3
དྲང༌པོའེ༌ ལམ༌།
3:1 ནེ༌ 11
1 སྟིང༌ཇུག༌ག༌, ངའེ༌ སྤུན༌གུན༌, གཙོ༌བོའེ༌ ནང༌ང༌ ཐད༌པོ༌ ཅོ༌ཤིག༌། ཁྱོ༌ཞའ༌ འི༌ སྤེ༌ར༌གུན༌ ལྡབས༌ཏེ༌ ཤད༌ཅེས༌ལ༌ ང༌ སུན༌ཅེས༌ མེ༌རག༌། འི༌བོ༌ ཁྱོ༌ཞ༌གུན༌ནི༌ སྲུང༌སྐྱོབ༌བི༌ ཕིའ༌ ཨིན༌།
2 ཁྱི༌ ཙོགས༌, ངན༌པ༌ ལས༌ ཅོ༌ཁན༌, ཐར༌པ༌ ཐོབ༌ཅེས༌སི༌ ཕིའ༌ སུན༌ནད༌ ཅོ༌གོས༌ ཟེར༌ཁན༌ནི༌ འི༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཀ༌ནེ༌ ཤང༌ ཅོ༌ཤིག༌། 3 ང༌དང༌ ནི༌: སེམས༌ལ༌ སུན༌ནད༌ ཛད༌ཏེ༌ དཀོན༌མཆོག༌གི༌ དེན༌བའེ༌ མི༌གུན༌, ཁོང༌ངི༌ ཐུག༌ཉིད༌ གྱུད༌ཏེ༌ ཅོལ༌ཁན༌, ཡེ༌ཤུ༌ མ༌ཤི༌ཀའེ༌ ང༌དང༌ངི༌ ཕིའ༌ ཛད༌ཁན༌གུན༌ལ༌ སྟོད༌པ༌ ཕུལ༌ཁན༌ དང༌ ཇིག༌རྟེན༌པའེ༌ ལུག༌སྲོལ༌གུན༌ནི༌ཀ༌ ལོ༌ཁྱེལ༌ མ༌ཅོ༌ཁན༌གུན༌ ཨིན༌ནོག༌། 4 ཏེ༌ཙོགས༌སི༌ ཇིག༌རྟེན༌པའེ༌ ལུག༌སྲོལ༌གུན༌ནི༌ཀ༌ ངེའང༌ ལོ༌ཁྱེལ༌ ཅོ༌ཉན༌ཅེས༌ ཡོད༌པིན༌།
གལ༌ཏེས༌ སུ༌ཞིག༌ག༌ ཏེ༌ ལུག༌སྲོལ༌གུན༌ལ༌ ལོ༌ཁྱེལ༌ ཅོ༌ཅེས༌སི༌ གྱུན༌ཚན༌ ཡོད༌ན༌ ངའང༌ མ༌ མང༌ང༌ ཡོད༌: 5 སྤེར༌ན༌ སྐྱེས༌ཏེ༌ ཞག༌ རྒྱད༌པའེ༌ ཞག༌ག༌ *3:5 དཀོན༌མཆོག༌གི༌ མི༌ ཐེ༌ཅེས༌སི༌ ཕིའ༌ ཡ༌ཧུ༌དཱ༌པའེ༌ ཆོས༌སི༌ བཀའ༌ཁྲིམས༌ ནང༌ཞིན༌ལ༌ སྐྱེས༌ཏེ༌ སྟིང༌ནེ༌ ཞག༌ རྒྱད༌པའེ༌ ཞག༌ག༌ བུ༌ཚའ༌ ཕྲུ༌གུ༌གུན༌ནི༌ ཤའེ༌ པགས༌པ༌ ཅད༌ཏེ༌ ཟུགས༌པོའེ༌ཀ༌ སྟགས༌ ཅོ༌གོས༌སད༌པིན༌། ང༌ སུན༌ནད༌ ཅོས༌, ང༌ ཨིས༌ར༌ཨེལ༌པ༌ ཨིན༌, ང༌ ཨིས༌ར༌ཨེལ༌ལི༌ རྩི༌ཝ༌ཅན༌ནི༌ སྡེ༌ བེན༌ཡཱ༌མིན༌ ཟེར༌ཁན༌ནེ༌ ཨིན༌, ང༌ དང༌ ངའེ༌ ཕ༌མེས༌པོ༌ ཚང༌མ༌ ཨིབ༌རི༌པ༌ ཨིན༌, ཁྲིམས༌ རེ༌རེ༌ གྱལ༌ལ༌ ཅོས༌ཏེ༌ སྲུང༌ཁན༌ནི༌ ཆོས༌སི༌ སྡེ༌ ཕ༌རུ༌ཤི༌པ༌ ཟེར༌ཁན༌བོའེ༌ ནང༌ནེ༌ ངའང༌ ཨིན༌པིན༌, 6 དཀོན༌མཆོག༌གི༌ ཕིའ༌ སེམས༌ཤུགས༌ ཉམ༌པོ༌ ངའེ༌ ཡེ༌ཤུའི༌ ཆོས༌ཚོགས༌གུན༌ལ༌ ནགས༌ ལྟན༌པིན༌, ཡ༌ཧུ༌དཱ༌པ༌གུན༌ནི༌ ཁྲིམས༌ ནང༌ཞིན༌ ང༌ སྐྱོན༌མེད༌ཞིག༌ ཨིན༌པིན༌།
7 ཨིན༌ནའང༌ ཀ༌གུན༌ ངའེ༌ སྔུན༌ལ༌ མའ༌ རིན༌ཅན༌ རྩིའད༌པིན༌, ཏ༌ ངའེ༌ དག༌ས༌ རིན༌མེད༌ རྩིའད༌ ཅིའ༌ཟེར༌ན༌ ངའེ༌ ཕིའ༌ མ༌ཤི༌ཀ༌ ཀྲོངས༌ས༌ ཛདས༌། 8-9 འོ༌ན༌ ནམ༌ ངའེ༌ མ༌ རིན༌ཅན༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ངོ༌ཤེ༌ཤེས༌པོ༌ ཉམ༌པོ༌ ལྡུར༌ན༌ ཏེ༌ ཚང༌མའ༌ ཅའང༌རིན༌ མེད༌ཏེ༌ ཨིན༌ནོག༌། ཁོང༌ ཉམ༌པོ༌ བྲེལ༌ ཡོད༌ཅེས༌ དང༌ ཁོང༌ངི༌ ཨིན༌ཅེས༌སི༌ ཕིའ༌ ངའེ༌ ཏེ༌ ཚང༌མ༌ ཁྱིམ༌ས༌ ཙོགས༌ རྩིས༌ཏེ༌, ཕང༌ ཚར༌ཏེ༌ ཨིན༌། ཡ༌ཧུ༌དཱ༌པའེ༌ ཁྲིམས༌གུན༌ ཁའ༌ཉན༌ཅེས༌པོ༌ མན༌པ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཁྱོང༌ཅེས༌པོ༌ གྱུད༌ཏེ༌ ང༌ དྲང༌པོ༌ ཐེའ༌ཛད༌ཏེ༌ ཨིན༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ དུན༌ལ༌ ང༌དང༌ དྲང༌པོ༌ ཨིན༌ཅེས༌པོ༌ ནི༌ ཏད༌པའེ༌ཀ༌ རག༌ལས༌ཏེ༌ ཨིན༌ནོག༌། 10 ང༌ མ༌ཤི༌ཀ༌ ཤེ༌ཤེས༌ ཡང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌པོ༌ ལང༌ང༌ ཛད༌ཁན༌ནི༌ དཀོན༌མཆོག༌གི༌ ཏེ༌ ཝང༌ ཀྲག༌པོའེ༌ ཐོང༌ངོམས༌ ཆ༌ཉིན༌རག༌། མ༌ཤི༌ཀ༌ ཉམ༌པོ༌ རྡུག༌ངལ༌ ཐོང༌ཏེ༌ ཁོང༌ངི༌ ཀྲོང༌ཤེས༌སི༌ ནང༌ང༌ དྲེས༌ ཉིན༌རག༌ 11 ངའང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌པོ༌ ལང༌ང༌ ཛད༌ཅེས༌སི༌ རེ༌ཝའེ༌ ནང༌ང༌ ངའེ༌ ཏེ༌གུན༌ ཅོའད༌།
