12
དཀོན༌མཆོག༌གི༌ ཕིའ༌ མི༌ཚེའེ༌ ཆོད༌པ༌།
12:1 ནེ༌ 21
1 ངའེ༌ ཅེས༌པའེ༌ སྤུན༌གུན༌, དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ སྙིང༌རྗེ༌ ཛད༌ཅེས༌པོའེ༌, ཁྱོ༌ཞའེ༌ ཟུགས༌པོ༌ ཁོང༌ང༌ ཆོད༌པ༌ ཕུལ༌ཅེས༌ལ༌, ངའེ༌ ཇུ༌ཇུ༌ ཞུ༌ཨིན༌ ཞུ༌ཝ༌ ཕུལ༌ལད༌, ཏེ༌ ཟུགས༌གུན༌ སོན༌པོ༌ དང༌ དམ༌པ༌ ཆོད༌པ༌ ཡོང༌གོས༌, ཀ༌བོའེ༌ ཁོང༌ ཐུགས༌ཐད༌ད༌ ཛད༌ཅུག༌ཨིན༌། ཏེན༌ན༌བོ༌ དེན༌བའེ༌ ཁོང༌ང༌ ཅོལ༌ཅེས༌པོ༌ ཨིན༌ནོག༌།
2 འི༌ ཇིག༌རྟེན༌ནི༌ སྕོད༌ལམ༌ དང༌ ལུག༌སྲོལ༌ གུན༌ནི༌ ལན༌མོ༌ མ༌ཅོ༌ཤིག༌། ཨིན༌ནའང༌ དཀོན༌མཆོག༌ག༌ ཁྱོ༌ཞ༌རང༌ངི༌ སམ༌ཚུལ༌ལི༌ ནང༌ང༌ གྱུར༌ཇ༌ ཁྱོང༌ཅུག༌ག༌ ཛད༌ཏེ༌ ཁྱོ༌ཞ༌རང༌གུན༌ མི༌ སོ༌མ༌ རིག༌ག༌ གྱུར༌ར༌ ཛད༌ཅུག༌ཤིག༌། ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ དཀོན༌མཆོག༌གི༌ ཐུག༌གོངས༌པོ༌ གྱུས༌ཆེན༌, ཀ༌བོ༌ ཟང༌པོ༌, ཐད༌པོ༌ དང༌ སྐྱོན༌མེད༌ ཨིན༌ནོག༌།
3 ངའ༌ སལ༌ལ༌ ཛད༌ཁན༌ནི༌ ཐུག༌རྗེའེ༌ གྱུད༌ཏེ༌, ངའེ༌ ཁྱོ༌ཞའ༌ རེ༌རེ༌ ཟེར༌རད༌, ཁྱོ༌ཞ༌རང༌ དེན༌བ༌ ཨིན༌ཁན༌བོའེ༌ སང༌ གྱས༌པ༌ རིག༌ ཨིན༌ སམ༌ མ༌གོས༌། ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌གི༌ སལ༌ཁན༌ནི༌ ཏད༌པའེ༌ ཏབ༌ཅེས༌སི༌ ཚད༌པོ༌ ཀོལ༌ཏེ༌, ཁྱོ༌ཞ༌རང༌ང༌ ཁྲིམས༌ཅད༌ ཟ༌ནེ༌, དྲང༌པོ༌ ཟེར༌ཤིག༌།
4 ཀ༌ཟུག༌གི༌ ང༌དང༌གུན༌ནི༌ ཟུགས༌པོའ༌ ཡན༌ལག༌ མང༌པོ༌ཞིག༌ ཡོད༌, ཡང༌ རེ༌རེའེ༌ སོ༌སོ༌ ལས༌ རིག༌ ཅོའ༌ནོག༌།
5 ཏེན༌ན༌ ཙོགས༌པོ༌ མ༌ཤི༌ཀའེ༌ སྐུ༌ཟུགས༌, ང༌དང༌ངི༌ ཆོས༌ཚོགས༌པོ༌ ཨིན༌ནོག༌། ང༌དང༌གུན༌ ཟུགས༌པོ༌ ཅིག༌གི༌ ཡན༌ལག༌ མང༌པོ༌ཞིག༌ ཨིན༌ནོག༌, ཡང༌ ང༌དང༌ ཚང༌མ༌ ཅིག༌ དང༌ ཅིག༌གི༌ ཨིན༌ནོག༌།
