11
དཀོན༌མཆོག༌གི༌ སྙིང༌རྗེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ཀ༌།
11:1 ནེ༌ 24
1 ཏེ༌ནེ༌ ངའེ༌ ཏྲིའད༌, ཅི༌ དཀོན༌མཆོག༌གི༌ ཁོང༌རང༌ངི༌ མི༌ ཨིས༌ར༌ཨེལ༌པ༌གུན༌ ཕང༌ང༌ ཛདས༌ས༌? མ༌ནེ༌ ཕང༌ང༌ མ༌ཛདས༌། ང༌ ང༌རང༌ ཨིས༌ར༌ཨེལ༌པ༌ཞིག༌, ཨབ༌ར༌ཧམ༌མི༌ པུར༌གྱུད༌, བེན༌ཡཱ༌མིན༌ སྡེ༌ནེ༌ ཨིན༌།
2 དཀོན༌མཆོག༌གི༌ གོ༌ཟུག༌ནེ༌ ཕར༌ལ༌ ལྡམ༌མ༌ ཛད༌ཁན༌ནི༌ ཁོང༌རང༌ངི༌ མི༌གུན༌ ཕང༌ང༌ མ༌ཛདས༌། ཅི༌ ཏེ༌བོའེ༌ སྐོར༌ལ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌མེད༌ད༌? ལུང༌སྟོན༌པ༌ ཨེ༌ལི༌ཡཱའེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གྱབ༌གལ༌ལ༌ དཀོན༌མཆོག༌ག༌ ཞུ༌ཝ༌ ཕུལས༌,
3 "གཙོ༌བོ༌ལེ༌ ཁོང༌གུན༌ནི༌ ཉེ༌རང༌ངི༌ ལུང༌སྟོན༌པ༌གུན༌ སད༌ཏེ༌ ཉེ༌རང༌ངི༌ ཆོད༌ཁྲི༌གུན༌ ཤིགས༌། ང༌རང༌ ཅིག༌པོ༌ ལུས༌ཏེ༌ ཡོད༌, ཡང༌ ཁོང༌གུན༌ནི༌ ངའང༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོ༌རུག༌། "
4 ཡང༌ དཀོན༌མཆོག༌གི༌ ལན༌སལ༌ལ༌ ཛད༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ ཨིད༌ཏུ༌ མེ༌རག༌ག༌? "ངའེ༌ ང༌རང༌ངི༌ ཕིའ༌ བའལ༌ ཟེར༌ཁན༌ནི༌ སྐུན༌དྲའེ༌ དུན༌ལ༌ ཆག༌ མ༌ཕུལ༌ཁན༌ སྟོང༌རྡུན༌ སྐྱོབས༌ཏེ༌ བོར༌ཏེ༌ ཡོད༌། "
5 ཏེ༌ཙོགས༌ དི༌རིང༌ངའང༌ ཨིན༌ནོག༌, དཀོན༌མཆོག༌གི༌ ཐུག༌རྗེའེ༌ ཞས༌ཏེ༌, ཨིས༌ར༌ཨེལ༌པ༌ ཉུ༌ངུན༌ཞིག༌ དཀོན༌མཆོག༌ག༌ ཨིད༌ཤེས༌ཅན༌ ལུས༌ཏེ༌ ཨིན༌ནོག༌།
6 ཡང༌ གལ༌ཏེས༌ ཐུག༌རྗེའེ༌ ཞས༌ཏེ༌ ཨིན༌ན༌, ཏེ༌ནེ༌ ཏེ༌བོ༌ ཁོང༌གུན༌ནི༌ ལས༌ ཟང༌པོའེ༌ ཞས༌ཏེ༌ མ༌ནོག༌། གལ༌ཏེས༌ ཨིན༌པིན༌ན༌ ཏེ༌ནེ༌ ཁོང༌ངི༌ ཐུག༌རྗེ༌བོ༌, རིན༌ མ༌ཤལ༌ལ༌ ཡང༌ འོས༌པ༌ མེད༌པ༌ ཐོབ༌ཏེ༌ མེད༌གྲོ༌།
