14
ཡེ༌ཤུའི༌ ཨུའི༌ཀ༌ ཏྲི༌ཞིམ༌ཅན༌ནི༌ མར༌ནག༌ ལུགས༌།
14:1 ནེ༌ 9
1 ཞག༌མ༌ ཉིས༌སི༌ སྟིང༌ནེ༌ པེ༌སག༌ དང༌ སྐྱུར༌ མེད༌ཁན༌ནི༌ ཏ༌གི༌ ཏུས༌ཆེན༌ ལེབ༌ཅེས༌ ཨིན༌པིན༌ ཡང༌ བླ༌མ༌ འུ༌སྐྱོང༌གུན༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌ སང༌ཝའེ༌ ཐོག༌ནེ༌ གཙོ༌བོ༌ ཡེ༌ཤུ༌ ཟུམས༌ཏེ༌ སད༌ཅེས༌སི༌ སྐབས༌ ཙལ༌ལད༌པིན༌། 2 ཨིན༌ནའང༌ ཁོང༌གུན༌ནི༌ ཟེརས༌, "པེ༌སག༌གི༌ ཏུས༌ཆེན༌ནི༌ ཏུས༌ལ༌ མི༌ཟུམ༌ ཅིའ༌ཟེར༌ན༌ མི༌ཚོགས༌ལ༌ སྲོ༌ ཡོངས༌ཏེ༌ ཧི༌ལིངས༌ ཕིང༌སྲིད༌ཅེས༌ ཨིན༌ནོག༌"
3 ཡེ༌ཤུ༌ བེད༌ཐཱ༌ནི༌ གྲོང༌སེབ༌བ༌ ཛེ༌ནད༌ནེ༌ ཕན༌ཁན༌ ཤི༌མོན༌ནི༌ ཁང༌པའེ༌ ནང༌ང༌ ཅོག༌ཙེ༌ཀ༌ སྟེན༌ཏེ༌ ཡོད༌ཏུས༌, ཀའ༌ཡོལ༌ལི༌ ནོད༌ ཏྲི༌ཞིམ༌མི༌ མར༌ ཀུས༌པོ༌ སྐངས༌ཏེ༌ ཁུར༌ཁན༌ནི༌ བུ༌མོ༌ཞིག༌ ཡོངས༌, ཡང༌ ནོད༌པོ༌ ཅགས༌ཏེ༌ ཏྲི༌ཞིམ༌བོ༌ ཁོང༌ངི༌ ཨུའི༌ཀ༌ ལུགས༌།
4 ཏེ༌ཀ༌ ཡོད༌ཁན༌ ཁ༌ཅིག༌ག༌ སྲོ༌ ཡོངས༌ཏེ༌ ཅིག༌ དང༌ ཅིག༌ག༌ ཟེརས༌, "ཅིའ༌ འི༌ཙོགས༌སི༌ ཏྲི༌ཞིམ༌ རིན༌ཅན༌བོ༌ གོད༌ལ༌ ཏངས༌ཏེ༌ ཨིན༌ནོག༌? 5 འི༌བོ༌ ལོ༌ ཅིག༌གི༌ ལ༌ཆ༌ ཟམ༌ཤིག༌ག༌ ཙོངས༌ཏེ༌ པེ༌ནེ༌བོ༌ ཉལ༌བ༌ཅན༌གུན༌ལ༌ ཏང༌ཤིག༌པིའང༌།" ཁོང༌གུན༌ནི༌ བུ༌མོ༌བོའ༌ མ༌སྲན༌ཏྲེ༌ ཁའ༌སྐྱེས༌།
6 ཨིན༌ནའང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "བོར༌རའང༌, ཁོའ༌ ཅིའ༌ ཁའ༌ སྐྱེའད༌? ཁོའེ༌ ངའེ༌ ཕིའ༌ ལས༌ ཟང༌པོ༌ ཅོས༌ཏེ༌ ཨིན༌ནོག༌། 7 ཉལ༌བ༌ཅན༌གུན༌ ཏུས༌གྱུན༌ ཁྱོ༌ཞའ༌ ཉམ༌པོ༌ ལུས༌ཨིན༌, ཡང༌ ཁྱོ༌ཞ༌གུན༌ནི༌ ནམ༌ ཅོ༌ཨིན༌ སམ༌ནའང༌ ཁོང༌གུན༌ལ༌ རོགས༌ ཅོ༌ ཉན༌ཨིན༌། ཨིན༌ནའང༌ ང༌ ཁྱོ༌ཞའ༌ ཉམ༌པོ༌ ཏུས༌གྱུན༌ མི༌ལུས༌། 8 ཁོའེ༌ ཁོ༌རང༌ང༌ ཅི༌ ཉན༌ཁན༌བོ༌ ཅོས༌ཏེ༌ ཨིན༌ནོག༌, ཁོའེ༌ ཏུས༌སི༌ སང༌ སྔུན༌ལ༌ ངའེ༌ ཟུགས༌པོའ༌ ཏྲི༌ཞིམ༌ ལུགས༌ཏེ༌ ངའེ༌ ཟུགས༌པོ༌ སྤུར༌ཁང༌ང༌ ཁྱེར༌ཅེས༌སི༌ ཕིའ༌ གྲལ༌གྲིག༌ ཅོས༌ཏེ༌ ཨིན༌ནོག༌། 9 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཀ༌རུ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ནའང༌ འི༌ བུ༌མོ༌བོའེ༌ ངའ༌ ཅོས༌ཁན༌བོའང༌ ཤད༌ཏེ༌ ཁོ༌ ཨིད༌ཏུ༌ ཅོ༌ཨིན༌།"