6 དཀོན༌མཆོག༌གི༌ ཁོང༌རང༌ངི༌ ཐུག༌རྗེ༌ ནང༌ཞིན༌ ང༌དང༌གུན༌ལ༌ ཁྱུད༌ སྣ༌ཚོགས༌ རིག༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌། གལ༌ཏེས༌ མི༌ཞིག༌ག༌ ལུང༌སྟན༌ ཤད༌ཅེས༌སི༌ ཁྱུད༌ ཡོད༌ན༌, ཏེ༌བོ༌ ཁོའ༌, ཁོ༌རང༌ངི༌ ཏད༌པ༌ དང༌ སྟུན༌ཏེ༌ ཀོལ༌ཅུག༌།
7 གལ༌ཏེས༌ ཏེ༌བོ༌ ཞབ༌སྟོག༌ ཞུ༌ཅེས༌ ཨིན༌ན༌, ཁོའ༌ ཞབ༌སྟོག༌ ཞུ༌ཅུག༌། གལ༌ཏེས༌ ཏེ༌བོ༌ ལབ༌ཞ༌ ཏང༌ཅེས༌ ཨིན༌ན༌, ཁོའ༌ ལབ༌ཞ༌ ཏང༌ཅུག༌།
8 གལ༌ཏེས༌ ཏེ༌བོ༌ སྤོས༌པ༌ ཏང༌ཅེས༌ ཨིན༌ན༌, ཁོའ༌ སྤོས༌པ༌ ཏང༌ཅུག༌། གལ༌ཏེས༌ ཏེ༌བོ༌ ཞན༌གུན༌ལ༌ རོགས༌ ཅོ༌ཅེས༌ ཨིན༌ན༌, ཁོའ༌ སྙིང༌ ཕེས༌ཏེ༌ ཅོ༌ཅུག༌། གལ༌ཏེས༌ ཏེ༌བོ༌ ཆོས༌ཚོགས༌ལ༌ གོ༌ཁྲིད༌ ཅོ༌ཅེས༌ ཨིན༌ན༌, ཁོའ༌ ཏེ༌ ཁག༌པོ༌ མ༌ རྩོན༌གྲུས༌ ཉམ༌པོ༌ ཅོ༌ཅུག༌། གལ༌ཏེས༌ ཏེ༌བོ༌ སྙིང༌རྗེ༌ ལྟན༌ཅེས༌ ཨིན༌ན༌, ཁོའ༌ ཐད༌པོ༌ ཉམ༌པོ༌ ཅོ༌ཅུག༌།
9 ཞན༌མ༌གུན༌ལ༌ ཅེས༌པ༌ ཅོ༌ཟུན༌ མ༌ཏང༌ང༌, དེན༌བ༌ ཅེས༌པ༌ ཅོ༌ཤིག༌། ངན༌པ༌ ཚང༌མ༌ལ༌ ནཕ༌རད༌ ཅོ༌ཤིག༌། ཟང༌པོ༌ ཨིན༌ཁན༌བོའ༌ ཐམས༌ཏེ༌ དུག༌ཤིག༌།
10 ཅིག༌ དང༌ ཅིག༌ག༌ ངོས༌མའེ༌ མིང༌སྲིང༌ ཙོགས༌ ཅེས༌པ༌ ཅོ༌ཤིག༌། ཅིག༌ དང༌ ཅིག༌ག༌ རང༌ངི༌ སང༌ མང༌ང༌ རྩི༌ཝ༌ ཅོ༌ཤིག༌།
11 ལས༌མི༌ལམ༌ མ༌གྱུར༌ར༌, རྩོན༌གྲུས༌ སྲན༌ཏྲེ༌ ཅོ༌ཨིན༌, གཙོ༌བོའ༌ ཞབ༌སྟོག༌, དོད༌པ༌ ཆེན༌མོ༌ ཉམ༌པོ༌ ཞུ༌ཤིག༌།
12 རེ༌ཝའེ༌ ནང༌ང༌ གའ༌མོ༌ ཅོ༌ཤིག༌། ནགས༌སི༌ ནང༌ང༌ ཟོད༌པ༌ སྒོམ༌ཤིག༌། མོས༌ལམ༌ ཞུ༌ཅེས༌ མ༌ནེ༌ མ༌ཕང༌ཤིག༌།
13 དཀོན༌མཆོག༌གི༌ མི༌གུན༌ སྒོས༌དོམ༌མི༌ ནང༌ང༌ ཡོད༌ ཟ༌ནེ༌, ཁོང༌གུན༌ལ༌ རོགས༌ ཅོ༌ཅེས༌ལ༌ གྲལ༌གྲིག༌ དུག༌ཤིག༌། རང༌ངི༌ ཁང༌པ༌ ཏུས༌གྱུན༌ བེས༌པ༌གུན༌ནི༌ ཕིའ༌ ཕེས༌ཏེ༌ བོར༌ཤིག༌།