7 ཏེ༌ནེ༌ ཅི༌? དཀོན༌མཆོག༌གི༌ ཆོགས༌སྐྱོར༌ ཐོབ༌ཅེས༌ལ༌ རྩོན༌གྲུས༌ ཅོས༌ཏེ༌ ཙལ༌ཨིན༌ ཡོད༌ཁན༌ ཨིས༌ར༌ཨེལ༌པ༌ མང༌ཆེའ༌བོའ༌ མ༌ཐོབ༌བ༌ ཨིན༌ནོག༌ག༌? དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ ཁ༌ཅིག༌ག༌ ཐོབ༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ལུས༌ཁན༌གུན༌ནི༌ ཁོ༌རང༌གུན༌ནི༌ སྙིང༌ སྐྱོང༌པོ༌ ཅོས༌།
8 ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌,
"དཀོན༌མཆོག༌གི༌ ཁོང༌གུན༌ནི༌ སམ༌བ༌གུན༌ ཁྱོར༌ཅུག༌ག༌ ཛདས༌,
ཁོང༌གུན༌ལ༌ མིག༌ ཡོད༌ཏེའང༌ མ༌ཐོང༌ང༌ ཨིན༌ནོག༌
ཡང༌ ནམ༌ཅོག༌ ཡོད༌ཏེའང༌ མ༌ཚོར༌ར༌ ཨིན༌ནོག༌། "
9 ཏེན༌ན༌ ཙོགས༌ལ༌ དཱ༌བིད༌དི༌ མོལས༌,
"ཁོང༌གུན༌ནི༌ ཁར༌ཇི༌ གངས༌ཏེ༌ ཡོད༌ཁན༌ནི༌ ཅོག༌ཙེ༌བོ༌
ཁད༌ཅེས༌སི༌ པིལ༌ལྡེམ༌ཤིག༌ གྱུར༌ཤིག༌།
ཁོང༌གུན༌ནི༌ ཅིན༌ལབས༌པོའེ༌ ཁོང༌གུན༌ལ༌ སྒག༌གྱབ༌ཅུག༌ཤིག༌།
ཡང༌ ཁོང༌གུན༌ལ༌ འོས༌པ༌ ཨིན༌ཁན༌བོ༌ ཐོབ༌ཤིག༌།
10 ཁོང༌གུན༌ལ༌ མི༌ཐོང༌ཅེས༌སི༌ ཕིའ༌ ཁོང༌གུན༌ནི༌ མིག༌ ཞར༌ ཅུག༌ཤིག༌།
ཡང༌ ལྕིན༌ཏྲེ༌ ཁུར༌ཅེས༌པོའེ༌, ཁོང༌གུན༌ ཏུས༌གྱུན༌ནི༌ ཕིའ༌ གུ༌རུ༌ གྱུར༌ཤིག༌།"
11 ཅི༌ ཨིས༌ར༌ཨེལ༌པ༌གུན༌ སྒག༌གྱབས༌ཏེ༌ ལང༌ མ༌ནེ༌ མི༌ཉན༌ཅེས༌, ཏེ༌ཟམ༌ སྲན༌ཏྲེ༌ གྱེལ༌ལ༌? མ༌ནེ༌ མ༌གྱེལ༌། ཨིན༌ནའང༌ ཁོང༌ངི༌ ཁའ༌ མི༌ཉན༌ཅེས༌པོའེ༌, དཀོན༌མཆོག༌གི༌ ཐར༌པ༌བོ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ སལ༌ལ༌ ཛདས༌། ཁོང༌ངི༌ ཏེ༌བོ༌ ཅོའ༌ ཛད༌ཅེས༌སི༌ གྱུན༌ཚན༌བོ༌ ནི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཚིག༌ཅེས༌ ཡོངས༌ཏེ༌, ཁོ༌རང༌གུན༌ནི༌ ཕིའ༌ ཐར༌པ༌བོ༌ ལེན༌ཅེས༌ལ༌ ཨིན༌ནོག༌།
