12
བུ༌མོ༌ དང༌ བྲུག༌།
12:1 ནེ༌ 18
1 ཡང༌ ནམ༌ཁའེ༌ ནང༌ང༌ ཧ༌ལས༌ཤེས༌སི༌ ལྟས༌ ཆེན༌མོ༌ཞིག༌ བྱུང༌, ཏེ༌ནང༌ང༌ ཉི༌མ༌ ཀོས༌ ཙོགས༌ལ༌ གོན༌ཏེ༌, རྐང༌པའེ༌ ཡོག༌ག༌ ཟླ༌ཝ༌ དང༌ གོའེ༌ཀ༌ སྐར༌མ༌ ཅུག༌ཉིས༌སི༌ ཐོར༌ཤོག༌ གོན༌ཁན༌ནི༌ བུ༌མོ༌ཞིག༌ ཐོང༌།
2 ཏེ༌ བུ༌མོ༌བོའ༌ ཕྲུ༌གུ༌ ཇོར༌ཅེས༌ དུག༌, ཡང༌ ཁོའ༌ ཕྲུ༌གུ༌ ཇོར༌ཅེས༌སི༌ ཟུ༌མོ༌ དང༌ རྡུག༌ངལ༌ ཡོད༌ཅེས༌པོའེ༌, ཁོའེ༌ སྲན༌ཏྲེ༌ ཀུ༌ཅོ༌ ཏང༌དུག༌།
3 ཏེ༌ནེ༌ ངའེ༌ ནམ༌ཁའེ༌ ནང༌ང༌ ཡང༌ ལྟས༌ཤིག༌གི༌ ནང༌ང༌, གོ༌ རྡུན༌ དང༌ རཱ༌ཅོ༌ རྕུ༌ ཡང༌ གོ༌ རེ༌རེ༌ཀ༌ ཐོར༌ཤོག༌ ཡོད༌ཁན༌ནི༌ བྲུག༌ ཆེན༌མོ༌ མར༌པོ༌ཞིག༌ ཐོང༌།
4 ཁོའེ༌ རྔ༌མ༌བོ༌ ནམ༌ཁའེ༌ ནང༌ང༌ སྐར༌མ༌ ཁག༌ སུམ༌མི༌ ནང༌ནེ༌ ཁག༌ ཅིག༌ག༌ གྱབས༌ཏེ༌ ཇིག༌རྟེན༌ནི༌ཀ༌ ཕངས༌, ཡང༌ ཕྲུ༌གུ༌བོ༌ ཟའ༌ཅེས༌སི༌ ཕིའ༌ ཏེ༌ བུ༌མོ༌ ཕྲུ༌གུ༌ ཇོར༌ཅེས༌ཅན༌ནི༌ དུན༌ལ༌ སོང༌ཏེ༌ དུགས༌།
5 ཏེ༌ བུ༌མོ༌བོའ༌ བུ༌ཚ༌ཞིག༌ ཇོར༌, ཁོང༌ངི༌ གྱལ༌ཁམས༌ ཚང༌མའེ༌ཀ༌ ཝང༌ཆ༌ ཚང༌མ༌ ཉམ༌པོ༌ ཝང༌སྲུལ༌ལ༌ ཛད༌ཨིན༌། བྲུག༌ག༌ ཟའ༌ མ༌ཅུག༌ག༌ ཧུན༌མེད༌ལ༌ ཏེ༌ བུ༌མོའེ༌ ཕྲུ༌གུ༌བོ༌ ཁོང༌རང༌ངི༌ ཁྲིས༌སི༌ཀ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཁྱེར༌ར༌ ཛདས༌།
6 ཡང༌ ཏེ༌ བུ༌མོ༌བོ༌ རི༌སྟོང༌ངི༌ ནང༌ང༌ ཤོར༌ཏེ༌ སོང༌, ཀ༌བོའེ༌ ནང༌ང༌ གཙོ༌བོ༌ དཀོན༌མཆོག༌གི༌ ནས༌ས༌ཞིག༌ གྲལ༌གྲིག༌ ཛད༌ཏེ༌ ཡོད༌པིན༌, ཀ༌རུ༌ ཞག༌ 1,260 ཚག༌པ༌ ཁོའ༌ ལྟ༌སྟོག༌ ཅོའ༌ ཛད༌ཨིན༌།