14 ཁྱོ༌ཞའ༌ རྡུག༌ངལ༌ ལྟན༌ཁན༌གུན༌ལ༌ ཅིན༌ལབས༌ ཏོང༌ཤིག༌, ཏེ༌གུན༌ལ༌ ངན༌ མ༌ཏབ༌ཤིག༌། དཀོན༌མཆོག༌གི༌ ཁོང༌གུན༌ལ༌ ཅིན༌ལབས༌ སལ༌ལ༌ ཛད༌ཅེས༌ལ༌ མོས༌ལམ༌ ཕུལ༌ཤིག༌།
15 སྐྱིད༌པོ༌ ཅོ༌ཁན༌གུན༌ ཉམ༌པོ༌ སྐྱིད༌པོ༌ ཅོ༌ཤིག༌། རྡུག༌པོ༌ ཅོ༌ཁན༌གུན༌ ཉམ༌པོ༌ རྡུག༌པོ༌ ཅོ༌ཤིག༌།
16 ཅིག༌ དང༌ ཅིག༌ ཉམ༌པོ༌ ཐུན༌ཏེ༌ དུག༌ཤིག༌། ཕོ༌སོ༌ མ༌ཚོར༌ར༌ མི༌ ཉམ༌ཤུང༌གུན༌ ཉམ༌པོ༌ དྲེ༌ཤེས༌ལ༌ ཐད༌གོས༌། ཡང༌ ཁྱོ༌ཞ༌གུན༌ལ༌ ཅི༌ཚང༌མ༌ ཤེས༌སད༌ མ༌སམ༌ཤིག༌།
17 ངན༌པ༌ ཅོ༌ཁན༌ཞིག༌གི༌ ལན༌ལ༌ ངན༌པ༌ མ༌ཅོ༌ཤིག༌། ཞན༌མ༌ ཚང༌མའེ༌ རྩི༌ཝ༌ཅན༌ ཐེ༌ཁན༌ནི༌ ལས༌ རིག༌ ཅོ༌ཤིག༌།
18 ཚང༌མ༌ ཉམ༌པོ༌ ཞི༌དེའེ༌ ནང༌ང༌ དུག༌ཅེས༌ལ༌ ཁྱོ༌ཞའེ༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོ༌ཤིག༌།
19 ཅེས༌པའེ༌ ཛ༌འོ༌གུན༌, ངན༌པ༌ ལན༌ མ༌ཏང༌ང༌, ཏེ༌བོ༌ དཀོན༌མཆོག༌གི༌ ཐུགས༌སྲོའེ༌ ཕིའ༌ བོར༌ཤིག༌, ཅིའ༌ཟེར༌ན༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌,
"ངའེ༌ ལན༌ཏང༌ཨིན༌།
ངའེ༌ ཁོང༌གུན༌ལ༌ ལོགས༌ཏེ༌ ལན༌ཏང༌ཨིན༌། "
གཙོ༌བོའེ༌ མོལས༌།
20 མ༌ཚད༌ ལན༌ནི༌ ཚབས༌ལ༌,
"གལ༌ཏེས༌ ཁྱོ༌ཞའེ༌ གྲ༌འོ༌གུན༌ སྟོགས༌སད༌ན༌,
ཁོང༌གུན༌ལ༌ ཟའ༌ཅེས༌ ཏོང༌ཤིག༌།
གལ༌ཏེས༌ ཁོང༌གུན༌ སྐོམས༌སད༌ན༌,
ཁོང༌གུན༌ལ༌ ཐུང༌ཅེས༌ལ༌ ཆུ༌ ཏོང༌ཤིག༌།
ཏེ༌ཟུག༌ ཅོ༌ཅེས༌ནེ༌, ཁྱོ༌ཞའེ༌ ཁོང༌གུན༌ནི༌ སེམས༌སི༌ ནང༌ང༌
ཁྲེལ༌བའེ༌ བར༌ཨིན༌ ཡོད༌ཁན༌ནི༌ སོལ༌ལ༌བོ༌ སྤུངས༌ཏེ༌ ཨིན༌ནོག༌། "
21 ཁྱོ༌ཞའེ༌ཀ༌ ངན༌པའ༌ གྱལ༌ཐོབ༌ མ༌ཅུག༌ཤིག༌, ཨིན༌ནའང༌ ལས༌ ཟང༌པོ༌ གྱུད༌ཏེ༌ ཁྱོ༌ཞའེ༌ ཁྱོ༌ཞ༌རང༌ང༌ ངན༌པའེ༌ཀ༌ གྱལ༌ཐོབ༌ ཅུག༌ཤིག༌།