12 ཨིན༌ནའང༌ ཁོང༌གུན༌ནི༌ སྡིག༌པ༌ ཅོ༌ཅེས༌པོའེ༌, ཇིག༌རྟེན༌ གང༌པོའེ༌ མི༌གུན༌ནི༌ ཕིའ༌ ཅིན༌ལབས༌, ཡང༌ ཁོང༌གུན༌ལ༌ དཀོན༌མཆོག༌གི༌ ཆོགས༌སྐྱོར༌ མི༌ཐོབ༌ཅེས༌པོའེ༌, ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕིའ༌ ཅིན༌ལབས༌ ཁྱོང༌ངད༌ན༌, ཏེ༌ནེ༌ ཡ༌ཧུ༌དཱ༌པ༌ ཚང༌མའེ༌ མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ ཅོ༌ ཟ༌ནེ༌, ཏད༌པ༌ཅན༌ ཚང༌མ༌ལ༌ ཙམ༌ཤིག༌གི༌ ཆེན༌མོ༌ ཅིན༌ལབས༌ མི༌ཐོབ༌།
13 ངའེ༌ འི༌ ཚང༌མ༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཟེར༌རད༌, དཀོན༌མཆོག༌གི༌ ང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕིའ༌ སྐུ༌ཚབས༌ལ༌ སྐོའ༌ ཛད༌ཅེས༌པོའ༌ ཕོ༌སོ༌ ཚོར༌ར༌རག༌།
14 ཨིན༌ནའང༌ ངའེ༌ ལས༌པོའེ༌, ཨིས༌ར༌ཨེལ༌པ༌གུན༌ལ༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཡོད༌ཁན༌བོའེ༌ཀ༌ ཚིག༌ཅེས༌ ཡོང༌ཅུགས༌ཏེ༌ ཁོང༌ ཁ༌ཅིག༌གའང༌ སྐྱོབ༌ཉན༌ཅེས༌སི༌ ངའེ༌ རེ༌ཝ༌ ཨིན༌།
15 གལ༌ཏེས༌ ཁོང༌གུན༌ནི༌ ཕང༌ཅེས༌པོའེ༌, དཀོན༌མཆོག༌གི༌ ཐར༌པ༌བོ༌ ཞན༌ཡང༌ ཇིག༌རྟེན༌པ༌གུན༌ལ༌ སལ༌ལ༌ ཛད༌དད༌ན༌, ཏེ༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ནིའང༌ ཏེ༌ ཐར༌པ༌བོ༌ ལེན༌ ཟ༌ནེ༌, ཙམ༌ཤིག༌གི༌ མང༌ང༌ ཐད༌པོ༌ མི༌ཡོང༌། ཏེ༌བོ༌ ཤི༌ཁན༌གུན༌ནི༌ ཕིའ༌ མི༌ཚེ༌ གྱུར༌ཨིན༌།
16 གལ༌ཏེས༌ གོ༌མའེ༌ ཁ༌ཟས༌ ཙོགས༌ལ༌ པག༌པའེ༌ ཁག༌ཅིག༌ ཕུལ༌ཁན༌བོ༌ དམ༌པ༌ ཨིན༌ན༌, ཏེ༌ནེ༌ པག༌པའེ༌ གང༌པོ༌ དམ༌པ༌ ཨིན༌ནོག༌། ཏེན༌ན༌ ཙོགས༌ལ༌ ང༌དང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཕ༌མེས༌པོ༌གུན༌ དམ༌པ༌ ཨིན༌ན༌, ཏེ༌ནེ༌ ཁོང༌གུན༌ནི༌ པུར༌གྱུད༌གུན༌ནའང༌ དམ༌པ༌ ཨིན༌ནོག༌། གལ༌ཏེས༌ ཨོ༌ལིཝ༌ཝི༌ ལྕང༌མའེ༌ པ༌ཀྲག༌པོ༌ དམ༌པ༌ ཨིན༌ན༌, ཏེ༌ནེ༌ ཏེ༌ ལྕང༌མའེ༌ ཡལ༌ག༌གུན༌ནའང༌ དམ༌པ༌ ཨིན༌ནོག༌།
