཏེ༌བོའེ༌ཕིའ༌ ཡོ༌སེབ༌ ཁོ༌རང༌ངི༌ ཨ༌ཅོ༌གུན༌ནི༌ སྟིང༌རང༌ནེ༌ དོ༌ཐན༌ལ༌ སོང༌ ཡང༌ ཁོང༌གུན༌ ཐོབ༌། 18 ཁོང༌གུན༌ནི༌ ཐག༌རིང༌ནེ༌ ཡོ༌སེབ༌ ཡོང༌ཨིན༌ ཐོང༌ ཡང༌ ཁོ༌ དུན༌ལ༌ ལེབ༌བི༌ སང༌ སྔུན༌ལ༌ ཁོང༌གུན༌ནི༌ ཁོ༌ སད༌ཅེས༌སི༌ ཅུས༌ངན༌ ལྡིངས༌།
19 ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, "འི༌ནེ༌ ཉི༌ལམ༌མི༌ གྱལ༌པོ༌ ཡོང༌ང༌ལ༌། 20 ཡོང༌, ཁོ༌ སད༌ཏེ༌ འི༌ ས༌དོང༌ ཅིག༌གི༌ ནང༌ང༌ ཕང༌ཨིན༌, ཡང༌ ཨ༌བའ༌ ཁོ༌ རིའི༌ སེམས༌ཅན༌ནི༌ སད༌ཏོག༌ ཟེར༌ཨིན༌། ཏེ༌ནེ༌ ཁོའེ༌ ཉི༌ལམ༌གུན༌ལ༌ ཅི༌ ཆ༌རུག༌ ང༌དང༌ངི༌ ལྟེན༌།"
21 རུ༌བེན༌ནི༌ ཏེ༌བོ༌ ཚོར༌ར༌ཅིག༌ ཡོ༌སེབ༌ སྐྱོབ༌ཅེས༌ལ༌ ཁོའེ༌ ཟེརས༌, "ཁོ༌ སད༌ མ༌སད༌ད༌, 22 འི༌ རི༌སྟོང༌ངི༌ ས༌དོང༌ ཅིག༌གི༌ ནང༌ང༌ ཕང༌ཨིན༌ ཨིན༌ནའང༌ ཁོའ༌ རྡུང༌ མི༌ རྡུང༌།" ཡོ༌སེབ༌ སྐྱོབས༌ཏེ༌ ཁོ༌རང༌ངི༌ ཨ༌བའེ༌ཀ༌ ལོགས༌ཏེ༌ ཁྱེར༌ཅེས༌ལ༌ ཁོའེ༌ ཏེ༌བོ༌ ཟེརས༌།
23 ཏེ༌ནེ༌ ཡོ༌སེབ༌ ཁོ༌རང༌ངི༌ ཨ༌ཅོ༌གུན༌ ཡོད༌ས༌ ལེབ༌བ༌ཅིག༌ ཁོང༌གུན༌ནི༌, ཁོའ༌ ཨ༌བའེ༌ ཏངས༌ཁན༌ནི༌ ཀོས༌པོ༌ ཕུདས༌། 24 ཏེ༌ནེ༌ ཁོང༌གུན༌ནི༌ ཁོ༌ ཟུམས༌ཏེ༌ ཆུ༌ མེད༌ཁན༌ནི༌ ས༌དོང༌ སྐམ༌པོའེ༌ ནང༌ང༌ ཕངས༌། 25 ཁོང༌གུན༌ ཟན༌ཟའ༌ལ༌ དུག༌ག༌ཅིག༌ ཁོང༌གུན༌ནི༌ གི༌ལིད༌ནེ༌ ཡོང༌ཁན༌ ཨིཤ༌མ༌ཨེལ༌པ༌ བེས༌པ༌གུན༌ ཐོང༌། ཁོང༌གུན༌ནི༌ རྔ༌བོང༌གུན༌ལ༌ མ༌ས༌ལ༌, བའམ༌ དང༌ མའེར༌ སྐངས༌ཁན༌ནི༌ རྒལ༌ ཀལ༌ཏེ༌ ཁོང༌གུན༌ ཨི༌ཇིབ༌ ཡུལ༌ལ༌ ཆའད༌པིན༌།
26 ཡ༌ཧུ༌དཱའེ༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌གུན༌ལ༌ ཟེརས༌, "ང༌དང༌གུན༌ནི༌ ནོ༌ སད༌ཏེ༌ ཁོ༌ སད༌ཁན༌བོ༌ སྦས༌ཏེ༌ བོར༌ན༌ ང༌དང༌གུན༌ལ༌ ཅི༌ ཕན༌ཐོགས༌ ཨིན༌? 27 ཡོང༌, ང༌དང༌ངི༌ ཁོ༌ མ༌སད༌ད༌ འི༌ ཨིཤ༌མ༌ཨེལ༌པ༌ བེས༌པ༌གུན༌ལ༌ ཙོང༌ཨིན༌, ཅིའ༌ཟེར༌ན༌ ཁོ༌ ང༌དང༌ངི༌ ནོ༌, ང༌དང༌ངི༌ ཤ༌ཁྲག༌ ཨིན༌ནོག༌།" ཁོའེ༌ ཨ༌ཅོ༌ནོ༌གུན༌ནི༌ ཁའ༌ ཆམས༌།
