5
ཏད༌པའེ༌, ཐད༌པོ༌ ཁྱོང༌ང༌ནོག༌།
5:1 ནེ༌ 11
ཏ༌ ང༌དང༌གུན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཏད༌པའེ༌ ཞས༌ཏེ༌ དྲང༌པོ༌ ཐེའ༌ ཛད༌པ༌, ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ གྱུད༌ཏེ༌, ང༌དང༌གུན༌ལ༌ དཀོན༌མཆོག༌ ཉམ༌པོ༌ ཐུན༌བྲེལ༌ ཡོད༌ཏེ༌ ཨིན༌ནོག༌། ང༌དང༌གུན༌ནི༌ ཏད༌པའེ༌ ཞས༌ཏེ༌ མ༌ཤི༌ཀའེ༌ ང༌དང༌གུན༌ལ༌ འོས༌པ༌ མེད༌ཁན༌ནི༌ ཏེ༌ ནས༌ས༌བོའེ༌ ནང༌ང༌ དུག༌ཅེས༌ལ༌ ཁྱོང༌ང༌ ཛདས༌། ཡང༌ ང༌དང༌གུན༌ ལོ༌ཁྱེལ༌ དང༌ ཐད༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ ཟིར༌རྗིད༌པོའེ༌ ནང༌ང༌ དྲེས༌ ཐུབ༌ཨིན༌།
ཏེ༌ནང༌ང༌ མ༌ཚད༌, ང༌དང༌གུན༌ནི༌ ནགས༌བར༌དོའེ༌ ནང༌ངའང༌ སྟོད༌པ༌ ཕུལ༌ལ༌ནོག༌, ཅིའ༌ཟེར༌ན༌ ང༌དང༌ང༌ གྱུས༌ཨིན༌ནོག༌ ནགས༌བར༌དོའེ༌ ཟོད༌སེམས༌ སྐྱེ༌ཅུག༌ཅེས༌, ཟོད༌སེམས༌སི༌ སྕོད༌ལམ༌ ཟང༌པོ༌ ལྡན༌ཅུག༌ཅེས༌, ཡང༌ སྕོད༌ལམ༌ ཟང༌པོའེ༌ ང༌དང༌གུན༌ལ༌ ཐར༌པའེ༌ རེ༌ཝའེ༌ ལོ༌ཁྱེལ༌ ཏང༌ང༌ནོག༌། ཡང༌ འི༌ རེ༌ཝ༌ ཡོད༌ཅེས༌པོའེ༌ ང༌དང༌གུན༌ནི༌ སྤོས༌པ༌ ཆག༌ག༌ མ༌ནོག༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ང༌དང༌གུན༌ནི༌ སེམས༌པོ༌ ང༌དང༌ང༌ སལ༌ཁན༌ནི༌ དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌, ཁོང༌རང༌ངི༌ ཡ༌ཤའེ༌ སྐང༌ང༌ ཛད༌ཏེ༌ ཨིན༌ནོག༌།
དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ ཏུས༌པོའེ༌ཀ༌, ང༌དང༌གུན༌ནི༌ སྟོབས༌ ཚར༌ཏེ༌ ང༌དང༌གུན༌ནི༌ ནང༌ང༌ ཁྱུད༌མེད༌ ཟ༌ནེ༌, མ༌ཤི༌ཀ༌ ང༌དང༌ སྡིག༌ཅན༌གུན༌ནི༌ ཕིའ༌ ཀྲོངས༌ས༌ ཛདས༌། མི༌ མང༌ཆེའ༌གུན༌ མི༌དྲང༌པོ༌ཞིག༌གི༌ ཏོན༌ལ༌ ཤིའ༌ མ༌ནོག༌, ཅི༌པ༌ཏ༌ ཅིག༌ཅིག༌ ཡོད༌གྲོ༌ ཀ༌བོའེ༌ ངའ༌ མི༌ ཟང༌པོའེ༌ ཏོན༌ལ༌ ཤི༌ཉན༌ཅེས༌རག༌ ཟེར༌སྲིད༌ཨིན༌། *5:7 གལ༌ཏེས༌ མི༌ དྲང༌པོའེ༌ ཕིའ༌ སུ༌ཞིག༌གའང༌ ཤིའ༌ ཐད༌ད༌ མེད༌ན༌ ཏེ༌ནེ༌ སྡིག༌ཅན༌ མི༌ཞིག༌གི༌ ཕིའ༌ ཤི༌ཅེས༌ལ༌ སུ༌ ཐད༌ཨིན༌? ཨིན༌ནའང༌ ང༌དང༌གུན༌ སྡིག༌ཅན༌ ཨིན༌ ཟ༌ནེ༌, དཀོན༌མཆོག༌གི༌ མ༌ཤི༌ཀ༌ ང༌དང༌གུན༌ནི༌ ཏོན༌ལ༌ ཀྲོང༌ས༌ ལམ༌ཅུག༌ག༌ ཛད༌ཏེ༌, ཁོང༌ངི༌ ང༌དང༌ང༌ ཅེས༌པ༌ ཆེན༌མོ༌ ཛད༌ཁན༌བོ༌ ལྟན༌ན༌ ཛདས༌། ཡང༌ མ༌ཤི༌ཀའེ༌ སྐུ༌ཁྲག༌ གྱུད༌ཏེ༌, ང༌དང༌གུན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ ཛད༌ པ༌སང༌, ཁོང༌ངི༌ ང༌དང༌གུན༌ ཏན༌ཏན༌ དཀོན༌མཆོག༌གི༌ ཐུགས༌སྲོའེ༌ ཀ༌ནེ༌ སྐྱོབ༌ཅེས༌པོའ༌ ལོ༌ཁྱེལ༌ ཡོང༌གོས༌། 10 ང༌དང༌གུན༌ དཀོན༌མཆོག༌གི༌ གྲ༌འོ༌ ཨིན༌ ཟ༌ནེ༌, ཁོང༌རང༌ངི༌ སྲས༌ ཀྲོང༌ཤེས༌པོ༌ གྱུད༌ཏེ༌, ཁོང༌ངི༌ ང༌དང༌གུན༌ ཁོང༌ ཉམ༌པོ༌ ཐུན༌བྲེལ༌ ཛདས༌། ཏེན༌ན༌ ཐུན༌བྲེལ༌བོའེ༌, ཁོང༌རང༌ངི༌ སྲས༌སི༌ སྲོག༌ གྱུད༌ཏེ༌, ཁོང༌ངི༌ ང༌དང༌གུན༌ སྐྱོབ༌བ༌ ཛད༌ཅེས༌པོའ༌ ལོ༌ཁྱེལ༌ སྲན༌ཏྲེ༌ རག༌། 11 ཏ༌ ང༌དང༌གུན༌ནི༌ དཀོན༌མཆོག༌ ཉམ༌པོ༌ བྲེལ༌ སོ༌མ༌བོའེ༌ ནང༌ང༌ གའ༌མོ༌ ཅོ༌ཨིན༌, ཅིའ༌ཟེར༌ན༌ ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌, ང༌དང༌གུན༌ དཀོན༌མཆོག༌གི༌ ཛ༌འོ༌ གྱུར༌ ཅུག༌ག༌ ཛདས༌།
ཨ༌དཱམ༌ དང༌ མ༌ཤི༌ཀ༌།
5:12 ནེ༌ 21
12 ནམ༌ ཨ༌དཱམ༌མི༌ སྡིག༌པ༌ ཅོས༌, ཏེ༌ མི༌ ཅིག༌པོ༌ གྱུད༌ཏེ༌ ཇིག༌རྟེན༌ནི༌ ནང༌ང༌ སྡིག༌པ༌ གོ༌ཟུགས༌། ཨ༌དཱམ༌མི༌ སྡིག༌པའེ༌ ཤི༌ཅེས༌ ཁྱོངས༌པ༌, ཤི༌ཅེས༌པོ༌ མི༌ཚང༌མའེ༌ཀ༌ ཕེལ༌, ཅིའ༌ཟེར༌ན༌ མི༌ཚང༌མའེ༌ སྡིག༌པ༌ ཅོས༌། 13 ཁྲིམས༌ ཐོབ༌བི༌ སང༌ སྔུན༌ལའང༌ སྡིག༌པ༌ ཇིག༌རྟེན༌ནི༌ ནང༌ང༌ ཡོད༌པིན༌། ཨིན༌ནའང༌ ཏེ༌བོ༌ སྡིག༌པ༌ ཐེའ༌ མ༌ཛདས༌, ཅིའ༌ཟེར༌ན༌ ཏེ༌ཏེ༌ཚོག༌པ༌ ཅག༌ཅེས༌ལ༌ ཁྲིམས༌ཤིག༌ མ༌ནེ༌ མེད༌པིན༌། 14 ཨིན༌ནའང༌ ཨ༌དཱམ༌མི༌ ཏུས༌ནེ༌ ཏངས༌ཏེ༌ མོ༌ཟེས༌སི༌ ཏུས༌ ཚོག༌པ༌, མི༌གུན༌ནི༌ ཨ༌དཱམ༌ ཙོགས༌ལ༌ བཀའ༌ ཅགས༌ཏེ༌ སྡིག༌པ༌ མ༌ཅོ༌ནའང༌, ཁོང༌གུན༌ ཤི༌། ཨ༌དཱམ༌ ནི༌ སྐྱོད༌ཅེས༌ཅན༌བོའེ༌, སྟགས༌པོ༌ ཨིན༌པིན༌། 15 ཨིན༌ནའང༌ ཨ༌དཱམ༌མི༌ སྡིག༌པ༌ དང༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ སོལ༌རས༌པོའེ༌ ནང༌ང༌ མ༌ཁྱད༌པར༌ ཆེན༌མོ༌ཞིག༌ ཡོད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཨ༌དཱམ༌, འི༌ མི༌ ཅིག༌པོའེ༌ སྡིག༌པའེ༌, མང༌པོ༌ཞིག༌གི༌ཀ༌ ཤི༌ཅེས༌ ཁྱོངས༌། ཨིན༌ནའང༌ ཏེ༌སང༌ ཀྲག༌པོ༌ ནི༌ དཀོན༌མཆོག༌གི༌ ཧ༌ལས༌ཤེས༌སི༌ ཐུག༌རྗེ༌ དང༌ མང༌པོ༌ཞིག༌ག༌ ཤགས༌པོའེ༌ སོལ༌རས༌པོ༌ ཨིན༌པིན༌, ཀ༌བོ༌ མི༌ ཉིས༌པ༌ ཡེ༌ཤུ༌ མ༌ཤི༌ཀ༌, གྱུད༌ཏེ༌ སལས༌། 16 ཡང༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ སོལ༌རས༌པོའེ༌ བྲས༌བུ༌ ནི༌, ཏེ༌ མི༌ ཅིག༌པོའེ༌ སྡིག༌པའེ༌ བྲས༌བུ༌ དང༌ཙོགས༌ མེད༌པ༌ ཨིན༌ནོག༌། ཨ༌དཱམ༌མི༌ སྡིག༌པའེ༌ ཞས༌ཏེ༌ དཀོན༌མཆོག༌གི༌ ཤི༌ཅེས༌སི༌ ཆད༌པའེ༌ ཁྲིམས༌ཅད༌ སལས༌། ཨིན༌ནའང༌ དཀོན༌མཆོག༌གི༌ རིན༌ མ༌ཤལ༌ཁན༌ནི༌ སོལ༌རས༌པོའེ༌, ང༌དང༌གུན༌ནི༌ཀ༌ སྡིག༌པ༌ མང༌པོའེ༌ སྐྱོན༌ ཡོད༌ནའང༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ ཅོ༌ཅེས༌ལ༌ ཁྲིད༌ད༌ནོག༌། 17 འི༌ ཨ༌དཱམ༌, མི༌ ཅིག༌པོའེ༌ སྡིག༌པའེ༌ ཞས༌ཏེ༌ ཤི༌ཅེས༌སི༌ ཝང༌ མི༌ མང༌པོ༌ཞིག༌གི༌ཀ༌ སྲུལས༌། ཨིན༌ནའང༌ ཡེ༌ཤུ༌ མ༌ཤི༌ཀ༌, མི༌ ཅིག༌པོ༌ གྱུད༌ཏེ༌, དཀོན༌མཆོག༌གི༌ ཧ༌ལས༌ཤེས༌སི༌ ཐུག༌རྗེ༌ དང༌ དྲང༌པོ༌ གྱུར༌ཅེས༌སི༌ སོལ༌རས༌ ཐོབ༌ཁན༌ ཚང༌མའེ༌ ནང༌ང༌ ཙམ༌ཤིག༌གི༌ མང༌ང༌ ཀྲག༌པོ༌ ཝང༌ མི༌སྲུལ༌།