17 ཨིན༌ནའང༌ ཏེ༌ ཨོ༌ལིཝ༌ཝི༌ ལྕང༌མའེ༌ ཡལ༌ག༌ ཁ༌ཅིག༌ ཅགས༌ཏེ༌, མ༌ཏབ༌བ༌ སྐྱེ༌ཁན༌ནི༌ ཨོ༌ལིཝ༌ཝི༌ ལྕང༌མའེ༌ ཁོལ༌གུན༌, ཏེ༌ཚབས༌ལ༌ པེ༌ཝན༌ལ༌ ཏངས༌ པ༌སང༌, ཏ༌ ཁྱོ༌ཞ༌གུན༌ནིའང༌ ཏེ༌ ཨོ༌ལིཝ༌ཝི༌ ལྕང༌མའེ༌ སྟོབས༌ཅན༌ པ༌ཀྲག༌གི༌ ཁུའ༌བོ༌ བགོས༌ཏེ༌ ཐུང༌ང༌ནོག༌།
18 ཏེ༌ ཡལ༌ག༌ ཅག༌ཁན༌གུན༌ནི༌ ཚབས༌ལ༌ ཁྱོ༌ཞའ༌ པེ༌ཝན༌ལ༌ ཏང༌ཁན༌བོའེ༌ཀ༌ ཕོ༌སོ༌ མ༌ཅོ༌ཤིག༌། ཁྱོ༌ཞ༌གུན༌ ཏེ༌ ལྕང༌མའེ༌ པ༌ཀྲག༌པོ༌ མན༌པ༌ ཡལ༌ག༌ཞིག༌ ཨིན༌ནོག༌།
19 ཏེ༌ནེ༌ ཁྱོ༌ཞའེ༌ ཟེར༌སྲིད༌ཨིན༌, "ངའ༌ པེ༌ཝན༌ལ༌ ཏང༌ཅེས༌སི༌ ཕིའ༌ ཏེ༌ ཡལ༌ག༌གུན༌ ཅག༌ག༌ ཛདས༌།"
20 ཏེ༌བོ༌ དེན༌བ༌ ཨིན༌ནོག༌, ཨིན༌ནའང༌ མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ མ༌ཅོས༌པ༌, ཏེ༌ ཡལ༌ག༌གུན༌ ཅག༌ག༌ ཛདས༌, ཡང༌ ཁྱོ༌ཞའེ༌ ཏད༌པ༌ ཅོ༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ ཏེ༌ ལྕང༌མའེ༌ ཁག༌ཤིག༌ ཨིན༌ནོག༌། ཕོ༌སོ༌ མ༌ཅོ༌ཤིག༌, ཨིན༌ནའང༌ ཅི༌ བྱུང༌ཨིན༌ སམས༌ཏེ༌ ཇིགས༌ཤིག༌།
21 གལ༌ཏེས༌ དཀོན༌མཆོག༌གི༌ ངོས༌མའེ༌ ཡལ༌ག༌གུན༌ མ༌ཕུད༌ད༌ ཨིན༌ན༌, ཁོང༌ངི༌ ཁྱོ༌ཞ༌གུན༌ནའང༌ ཕུད༌ད༌ མི༌ཛད༌།
22 དཀོན༌མཆོག༌ ཐུག༌རྗེ༌ཅན༌ དང༌ ཁྲིམས༌ཅད༌ སྲན༌ཏྲེ༌ ཛད༌ཁན༌ ཨིན༌ཁན༌བོ༌ ཧ༌གོ༌གོས༌། ཁའ༌ མི༌ཉན༌ཁན༌གུན༌ནི༌ ཕིའ༌ ཁྲིམས༌ཅད༌ སྲན༌ཏྲེ༌, ཨིན༌ནའང༌ ཁྱོ༌ཞའེ༌ ཕིའ༌ ཐུག༌རྗེ༌ཅན༌། གལ༌ཏེས༌ ཁྱོ༌ཞའེ༌ ཁོང༌ངི༌ ཐུག༌རྗེའེ༌ ནང༌ང༌ ཨིད༌ཤེས༌ ཅོ༌ཨིན༌ དུག༌ མ༌དུག༌ན༌, ཁྱོ༌ཞ༌གུན༌ནའང༌ ཁོང༌ངི༌ ཅད༌ཏེ༌ ཕང༌ང༌ ཛད༌ཨིན༌།
23 ཡང༌ གལ༌ཏེས༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཏད༌པ༌ མེད༌ཅེས༌པོ༌ ཕང༌ན༌, ཁོང༌གུན༌ནའང༌ ཡང༌སྐྱར༌ ཏེ༌ ལྕང༌མའེ༌ ནང༌ང༌ པེ༌ཝན༌ལ༌ ཏང༌ང༌ ཛད༌ཨིན༌, ཅིའ༌ཞུ༌ན༌ དཀོན༌མཆོག༌ག༌ ཏེ༌ཟུག༌ ཛད༌ཅེས༌སི༌ ཝང༌བོ༌ ཡོད༌ཏེ༌ ཨིན༌ནོག༌།