ཡུ༌དཱའེ༌ ཡེ༌ཤུའ༌ ངོ༌ལོག༌ ཅོ༌ཅེས༌ལ༌ ཁའ༌ཆམས༌།
14:10 ནེ༌ 11
10 ཏེ༌ནེ༌ ལོབ༌ཕྲུགས༌ ཅུག༌ཉིས༌སི༌ ནང༌ནེ༌ ཅིག༌, ཀར༌ཡོད༌པ༌ ཡུ༌དཱ༌ བླ༌མ༌ འུ༌སྐྱོང༌གུན༌ ཡོད༌ས༌ སོང༌ཏེ༌ གཙོ༌བོ༌ ཡེ༌ཤུའ༌ ངོ༌ལོག༌ ཅོས༌ཏེ༌ ཁོང༌གུན༌ནི༌ ལག༌ག༌ སྟད༌ཅེས༌ལ༌ ཐབས༌ལྡིངས༌། 11 ཏེ༌བོ༌ ཚོར༌ཏེ༌ ཁོང༌གུན༌ མ༌སྲན༌ཏྲེ༌ ཐད༌, ཡང༌ ཁོའ༌ པེ༌ནེ༌ ཏང༌ཅེས༌སི༌ ཁ༌ཆད༌ ཅོས༌། ཏེ༌ནེ༌ ཁོའེ༌ ཡེ༌ཤུ༌ སྟད༌ཅེས༌སི༌ སྐབས༌ ཙལ༌ཅེས༌ གོ༌ཟུགས༌།
སྟིང༌ཇུག༌གི༌ གོང༌ཟན༌།
14:12 ནེ༌ 26
12 སྐྱུར༌ མེད༌ཁན༌ནི༌ ཏ༌གི༌ ཏུས༌ཆེན༌ནི༌ གོ༌མའེ༌ ཞག༌, ནམ༌ པེ༌སག༌གི༌ ལུ༌གུ༌བོ༌ སྲོག༌ཆོད༌ལ༌ ཕུལ༌ལད༌, གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ནི༌ ཁོང༌ང༌ ཏྲིས༌, "ང༌ཞའ༌ སོང༌ཏེ༌ ཉེ༌རང༌ དོན༌ཅེས༌སི༌ ཕིའ༌ པེ༌སག༌གི༌ དོན༌ཏང༌ ཀ༌རུ༌ གྲལ༌གྲིག༌ ཅོ༌ལེ༌?" 13 ཏེ༌ནེ༌ ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌ ཉིས༌ ཡེ༌རུ༌ཤ༌ལེམ༌མ༌ ལམ༌ཅུག༌ག༌ ཛད༌ཨིན༌ མོལས༌, "གྱལ༌སའེ༌ ནང༌ང༌ སོང༌, ཏེ༌རུ༌ ཆུ༌ཀར༌ ཁུར༌ཁན༌ནི༌ མི༌ཞིག༌ ཁྱོ༌ཞ༌གུན༌ལ༌ ཐུག༌ཅེན༌, ཁོའེ༌ སྟིང༌རང༌ནེ༌ སོང༌། 14 ཁོ༌ ཞུགས༌ཏེ༌ ཆ༌སའེ༌ ཁང༌པའེ༌ ཁང༌དག༌པོའ༌ ཟེར༌ 'ལོབ༌པོན༌ནི༌ ཏྲིའ༌རག༌, གྲོན༌པོ༌ ཞུག༌སི༌ ནང༌བོ༌ ཀ༌ནེ༌ ཡོད༌, ཏེ༌རུ༌ ངའེ༌ ང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ པེ༌སག༌གི༌ དོན༌ཏང༌ ཟེན༌?' 15 ཁོའེ༌ ཁྱོ༌ཞའ༌ སྟང༌ཐོག༌ག༌ གྲལ༌གྲིག༌ ཅོས༌ཁན༌ནི༌ ནང༌ ཆེན༌མོ༌ཞིག༌ ལྟན༌ཅེན༌, ང༌དང༌གུན༌ནི༌ ཕིའ༌ ཏེ༌རུ༌ དོན༌ཏང༌ངི༌ གྲལ༌གྲིག༌ ཅོས༌།" 16 ལོབ༌ཕྲུགས༌གུན༌ གྱལ༌སའེ༌ ནང༌ང༌ སོང༌, ཡང༌ ཅི༌ཚང༌མ༌ ཡེ༌ཤུའི༌ མོལ༌ཁན༌ ནང༌ཞིན༌ ཐོང༌། ཁོང༌གུན༌ནི༌ ཏེ༌རུ༌ པེ༌སག༌གི༌ དོན༌ཏང༌ངི༌ གྲལ༌གྲིག༌ ཅོས༌།