རེ༌ཝའེ༌ ཆོགས༌ལ༌ ཆ༌ཅེས༌།
3:12 ནེ༌ 4:1
12 ངའེ༌ ང༌རང༌ངི༌ རེ༌ཝ༌བོ༌ གྲུབ༌ ཚར༌ཏེ༌ ཨིན༌ ཡ༌, ང༌ མ༌ཤི༌ཀ༌ ཙོགས༌ གྱུར༌ཏེ༌ ཨིན༌ ཟེར༌ར༌མེད༌། ཨིན༌ནའང༌ ངའེ༌ ཁོང༌ ཙོགས༌ གྱུར༌ཅེས༌ལ༌ རྩོན༌གྲུས༌ མའ༌ གྱལ༌ལ༌ ཅོའད༌, ཅིའ༌ཟེར༌ན༌ ཏེན༌ན༌བོའེ༌ ཏོན༌ལ༌ ཁོང༌ངི༌ ང༌ ལྡམ༌མ༌ ཛད༌ཏེ༌ ཨིན༌པིན༌། 13 ངའེ༌ སྤུན༌གུན༌, ང༌ ཏེ༌ ཙོགས༌སི༌ མི༌ ཏ༌རུང༌ མ༌གྱུར༌ར༌ ཨིན༌། ཨིན༌ནའང༌ ངའེ༌ སྔུན༌མ༌ ཚང༌མ༌ ཞེད༌ཏེ༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ཕིའ༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོའད༌། 14 བང༌ལྡུར༌རི༌ ནང༌ང༌ བང༌ཏང༌ཁན༌གུན༌ སྟིང༌ཇུག༌གི༌ ཐིག༌ ཚོག༌པ༌ བང༌གྱུགས༌ ཏང༌ང༌ ཙོགས༌ལ༌, དཀོན༌མཆོག༌གི༌ མ༌ཤི༌ཀ༌ ཡེ༌ཤུ༌ གྱུད༌ཏེ༌ བོད༌ད༌ ཛད༌ཁན༌ནི༌ ནམ༌ཁའེ༌ སོལ༌རས༌ ཆོགས༌ལ༌ ངེའང༌ བང༌གྱུགས༌ ཏང༌ངད༌།
15 ང༌དང༌ སེམས༌ཉིད༌དི༌ ནང༌ང༌ ལྡན༌ཁན༌ ཚང༌མའེ༌ ངའེ༌ ལབ༌ཁན༌གུན༌ནི༌ཀ༌ ཁའ༌ཆམས༌ གོ༌ཤེས༌ ཨིན༌ནོག༌། གལ༌ཏེས༌ ཁྱོ༌ཞའེ༌ ནང༌ནེ༌ སུ༌ཞིག༌གི༌ སམ༌ཚུལ༌ ཏེ༌སང༌ སོ༌སོ༌ ཡོད༌ན༌, དཀོན༌མཆོག༌གི༌ ཁོང༌གུན༌ལ༌ དེན༌བའེ༌ ལམ༌བོ༌ སལ༌པོ༌ ཧ༌གོ༌ཅེས༌ལ༌ རོགས༌ ཛད༌ཨིན༌། 16 ཏ༌ དཀོན༌མཆོག༌གི༌ དག༌ས༌ ཚག༌པ༌ སྔོན༌ཅུག༌ག༌ ཛད༌ཁན༌ ནང༌ཞིན༌ ང༌དང༌གུན༌ནི༌ མི༌ཚེ༌བོ༌ ཕུད༌ཨིན༌།