24 གལ༌ཏེས༌ ཁྱོ༌ཞའ༌, མ༌ཏབ༌བ༌ སྐྱེ༌ཁན༌ ཨོ༌ལིཝ༌ཝི༌ ལྕང༌མའེ༌ ཡལ༌ག༌ ཨིན༌ཏེའང༌, དཀོན༌མཆོག༌གི༌ ཁྱོ༌ཞའ༌ ཏབ༌ཁན༌ནི༌ ཨོ༌ལིཝ༌ཝི༌ ལྕང༌མའེ༌ཀ༌ པེ༌ཝན༌ལ༌ ཏང༌ཅེས༌ལ༌ ཐད༌ད༌ ཛད༌དད༌ན༌, ཀ༌བོ༌ རང༌ཞིན༌ ཨིན༌ཁན༌ནི༌ གོ༌ལོག༌པོ༌ ཨིན༌ནོག༌, ཏེ༌ནེ༌ ངོས༌པོའེ༌ ལྕང༌མའེ༌ ཁོལ༌བོ༌ ཏེན༌ན༌ ངོས༌མ༌ ལྕང༌མའེ༌ ནང༌ང༌ པེ༌ཝན༌ལ༌ ཏང༌ང༌ ཛད༌ཅེས༌ལ༌ དཀོན༌མཆོག༌ ཙམ༌ཤིག༌ མང༌ང༌ ཐད༌ད༌ མི༌ཛད༌།
དཀོན༌མཆོག༌གི༌ སྙིང༌རྗེ༌ མི༌ཚང༌མའེ༌ ཕིའ༌།
11:25 ནེ༌ 36
25 སྤུན༌གུན༌, ཁྱོ༌ཞ༌གུན༌ ཕོ༌སོ༌ མི༌ཚོར༌ཅེས༌སི༌ ཕིའ༌ ངའེ༌, འི༌ དྲང༌པོའེ༌ སང༌ཝ༌བོ༌ ཁྱོ༌ཞ༌གུན༌ལ༌ ཧ༌གོ༌གོས༌ སམ༌མ༌རག༌། ཨིས༌ར༌ཨེལ༌པ༌ མང༌པོ༌ཞིག༌གི༌ སྙིང༌ སྐྱོང༌པོ༌ ལུས༌ཨིན༌, ནམ༌ཚོག༌པ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ ཚང༌མའེ༌, མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ མི༌ཅོ༌།
26 ཏེ༌ནེ༌ ཨིས༌ར༌ཨེལ༌པ༌ ཚང༌མའ༌ སྐྱོབ༌བ༌ ཛད༌ཨིན༌, ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌,
"སྐྱོབ༌བ༌ ཛད༌ཁན༌བོ༌ ཡེ༌རུ༌ཤ༌ལེམ༌ནེ༌ བིང༌ཨིན༌,
ཡང༌ ཁོང༌ངི༌ ཨིས༌ར༌ཨེལ༌པ༌གུན༌ ངན༌པའེ༌ ལས༌གུན༌ ཅོ༌ཅེས༌ནེ༌ གྱུར༌ ཅུག༌ག༌ ཛད༌ཨིན༌།
27 ཡང༌ ཁོང༌གུན༌ ཉམ༌པོ༌ ངའེ༌ ཆད༌དོན༌བོ༌ ནི༌,
ངའེ༌ ཁོང༌ངི༌ སྡིག༌པ༌གུན༌ མེད༌ཁན༌ ཅོ༌ཨིན༌།"
28 ཨིས༌ར༌ཨེལ༌པ༌ མང༌པོ༌ཞིག༌ ཏ༌ གའ༌མོའེ༌ ནས༌ཚུལ༌ལི༌ གྲ༌འོ༌ ཨིན༌ནོག༌། ཏེ༌ནེའང༌ ཁོང༌གུན༌ལ༌ ཏ༌རུང༌ངའང༌ དཀོན༌མཆོག༌གི༌ ཅེས༌པ༌ ཛད༌ད༌ནོག༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཏེ༌གུན༌ནི༌ ཕ༌མེས༌པོ༌ ཨབ༌ར༌ཧམ༌, ཨི༌སཱག༌ དང༌, ཡ༌ཀོབ༌ གུན༌ ལྡམ༌མ༌ ཛདས༌།