17 ཕི༌ཏོག༌ ཆའ༌ཅིག༌ ཡེ༌ཤུ༌ ལོབ༌ཕྲུགས༌ ཅུག༌ཉིས༌ ཉམ༌པོ༌ ཏེ༌རུ༌ ལེབ༌། 18 ཁོང༌གུན༌ ཅོག༌ཙེ༌ཀ༌ དོན༌ཏང༌ དོན༌ཨིན༌ ཡོད༌ཏུས༌ ཡེ༌ཤུའི༌ མོལས༌, "ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, འི༌ཀ༌ ང༌ ཉམ༌པོ༌ ཟེན༌ ཡོད༌ཁན༌གུན༌ནི༌ ནང༌ནེ༌ ཅིག༌ཅིག༌གི༌ ངའ༌ ངོ༌ལོག༌ ཅོ༌ཨིན༌།"
19 ཁོང༌གུན༌ མ༌སྲན༌ཏྲེ༌ ཚེར༌ཏེ༌ ཡེ༌ཤུའ༌ ཅིག༌གི༌ སྟིང༌ནེ༌ ཅིག༌གི༌ ཏྲིས༌, "ཏན༌ཏན༌ ང༌ཏ༌ མན༌གྲོ༌?"
20 ཁོང༌ངི༌ ལན༌སལས༌, "ང༌ ཉམ༌པོ༌ ད༌བེན༌ ཅིག༌གི༌ ནང༌ནེ༌ ཟའ༌ཁན༌ ཁྱོ༌ཞའ༌ ཅུག༌ཉིས༌པོའེ༌ ནང༌ནེ༌ ཅིག༌ ཨིན༌། 21 དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ཛད༌ཏེ༌ ཡོད༌ཁན༌ ནང༌ཞིན༌ མི༌རིགས༌སི༌བུ༌ ཤི༌གོས༌, ཨིན༌ནའང༌ མི༌རིགས༌སི༌བུ༌ གྲ༌འོའེ༌ ལག༌ག༌ སྟད༌ཁན༌ནི༌ མི༌བོའ༌ ཙམ༌ཤིག༌གི༌ ཇིགས༌པ༌ མི༌ཡོང༌། ཏེ༌ སང༌ཏ༌ ཁོ༌ མ༌སྐྱེས༌པིན༌ན༌ ཁོའེ༌ ཕིའ༌ གྱལ༌ལ༌ ཡོད༌གྲོ༌།"
22 ཁོང༌གུན༌ དོན༌ཏང༌ དོན༌ཨིན༌ ཡོད༌ཏུས༌, ཡེ༌ཤུའི༌ ཏ༌གི༌ ནམས༌ཏེ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུས༌ཏེ༌ ཅག༌ག༌ ཛདས༌ ཡང༌ ལོབ༌ཕྲུགས༌གུན༌ལ༌ སལ༌ཨིན༌ མོལས༌, "འི༌བོ༌ ངའེ༌ ཟུགས༌པོ༌ ཨིན༌, ལེན༌ཏེ༌ ཟོ༌།"
23 ཏེ༌ནེ༌ དོན༌སྐྱོག༌པོ༌ ནམས༌ ཡང༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུས༌ཏེ༌ ཁོང༌གུན༌ལ༌ སལས༌ ཡང༌ ཁོང༌ ཚང༌མའེ༌ ཏེ༌ནང༌ནེ༌ ཐུངས༌། 24 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, "འི༌བོ༌ ངའེ༌ ཁྲག༌ ཨིན༌ ཀ༌བོའེ༌ དཀོན༌མཆོག༌ དང༌ ཁོང༌ངི༌ མི༌གུན༌ནི༌ པར༌ལ༌ ཆད༌དོན༌བོ༌ ཏན༌ཏན༌ ཛད༌ད༌ནོག༌, ཡང༌ མི༌ མང༌པོའེ༌ ཕིའ༌ སྲོག༌ཆོད༌དི༌ ཚུལ༌ལ༌ ཕོས༌། 25 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, འི༌ རྒུན༌ཆང༌བོ༌ ངའེ༌ ཡང༌སྐྱར༌ མི༌ཐུང༌ ནམ༌ཚོག༌པ༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ འི༌བོའ༌ སོ༌མ༌ ཏོན༌ཏག༌ མི༌སལ༌།"