18 འོ༌ན༌, ཨ༌དཱམ༌མི༌ སྡིག༌པ༌ ཅིག༌ཅིག༌པོའེ༌, མི༌ཚང༌མའེ༌ཀ༌ ཤི༌ཅེས༌སི༌ ཆད༌པ༌ ཕོག༌། ཨིན༌ནའང༌ མ༌ཤི༌ཀའེ༌ ཆག༌ལས༌ དྲང༌པོ༌ ཅིག༌ཅིག༌གི༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ ཅོའ༌ ཛད༌ཏེ༌ མི༌ཚང༌མ༌ལ༌ མི༌ཚེའེ༌ སོ༌མ༌ཞིག༌ སལ༌ལ༌ ཛདས༌། 19 མི༌ ཅིག༌གི༌ དཀོན༌མཆོག༌གི༌ ཁའ༌ མི༌ཉན༌ཅེས༌པོའེ༌, མང༌པོ༌ཞིག༌ སྡིག༌ཅན༌ གྱུར༌ཅུགས༌། ཨིན༌ནའང༌ ཞན༌ཡང༌ མི༌ ཅིག༌གི༌ དཀོན༌མཆོག༌གི༌ ཁའ༌ཉན༌ཅེས༌པོའེ༌, མང༌པོ༌ཞིག༌ མི༌ དྲང༌པོ༌ གྱུར༌ ཅུག༌ག༌ ཛད༌ཨིན༌། 20 མི༌གུན༌ ཙམ༌ཤིག༌ སྡིག༌ཅན༌ ཨིན༌ཁན༌བོ༌ ལྟན༌ཅེས༌སི༌ ཕིའ༌ དཀོན༌མཆོག༌གི༌ ཁྲིམས༌པོ༌ སལ༌ལ༌ ཛདས༌། ཨིན༌ནའང༌ ཁྲིམས༌པོའེ༌ སྡིག༌པ༌ ངན༌པ༌ ཨིན༌ཁན༌བོ༌ མང༌ང༌ སལ༌པོ༌ ཅོའད༌ནའང༌, དཀོན༌མཆོག༌གི༌ ཧ༌ལས༌ཤེས༌སི༌ ཐུག༌རྗེ༌བོ༌ ཏེ༌སང༌ མང༌ང༌ ཀྲག༌ག༌ ཨིན༌ནོག༌། 21 ཀ༌ཟུག༌ སྡིག༌པའེ༌ མི༌ཚང༌མའེ༌ཀ༌ ཝང༌སྲུལ༌ཏེ༌ ཤི༌ཅེས༌པོ༌ ཁྱོངས༌, ཏེ༌བོའེ༌ ཚབས༌ལ༌ དཀོན༌མཆོག༌གི༌ ཧ༌ལས༌ཤེས༌སི༌ ཐུག༌རྗེའེ༌ སོལ༌རས༌པོའེ༌ ཝང༌སྲུལ༌ལ༌ ཛད༌ཏེ༌, ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ གྱུད༌ཏེ༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ང༌དང༌གུན༌ དྲང༌པོ༌ ཅོའ༌ ཛད༌ཨིན༌། ཡང༌ ང༌དང༌གུན༌ ཐའ༌མེད༌པའེ༌ མི༌ཚེ༌ ཆོགས༌ལ༌ ཁྲིད༌ད༌ ཛད༌ཨིན༌།

*5:7 5:7 གལ༌ཏེས༌ མི༌ དྲང༌པོའེ༌ ཕིའ༌ སུ༌ཞིག༌གའང༌ ཤིའ༌ ཐད༌ད༌ མེད༌ན༌ ཏེ༌ནེ༌ སྡིག༌ཅན༌ མི༌ཞིག༌གི༌ ཕིའ༌ ཤི༌ཅེས༌ལ༌ སུ༌ ཐད༌ཨིན༌?