29 ངའེ༌ ཏེ༌བོ༌ ཟེར༌རད༌ ཅིའ༌ཟེར༌ན༌, ཁོང༌ངི༌ སོལ༌རས༌ སལ༌ལ༌ ཛད༌ཁན༌ དང༌ ལྡམ༌མ༌ ཛད༌ཁན༌ནི༌ ཐག༌ཅད༌བོའེ༌ ནང༌ང༌ གྱུར༌ཇ༌ མ༌ནེ༌ ཁྱོང༌ང༌ ཛད༌ད༌ མ༌ནོག༌།
30 ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནའང༌ ཏུས༌ཤིག༌ག༌ དཀོན༌མཆོག༌གི༌ ཁའ༌ མ༌ཉན༌ཁན༌ ཨིན༌པིན༌, ཨིན༌ནའང༌ ཏ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཁའ༌ མི༌ཉན༌ཅེས༌སི༌ བྲས༌བུ༌བོའེ༌, ཁྱོ༌ཞ༌གུན༌ལ༌ ཁོང༌ངི༌ སྙིང༌རྗེ༌ ཐོབ༌ཏེ༌ ཨིན༌ནོག༌།
31 ཏ༌ ཁོང༌གུན༌ ཁའ༌ མི༌ཉན༌ཁན༌ ཨིན༌ནོག༌, ཡང༌ དཀོན༌མཆོག༌གི༌ སྙིང༌རྗེའེ༌ ནང༌ང༌ ཁོང༌གུན༌ནའང༌ དྲེ༌ཤེས༌སི༌ ཕིའ༌, ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ སྙིང༌རྗེ༌ ཐོབ༌ཏེ༌ ཨིན༌ནོག༌།
32 དཀོན༌མཆོག༌གི༌ མི༌ཚང༌མ༌ལ༌ སྙིང༌རྗེ༌ ལྟན༌ན༌ ཛད༌ཅེས༌སི༌ ཕིའ༌ ཁོང༌ངི༌ མི༌ཚང༌མ༌ ཁའ༌ མི༌ཉན༌ཅེས༌སི༌ ལག༌ག༌ སྟད༌ད༌ ཛདས༌།
33 འོ༌, དཀོན༌མཆོག༌གི༌ གྱུ༌ནོར༌ དང༌ ཤེས༌རབས༌ དང༌ ཡོན༌ཏན༌ གུན༌ ཙམ༌ཤིག༌གི༌ ཇིགས༌པོ༌ མ༌ནོག༌། ཁོང༌ངི༌ ཁྲིམས༌ཅད༌ དང༌ ཆག༌ལས༌ ཛད༌ཅེས༌སི༌ ཚུལ༌ གུན༌ ང༌དང༌གུན༌ལ༌ མ༌ནེ༌ ཧ༌གོ༌ཐུབ༌ཅེས༌ མེད༌པ༌ ཨིན༌ནོག༌།
34 "སུའི༌ གཙོ༌བོའེ༌ ཐུགས༌སམ༌གུན༌ ཤེས༌ཨིན༌?
ཁོང༌ང༌ ཁ༌དའ༌ ཏང༌ཅེས༌སི༌ ཧ༌གོ༌ སུའ༌ ཡོད༌?
35 སུའི༌ ཁོང༌ང༌ ཏེ༌ཟམ༌ མང༌པོ༌ཞིག༌ ཏངས༌ཏེ༌ ཡོད༌,
ཀ༌བོ༌ ཁོང༌ང༌ ལོགས༌ཏེ༌ ཕུལ༌གོ༌ཤེས༌ སྒོས༌དོམ༌ སྐྱོདས༌།
36 ཁོང༌ངི༌ ཆོགས༌ནེ༌ ཅི༌ཚང༌མ༌ བྱུངས༌ཏེ༌, ཁོང༌ངི༌ ཝང༌ངི༌ ཞས༌ཏེ༌, ཏེ༌གུན༌ ལུས༌ཏེ༌ ཨིན༌ནོག༌། ཡང༌ ཏེ༌གུན༌ ཁོང༌ངི༌ སྤལ༌ལི༌ ཕིའ༌ ཨིན༌ནོག༌། དཀོན༌མཆོག༌ག༌ སྤལ༌ ཚང༌མ༌ ཏུས༌གྱུན༌ ཐོབ༌ཤིག༌, ཨ༌མེན༌།