26 ཁོང༌གུན༌ནི༌ དཀོན༌མཆོག༌ག༌ སྟོད༌པའེ༌ ལུ༌ ཕུལ༌ ཚར༌ར༌ཅིག༌, ཁོང༌གུན༌ ཨོ༌ལིཝ༌ཝི༌ རིའ༌ སྐྱོདས༌།
པི༌ཏྲར༌རི༌ ཡེ༌ཤུའ༌ མི༌ཤེས༌ཟུན༌ ཏང༌ཅེས༌པོ༌ ལུང༌སྟན༌ ཛདས༌།
14:27 ནེ༌ 31
27 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, "ཁྱོ༌ཞའ༌ ཚང༌མའེ༌ ངའ༌ ཕངས༌ཏེ༌ ཆེན༌, ཅིའ༌ཟེར༌ན༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛད༌ཏེ༌ དུག༌,
'ངའེ༌ ལུག༌རྫི༌བོ༌ སད༌ཅུག༌ཨིན༌
ཡང༌ ལུག༌གུན༌ ཡན༌ཏེ༌ ཆེན༌'*14:27 ཟ༌ཀར༌ཡཱའེ༌ སྤེ༌ཆའེ༌ 13:7
28 "ཨིན༌ནའང༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ སྟིང༌ནེ༌ ང༌ ཁྱོ༌ཞའེ༌ སང༌ སྔུན༌ལ༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌ལ༌ ཆེན༌།"
29 པི༌ཏྲར༌རི༌ ཟེརས༌, "ཚང༌མའེ༌ ཉེ༌རང༌ ཕང༌ནའང༌, ངའེ༌ མ༌ནེ༌ མི༌ཕང༌།"
30 ཡེ༌ཤུའི༌ ལན༌སལས༌, "ངའེ༌ ཁྱོ༌རང༌ང༌ དེན༌བ༌ ཟེར༌རད༌, འིན༌ན༌ ཚན༌ལ༌ ཅ༌པོའེ༌ ཅ༌སྐད༌ ལན༌ ཉིས༌ ཏང༌ངི༌ སང༌ སྔུན༌ལ༌, ཁྱོ༌རང༌ངི༌ ངའ༌ ལན༌ སུམ༌ མི༌ཤེས༌ཟུན༌ ཏང༌ཨིན༌།"
31 པི༌ཏྲར༌རི༌ འུ༌ཙུག༌ ཏངས༌ཏེ༌ ཟེརས༌, "ངའ༌ ཉེ༌རང༌ ཉམ༌པོ༌ ཤི༌གོས༌ནའང༌, ངའེ༌ ཉེ༌རང༌ མི༌ཤེས༌ཟུན༌ མ༌ནེ༌ མི༌ཏང༌།" ཏེན༌ན༌ ཙོགས༌ ཞན༌ ཚང༌མེའང༌ ཟེརས༌།
གེད༌ཤེ༌མ༌ནེ༌ ཚས༌སི༌ ནང༌ང༌ ཡེ༌ཤུའི༌ མོས༌ལམ༌ ཞུས༌།
14:32 ནེ༌ 42
32 ཁོང༌གུན༌ གེད༌ཤེ༌མ༌ནེ༌ ཟེར༌སའེ༌ ནས༌ས༌ སྐྱོདས༌, ཡང༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, "ང༌ སོང༌ཏེ༌ མོས༌ལམ༌ ཞུ༌ ཟ༌ནེ༌ ཁྱོ༌ཞ༌གུན༌ འི༌ཀ༌ དུག༌།"
33 ཁོང༌ངི༌ པི༌ཏྲར༌, ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ གུན༌ ཁོང༌རང༌ ཉམ༌པོ༌ ཁྱེར༌ར༌ ཛདས༌, ཡང༌ ཡེ༌ཤུའ༌ ཐུགས༌ཚེར༌ སྐྱོད༌ཏེ༌ ཁོང༌ ཚབས༌ས༌ ཛདས༌། 34 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངའེ༌ སེམས༌ལ༌ ཚེར༌ཁ༌ མ༌སྲན༌ཏྲེ༌ ཤི༌ཅེས༌ ཙོགས༌ རག༌། ཤན༌ ཅོས༌ཏེ༌ འི༌ཀ༌ དུག༌།"