28 ཏེ༌ནེ༌ མི༌དིན༌པ༌ ཚོང༌པ༌གུན༌ ཉེ༌མོའ༌ ལེབ༌བ༌ཅིག༌, ཁོང༌གུན༌ནི༌ ཡོ༌སེབ༌ ས༌དོང༌ནེ༌ ཕིངས༌ཏེ༌ ཨིཤ༌མ༌ཨེལ༌པ༌གུན༌ལ༌ མུལ༌ལི༌ པེ༌ནེ༌ ཉི༌ཤུའ༌ ཙོངས༌, ཀ༌གུན༌ནི༌ ཁོ༌ ཨི༌ཇིབ༌ ཡུལ༌ལ༌ ཁྱེརས༌།
29 རུ༌བེན༌ ས༌དོང༌ ཡོད༌ས༌ ལོགས༌ཏེ༌ ཡོངས༌ ཡང༌ ཁོའ༌ ཡོ༌སེབ༌ ཏེ༌ནང༌ང༌ མེད༌ཁན༌བོ༌ ཐོང༌ཏེ༌ ཁོའ༌ ཚེར༌ཁ༌ ཡོངས༌ཏེ༌ ཁོ༌རང༌ངི༌ ཀོས༌པོ༌ ཤགས༌། 30 ཁོ༌ ལོགས༌ཏེ༌ ཁོ༌རང༌ངི༌ ནོ༌གུན༌ ཡོད༌ས༌ སོང༌ཏེ༌ ཟེརས༌, "ས༌དོང༌ངི༌ ནང༌ང༌ བུ༌ཚ༌བོ༌ མི༌དུག༌, ཏ༌ ངའེ༌ ཅི༌ ཅོ༌?"
31 ཏེ༌ནེ༌ ཁོང༌གུན༌ནི༌ ར༌མ༌ཞིག༌ སདས༌ ཡང༌ ཡོ༌སེབ༌བི༌ ཀོས༌པོ༌ ཏེ༌བོའེ༌ ཁྲག༌གི༌ ནང༌ང༌ སྦངས༌། 32 ཁོང༌གུན༌ནི༌ ཏེ༌ ཀོས༌པོ༌ ཁོ༌རང༌གུན༌ནི༌ ཨ༌བའ༌ ཁྱེརས༌ ཡང༌ ཟེརས༌, "འི༌ ཀོས༌པོ༌ ང༌ཞའ༌ ཐོབ༌, ཟིགས༌སའང༌ འི༌བོ༌ ཉེ༌རང༌ངི༌ བུ༌ཚའེ༌ ཏ༌ མ༌ནོག༌ག༌?"
33 ཡ༌ཀོབ༌བ༌ ཏེ༌བོ༌ ཁོའེ༌ བུ༌ཚ༌ ཡོ༌སེབ༌བི༌ ཨིན༌ཁན༌ ཤེས༌ ཡང༌ ཟེརས༌, "ཏན༌ཏན༌ རི༌ སེམས༌ཅན༌ནི༌ ངའེ༌ བུ༌ཚ༌ ཡོ༌སེབ༌ སད༌ཏེ༌ ཁོའེ༌ ཟུགས༌པོ༌ ཏུམ༌པ༌ ཏུམ༌པ༌ ཅོས༌ཏེ༌ ཨིན༌ནོག༌།"
34 ཡ༌ཀོབ༌བི༌ ཁོ༌རང༌ངི༌ ཀོས༌པོ༌ ཤགས༌ ཡང༌ ཕ༌ཙའེ༌ རས༌ གོན༌ཏེ༌ ཁོ༌རང༌ངི༌ བུ༌ཚའེ༌ ཕིའ༌ ཞག༌ མང༌པོ༌ ཉ༌ངན༌ ཅོས༌། 35 ཁོའེ༌ བུ༌ཚ༌ དང༌ བུ༌མོ༌ ཚང༌མ༌ ཁོའ༌ སེམས༌སོ༌ ཏང༌ང༌ ཡོངས༌ ཨིན༌ནའང༌ ཁོའེ༌ སེམས༌སོ༌ མ༌ལེནས༌ ཡང༌ ཟེརས༌, "མན༌ ངའེ༌ ཤི༌ཤི༌ ཚོག༌པ༌ ང༌རང༌ངི༌ བུ༌ཚའེ༌ ཕིའ༌ ཉ༌ངན༌ ཅོ༌ཨིན༌།" ཡང༌ ཁོ༌ ཁོ༌རང༌ངི༌ བུ༌ཚའེ༌ ཕིའ༌ ངུས༌།
36 ཏེན༌ན༌ ཏུས༌ལ༌ མི༌དིན༌པ༌གུན༌ནི༌ ཨི༌ཇིབ༌བི༌ ནང༌ང༌ ཡོ༌སེབ༌ པོ༌ཏི༌ཕར༌ལ༌ ཙོངས༌, ཁོ༌ གྱལ༌པོ༌ ཕེ༌རོའེ༌ ལས༌ཅེད༌པ༌, གྱལ༌པོ༌ སྲུང༌ཁན༌ནི༌ མག༌མི༌གུན༌ནི༌ འུ༌སྐྱོང༌ ཨིན༌པིན༌།