17 ངའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ནི༌ མི༌ཚེ༌, ངའེ༌ ཕུད༌ཁན༌ ཙོགས༌ལ༌ ཕུད༌ཤིག༌, ཡང༌ ང༌ཞའེ༌ སྤེའེ༌ཀ༌ གྲུལ༌ཁན༌གུན༌ནི༌ ཀ༌ནེ༌ གྱལ༌ལ༌ ཅོས༌ཏེ༌ བྱོང༌ཤིག༌། 18 ངའེ༌ ཁྱོ༌ཞའ༌ སྔུན༌ལ༌ ལན༌ མང༌པོ༌ ཟེར༌ ཚར༌ཏེ༌ ཨིན༌, ཡང༌ ཏ༌རུང༌ངའང༌ ཆི༌མ༌ ཉམ༌པོ༌ ཟེར༌རད༌, མང༌པོ༌ཞིག༌ མ༌ཤི༌ཀའེ༌ རྐྱང༌ཤིང༌ངི༌ གྱབ༌གལ༌ ཨིན༌ཁན༌ནི༌ ལམ༌མི༌ཀ༌ གྲུལ༌དུག༌། 19 ཁོང༌གུན༌ མེད༌ཁན༌ ཆ༌ཅེས༌སི༌ ཆོགས༌ལ༌ ཆེན༌ ཨིན༌ནོག༌, གྲོད༌པ༌བོ༌ ཁོང༌གུན༌ནི༌ དཀོན༌མཆོག༌ ཨིན༌ནོག༌, ཁོང༌རང༌གུན༌ནི༌ ཁྲེལ༌མེད༌དི༌ ལས༌གུན༌ནི༌ཀ༌ ཕོ༌སོ༌ ཅོའ༌ནོག༌, ཇིག༌རྟེན༌པའེ༌ ཁག༌ཅན༌ ཐེ༌ཁན༌གུན༌ནི༌ སྐོར༌ལ༌ ཁོང༌གུན༌ནི༌ ཏུས༌གྱུན༌ སམ༌བ༌ ཏང༌ང༌ནོག༌། 20 ཨིན༌ནའང༌ ང༌དང༌གུན༌ ནི༌ ནམ༌ཁའེ༌ ཡུལ༌མི༌ ཨིན༌ནོག༌, ཡང༌ སྐྱབ༌གོན༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ལོགས༌ཏེ༌ ཕེབས༌ཤེས༌སི༌ ཕིའ༌ ང༌དང༌གུན༌ནི༌ རིངས༌ཨིན༌ སྲུང༌ང༌ནོག༌།
21 ཁོང༌རང༌ངི༌ ཝང༌ངི༌ ཡོག༌ག༌ ཅི༌ཚང༌མ༌ ཁྱོང༌ཉན༌ན༌ ཛད༌ཁན༌ནི༌ མ༌ཤི༌ཀའེ༌ སྟོབས༌པོའེ༌, ང༌དང༌ངི༌ སྟོབས༌མེད༌ འི༌ ཇིག༌རྟེན༌ནི༌ ཟུགས༌པོ༌བོ༌ ཁོང༌རང༌ ཙོགས༌སི༌ ཟིར༌རྗིད༌ཅན༌ གྱུར༌ ཅུག༌ག༌ ཛད༌ཨིན༌།
*3:5 3:5 དཀོན༌མཆོག༌གི༌ མི༌ ཐེ༌ཅེས༌སི༌ ཕིའ༌ ཡ༌ཧུ༌དཱ༌པའེ༌ ཆོས༌སི༌ བཀའ༌ཁྲིམས༌ ནང༌ཞིན༌ལ༌ སྐྱེས༌ཏེ༌ སྟིང༌ནེ༌ ཞག༌ རྒྱད༌པའེ༌ ཞག༌ག༌ བུ༌ཚའ༌ ཕྲུ༌གུ༌གུན༌ནི༌ ཤའེ༌ པགས༌པ༌ ཅད༌ཏེ༌ ཟུགས༌པོའེ༌ཀ༌ སྟགས༌ ཅོ༌གོས༌སད༌པིན༌།