35 ཁོང༌ ཙ༌པིག༌ཤིག༌ ཐག༌རིང༌ང༌ སྐྱོདས༌ ཡང༌ སའེ༌ཀ༌ གྱེལ༌ཏེ༌, གལ༌ཏེས༌ ཉན༌ན༌ ཁོང༌ངི༌ ཀ༌ནེ༌ འི༌ རྡུག༌ངལ༌ལི༌ ཏུས༌པོ༌ ཐེན༌ན༌ ཛད༌ མོལ༌ཨིན༌ མོས༌ལམ༌ ཞུའ༌ ཛདས༌། 36 ཁོང༌ངི༌ མོལས༌, "ཨ༌བ༌, ངའེ༌ ཡབ༌ལེ༌, ཉེ༌རང༌ང༌ ཅི༌ཚང༌མ༌ ཛད༌ ཉན༌ན༌ནོག༌། ཐུག༌རྗེ༌ ཛད༌ཏེ༌ འི༌ རྡུག༌ངལ༌ལི༌ ཀོ༌རེ༌བོ༌ ངའེ༌ ཀ༌ནེ༌ ཐེན༌ན༌ ཛད༌དའང༌, ཨིན༌ནའང༌ ངའེ༌ དོད༌པ༌ ནང༌ཞིན༌ མན༌པ༌, ཉེ༌རང༌ངི༌ ཐུག༌གོངས༌ ནང༌ཞིན༌ ཅོའ༌ ཛད༌།"
37 ཏེ༌ནེ༌ ཡེ༌ཤུ༌ ལོགས༌ཏེ༌ སྐྱོདས༌ ཡང༌ ཁོང༌ ཚང༌ཀོ༌ ཉིད༌ལ༌ སོང༌ཏེ༌ ཟིགས༌། ཁོང༌ངི༌ པི༌ཏྲར༌ལ༌ མོལས༌, "ཤི༌མོན༌ ཁྱོ༌རང༌ ཉིད༌ལ༌ སོང༌ཏེ༌ ཨིན༌ན༌? ཆུ༌ཚོད༌ ཅིག༌གའང༌ ང༌ ཉམ༌པོ༌ ཉིད༌ མ༌ཏང༌ང༌ དུག༌མ༌ཉན༌ན༌? 38 ཁྱོ༌ཞའ༌ སྡིག༌པའེ༌ ནང༌ང༌ མི༌གྱེལ༌ཅེས༌སི༌ ཕིའ༌ ཉིད༌ མ༌ཏང༌ང༌ མོས༌ལམ༌ ཞུས༌། སེམས༌ཉིད༌དི༌ དོད༌པ༌ སྡིག༌པའེ༌ ནང༌ང༌ མི༌གྱེལ༌ཅེས༌སི༌ ཡོད༌ནའང༌ ཟུགས༌པོ༌ འུ༌ཐུགས༌ ཡོད༌ཏེ༌ ཨིན༌ནོག༌།"
39 ཡང༌སྐྱར༌ ཙ༌པིག༌ ཐག༌རིང༌ང༌ སྐྱོད༌ཏེ༌ ཡེ༌ཤུའི༌ ཏེན༌ན༌ ཙོགས༌ མོས༌ལམ༌ ཞུའ༌ ཛདས༌། 40 ཁོང༌ ལོགས༌ཏེ༌ སྐྱོད༌ད༌ཅིག༌, ཡང༌སྐྱར༌ ལོབ༌ཕྲུགས༌ ཚང༌ཀོ༌ ཉིད༌ལ༌ སོང༌ཏེ༌ ཟིགས༌ ཅིའ༌ཟེར༌ན༌ ཁོང༌གུན༌ སྲན༌ཏྲེ༌ ངལ༌ཏེ༌ ཡོད༌པིན༌, ཡང༌ ཁྲེལ༌ཏེ༌ ཁོང༌གུན༌ནི༌ ཡེ༌ཤུའ༌ ཅའང༌ ཟེར༌ མ༌ཉན༌།
41 ཡེ༌ཤུ༌ ལན༌ སུམ༌པ༌ ལོགས༌ཏེ༌ སྐྱོད༌ད༌ཅིག༌, ཁོང༌ངི༌ མོལས༌, "ཏ༌རུང༌ངའང༌ ཁྱོ༌ཞའ༌ ཉིད༌ ཏང༌ཨིན༌ ངལ༌ཚོའ༌ད༌? ཏ༌ གྲིག༌། ལྟོས༌, མི༌རིགས༌སི༌བུའ༌ ངོ༌ལོག༌ ཅོས༌ཏེ༌ སྡིག༌ཅན༌གུན༌ནི༌ ལག༌ག༌ སྟད༌ཅེས༌སི༌ ཏུས༌ཚོད༌པོ༌ ལེབ༌ ཚར༌། 42 ལོངས༌, ང༌དང༌གུན༌ ཆེན༌། ལྟོས༌, ངའ༌ ངོ༌ལོག༌ ཅོ༌ཁན༌བོ༌ ཡོང༌ང༌ལ༌།"
ཡེ༌ཤུ༌ ཟུམས༌།
14:43 ནེ༌ 52
43 གཙོ༌བོ༌ ཡེ༌ཤུའི༌ ཞལ༌ཏ༌ སལ༌ཨིན༌ ཡོད༌ ཟ༌ནེ༌ ལོབ༌ཕྲུགས༌ ཅུག༌ཉིས༌པོའེ༌ ནང༌ནེ༌ ཡུ༌དཱ༌ ཏེ༌ཀ༌ ལེབ༌, ཁོ༌ ཉམ༌པོ༌ བླ༌མ༌ འུ༌སྐྱོང༌གུན༌, ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ དང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཀལ༌ཁན༌ནི༌ མི༌ཚོགས༌, ར༌འི༌ དང༌ བེར༌ཀ༌ ཁུར༌ཏེ༌ ཡོངས༌། 44 ངོ༌ལོག༌ ཅོ༌ཁན༌བོའེ༌ ཁོང༌གུན༌ལ༌ ཡེ༌ཤུ༌ ཟུམ༌མ༌ལ༌ རྡ༌ཞིག༌ ཏང༌ཨིན༌, "ངའེ༌ པུག༌ ཏང༌ཁན༌ནི༌ མི༌བོ༌ ཁྱོ༌ཞའེ༌ ཟུམས༌ཏེ༌ སྟན༌པོ༌ ཅོས༌ཏེ༌ ཁྲིད༌ཏེ༌ ཁྱེར༌" ཟེརས༌། 45 ཏེན༌ན༌མལ༌ལ༌ ཡུ༌དཱ༌ ཡེ༌ཤུ༌ ཡོད༌ས༌ སོང༌ཏེ༌, "ལོབ༌པོན༌ལེ༌" ཟེར༌ཏེ༌ པུག༌ ཏངས༌།
46 ཏེ༌ནེ༌ ཞན༌མ༌གུན༌ནི༌ ཡེ༌ཤུ༌ ཟུམས༌ཏེ༌ ལྕག༌ཐག༌ ཉམ༌པོ༌ ཏགས༌། 47 ཨིན༌ནའང༌ ཡེ༌ཤུའི༌ དུན༌ལ༌ ཡོད༌ཁན༌ ཅིག༌གི༌, ར༌འི༌ ཕིངས༌ཏེ༌ བླ༌མ༌ ཆེན༌མོའེ༌ ཡོག༌པོའ༌ གྱབས༌ཏེ༌ ཁོའེ༌ ནམ༌ཅོག༌པོ༌ ཅད༌ཏངས༌།
48 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ར༌འི༌ དང༌ བེར༌ཀ༌ ཁུར༌ཏེ༌ ང༌ ཟུམ༌མ༌ ཡོངས༌ཏེ༌ ཅི༌ ང༌ ཅག༌པ༌ ཨིན༌ནོག༌ག༌? 49 ཆོད༌ཁང༌ངི༌ ནང༌ང༌ ཞག༌ཏང༌ ངའེ༌ ལབ༌ཞ༌ ཏང༌ ཟ༌ནེ༌ ཁྱོ༌ཞའེ༌ ང༌ ཅིའ༌ མ༌ཟུམས༌པིན༌? ཨིན༌ནའང༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཁན༌བོ༌ དྲན༌དྲ༌ གྲུབ༌གོས༌།"
50 ཏེ༌ནེ༌ ཡེ༌ཤུ༌ ཕངས༌ཏེ༌ ལོབ༌ཕྲུགས༌ ཚང༌མ༌ ཤོར༌། 51 ཀུས༌པོ༌ རས༌སི༌ ཀོས༌ ཅིག༌པོ༌ གོན༌ཁན༌ནི༌ ཁྱོག༌ཏོང༌ཞིག༌ ཁོང༌ངི༌ གྱབ༌ནེ༌ ཡོང༌ངད༌པིན༌, མི༌ཚོགས༌སི༌ ཁོ༌ ཟུམ༌ཅེས༌ ཅོས༌པ༌, 52 ཀོས༌པོ༌ ཕངས༌ཏེ༌ ཁོ༌ ལྗེར༌ཉལ༌ལ༌ ཤོར༌ཏེ༌ སོང༌།
ཡེ༌ཤུ༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ དུན༌ལ༌ ཁྱེརས༌།
14:53 ནེ༌ 65
53 ཁོང༌གུན༌ནི༌ ཡེ༌ཤུ༌ བླ༌མ༌ ཆེན༌མོ༌ ཡོད༌ས༌ ཁྱེརས༌, ཀ༌རུ༌ བླ༌མ༌ འུ༌སྐྱོང༌ ཚང༌མ༌, ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ ཛོམས༌ཏེ༌ ཡོད༌པིན༌། 54 པི༌ཏྲར༌ བླ༌མ༌ ཆེན༌མོའེ༌ ཕོ༌གྲང༌ངི༌ གྱང༌སྐོར༌རི༌ ནང༌ཀུག༌ ཚོག༌པ༌ ཐག༌རིང༌ཞིག༌ནེ༌ ཁོང༌ངི༌ གྱབ༌ནེ༌ ཡོངས༌། ཏེ༌རུ༌ ཁོ༌ སྲུང༌ཁན༌གུན༌ ཉམ༌པོ༌ མེའ༌ སྲོ༌ཨིན༌ དུགས༌།
55 བླ༌མ༌ ཆེན༌མོ༌ དང༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཐུས༌མི༌ ཚང༌མའེ༌, ཡེ༌ཤུ༌ སད༌ཉན༌ཅེས༌སི༌ སྤང༌པོ༌ ཙལས༌, ཨིན༌ནའང༌ ཁོང༌གུན༌ལ༌ སུའང༌ མ༌ཐོབ༌། 56 ཁོང༌ངི༌ གྱབ༌གལ༌ལ༌ མི༌ མང༌པོའེ༌ ཟུན༌ནི༌ སྤང༌པོ༌ ཏངས༌, ཨིན༌ནའང༌ ཁོང༌གུན༌ནི༌ སྤང༌པོ༌ ཏང༌ཁན༌གུན༌ ཟོབས༌ མ༌ཟོབས༌། 57 སྟིང༌ཇུག༌ག༌ ཁ༌ཅིག༌ ལངས༌ཏེ༌ ཡེ༌ཤུའི༌ གྱབ༌གལ༌ལ༌ ཟུན༌ནི༌ སྤང༌པོ༌ ཏང༌ཨིན༌ནའང༌ ཟེརས༌, 58 "ཁོའེ༌ ཟེར༌ར༌རག༌པིན༌ 'ངའེ༌, འི༌ ཆོད༌ཁང༌ མིའི༌ ལག༌པ༌ནེ༌ རྩིག༌ཁན༌བོ༌ ཤིགས༌ཏེ༌ ཞག༌ སུམ༌མི༌ ནང༌ང༌ མིའི༌ ལག༌པ༌ནེ༌ མ༌རྩིག༌ཁན༌ ཞན༌ཡང༌ཞིག༌ རྩིག༌ཨིན༌'།" 59 ཨིན༌ནའང༌ ཁོང༌གུན༌ནི༌ སྤང༌པོ༌ ཏང༌ཁན༌གུན༌ནའང༌ ཟོབས༌ མ༌ཟོབས༌།
60 ཏེ༌ནེ༌ ཚང༌མའེ༌ དུན༌ལ༌ བླ༌མ༌ ཆེན༌མོ༌ ལངས༌ཏེ༌ ཡེ༌ཤུའ༌ ཏྲིས༌, "ཁྱོ༌རང༌ངི༌ གྱབ༌གལ༌ལ༌ སྤང༌པོ༌ ཏང༌ཁན༌གུན༌ལ༌ ལན༌ཏང༌ང༌ མེད༌ད༌? རང༌ སྐྱོབ༌ཅེས༌སི༌ ཕིའ༌ ཁྱོ༌རང༌ང༌ ཟེར༌ཅེས༌ མེད༌ད༌?" 61 ཨིན༌ནའང༌ ཡེ༌ཤུའི༌ ལན༌ མ༌སལ༌ལ༌ ཅུབ༌ཅད༌ཏེ༌ ཞུགས༌། ཏེ༌ནེ༌ བླ༌མ༌ ཆེན༌མོའེ༌ ཁོང༌ང༌ ཡང༌སྐྱར༌ ཏྲིས༌, "ཁྱོ༌རང༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀའ༌, དཀོན༌མཆོག༌གི༌ སྲས༌ ཨིན༌ན༌?"
62 ཡེ༌ཤུའི༌ མོལས༌, "ང༌ ཨིན༌, ཡང༌ མི༌རིགས༌སི༌བུ༌ ཀུན༌ཝང༌ དཀོན༌མཆོག༌གི༌ ཆག༌ ཡས༌པའེ༌ ཁྲིས༌སི༌ཀ༌ དུགས༌ཏེ༌, ཡང༌ ནམ༌ཁའེ༌ སྲིན༌ནི༌ཀ༌ ཞོན༌ཏེ༌ ཡོང༌ང༌ ཁྱོ༌ཞའེ༌ ཐོང༌ཨིན༌།"
63 ཏེ༌ནེ༌ བླ༌མ༌ ཆེན༌མོ༌ ལངས༌ཏེ༌ ཁོ༌རང༌ངི༌ ཀོས༌པོ༌ ཤགས༌ ཡང༌ ཟེརས༌, "ང༌དང༌ང༌ འི༌ སང༌ མང༌ང༌ སྤང༌པོ༌ ཅི༌ གོས༌ཨིན༌? 64 ཁོའེ༌ དད༌ལོག༌ ཅོ༌ཁན༌བོ༌ ཁྱོ༌ཞའེ༌ ཚོར༌ཏེ༌ ཨིན༌ནོག༌། ཁྱོ༌ཞའེ༌ ཅི༌ ཐག༌ཅད༌དད༌?"
ཁོང༌ ཚང༌མའེ༌ ཁོ༌ སད༌གོ༌ཤེས༌སི༌ འོས༌པ༌ ཨིན༌ནོག༌ ཟེར༌ཏེ༌ ཐག༌ཅདས༌། 65 ཏེ༌ནེ༌ ཁོང༌ ཁ༌ཅིག༌གི༌ ཡེ༌ཤུའ༌ ཐུ༌ གྱབ༌ཅེས༌ གོ༌ཟུགས༌ ཡང༌ ཁོང༌ངི༌ མིག༌, ལག༌ཕིས༌ ཉམ༌པོ༌ ཀབས༌ཏེ༌ ཁོང༌ང༌ མུལ༌ཁྲུག༌ ཅོས༌ཏེ༌ རྡུང༌ཨིན༌ ཧབ༌གོད༌ ཏང༌ཨིན༌ ཟེརས༌, "ལུང༌སྟན༌ སལ༌ལའང༌ ཁྱོ༌རང༌ང༌ རྡུང༌ཁན༌བོ༌ སུ༌ ཨིན༌ནོག༌?" ཡང༌ སྲུང༌ཁན༌གུན༌ནིའང༌ ཁྱེར༌ཏེ༌ ཁོང༌ང༌ རྡུངས༌།
པི༌ཏྲར༌རི༌ ཡེ༌ཤུ༌ མི༌ཤེས༌ཟུན༌ ཏངས༌།
14:66 ནེ༌ 72
66 པི༌ཏྲར༌ ཕོ༌གྲང༌ངི༌ ཚོམས༌སི༌ ནང༌ང༌ ཡོད༌ ཟ༌ནེ༌ བླ༌མ༌ ཆེན༌མོའེ༌ ཡོག༌མོ༌ཞིག༌ ཡོངས༌། 67 པི༌ཏྲར༌ མེའ༌ སྲོ༌ཨིན༌ དུགས༌ཏེ༌ ཐོང༌ང༌ཅིག༌ ཡོག༌མོ༌བོའེ༌ ཁོའ༌ ཞིབ༌ཅ༌ ཅོས༌ཏེ༌ ལྟས༌ ཡང༌ ཟེརས༌, "ཁྱོ༌རང༌ངའང༌ ན༌ཙ༌རེད༌པ༌ ཡེ༌ཤུ༌ ཉམ༌པོ༌ དུག༌པིན༌།"
68 ཨིན༌ནའང༌ པི༌ཏྲར༌རི༌ མི༌ཤེས༌ཟུན༌ ཏངས༌ཏེ༌ ཟེརས༌, "ཁྱོ༌རང༌ངི༌ ཅི༌ ཟེར༌ཏེ༌ ཨིན༌ ངའ༌ ཧ༌གོའ༌ མེ༌རག༌ ཡ༌ ངའེ༌ ཁོ༌ ཤེས༌ས༌མེད༌།" ཁོ༌ ཚོམས༌སི༌ སྒོའེ༌ དུན༌ལ༌ སོང༌ཏེ༌ དུགས༌, ཏེ༌ནེ༌ ཅ༌པོའེ༌ སྐད༌ ཏངས༌།
69 ཡོག༌མོ༌བོའེ༌ པི༌ཏྲར༌ ཏེ༌ཀ༌ ཐོང༌ང༌ཅིག༌, ཁོའེ༌ ཏེ༌ཀ༌ ཡོད༌ཁན༌ ཞན༌མ༌གུན༌ལ༌ ཡང༌སྐྱར༌ ཟེརས༌, "ཁོང༌གུན༌ནི༌ ཕྲོ༌ནེ༌ ཅིག༌ འི༌ མི༌བོའང༌ ཨིན༌ནོག༌།"
70 ཨིན༌ནའང༌ པི༌ཏྲར༌རི༌ ཡང༌སྐྱར༌ མི༌ཤེས༌ཟུན༌ ཏངས༌།
ཙ༌པིག༌ཤིག༌གི༌ སྟིང༌ནེ༌ ཏེ༌ཀ༌ ལངས༌ཏེ༌ ཡོད༌ཁན༌ ཞན༌ཡང༌ ཁ༌ཅིག༌གི༌ པི༌ཏྲར༌ལ༌ ཟེརས༌, "ཏན༌ཏན༌ ཁྱོ༌རང༌ ཁོའེ༌ ཕྲོ༌པ༌གུན༌ནི༌ ནང༌ནེ༌ ཅིག༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌རང༌ངའང༌ གཱ༌ལིལ༌ལི༌པ༌ ཨིན༌ནོག༌།"
71 པི༌ཏྲར༌རི༌ ཁོའ༌ ངན༌ ཕོག༌ཤིག༌ ཟེར༌ཨིན༌ ནའ༌ སྐྱལ༌ཏེ༌ ཟེརས༌, "ཁྱོ༌རང༌གུན༌ནི༌ སྤེ༌ར༌ ཏང༌ཁན༌ནི༌ མི༌བོ༌ ངའེ༌ ཤེས༌ས༌མེད༌།" 72 ཏེན༌ན༌མལ༌ལ༌ ལན༌ ཉིས༌པ༌ ཅ༌པོའེ༌ སྐད༌ ཏངས༌།
ཏེ༌ནེ༌ པི༌ཏྲར༌ལ༌ ཡེ༌ཤུའི༌, "ཅ༌པོའེ༌ ཅ༌སྐད༌ ཉིས༌པ༌ ཏང༌ངི༌ སང༌ སྔུན༌ལ༌, ཁྱོ༌རང༌ངི༌ ངའ༌ ལན༌ སུམ༌ མི༌ཤེས༌ཟུན༌ ཏང༌ཨིན༌" མོལ༌ཁན༌བོ༌ ཨིད༌ཏུ༌ ཡོངས༌, ཡང༌ ཁོའེ༌ སེམས༌ ཆགས༌ཏེ༌ ཁོ༌ ངུས༌།