7 ཡང༌ ནམ༌ཁའེ༌ ནང༌ང༌ མག༌ ཏང༌ཅེས༌ གོ༌ཟུགས༌། ཕོ༌ཉ༌ མེ༌ཀཱ༌འེལ༌ དང༌ ཁོང༌ངི༌ ཕོ༌ཉ༌གུན༌ནི༌, ཏེ༌ བྲུག༌ དང༌ ཁོའེ༌ ཕྲོ༌པ༌ ཕོ༌ཉ༌གུན༌ལ༌ ནོལས༌, ཡང༌ བྲུག༌ དང༌ ཁོའེ༌ ཕྲོ༌པ༌གུན༌ནི༌ ལོགས༌ཏེ༌ ནོལས༌།
8 ཨིན༌ནའང༌ མག༌གི༌ ནང༌ང༌ བྲུག༌ ཕམས༌ པ༌སང༌, ཁོ༌ དང༌ ཁོའེ༌ ཕྲོ༌པ༌གུན༌ ནམ༌ཁའེ༌ ནང༌ནེ༌ ཕིང༌ང༌ ཛདས༌།
9 ཏེ༌ ཇིགས༌ནང༌ཅན༌ནི༌ བྲུག༌, རྡུད༌གུན༌ནི༌ གོ༌བ༌ ཤེ༌ཏན༌ ཟེར༌ཁན༌བོ༌ ནི༌, སྔུན༌མའེ༌ ཏུས༌སི༌ རུལ༌བོ༌ ཨིན༌ནོག༌། ཁོའེ༌ ཇིག༌རྟེན༌ གང༌པོའེ༌ མི༌གུན༌ལ༌ གོབ༌སྐོར༌ ཏངས༌ཏེ༌ ཨིན༌པིན༌། ཁོ༌ དང༌ ཁོའེ༌ ཕྲོ༌པ༌གུན༌ ཇིག༌རྟེན༌ནི༌ཀ༌ ཐུར༌ལ༌ ཕང༌ང༌ ཛདས༌།
10 ཏེ༌ནེ༌ ཡང༌ ང༌ ནམ༌ཁའ༌ནེ༌ སྐད༌ ཆེན༌མོ༌ཞིག༌ ཚོར༌,
"ཏ༌ ང༌དང༌ངི༌ དཀོན༌མཆོག༌གི༌ ཐར༌པ༌, ཝང༌ དང༌ གྱལ༌སྲིད༌
དང༌ ཁོང༌ངི༌ མ༌ཤི༌ཀའེ༌ ཝང༌སྲུལ༌བོ༌ ལེབ༌ ཚར༌ཏེ༌ ཨིན༌ནོག༌།
ཏ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ང༌དང༌ངི༌ སྤུན༌གུན༌ལ༌
ཉིན༌ཚན༌ མེད༌པ༌ སྐྱོན༌ ཀལ༌ཁན༌ནི༌ ཤེ༌ཏན༌བོ༌,
ཐུར༌ལ༌ ཇིག༌རྟེན༌ནི༌ཀ༌ ཕང༌ང༌ ཛད༌ཏེ༌ ཨིན༌།
11 ཡང༌ ང༌དང༌གུན༌ནི༌ སྤུན༌གུན༌ནི༌ ལུ༌གུའི༌ སྐུ༌ཁྲག༌ དང༌
གའ༌མོའེ༌ ནས༌ཚུལ༌ལི༌ སྤང༌པོ༌ ཏང༌ཅེས༌པོའེ༌, ཤེ༌ཏན༌ལ༌ ཕམ༌ཀལས༌།
ཏེ༌ སྤང༌པོ༌ ཏང༌ཅེས༌ལ༌ ཁོང༌གུན༌ སྲོག༌ ཏང༌ཅེས༌ དང༌
ཤི༌ཅེས༌ལའང༌ ཇིགས༌ མ༌ཇིགས༌།
12 ཏེ༌བོའེ༌ཕིའ༌ ནམ༌ཁའ༌ དང༌
ཏེ༌ནང༌ང༌ ཞུགས༌ཁན༌གུན༌ནི༌ སྐྱིད༌པོ༌ ཅོ༌ཤིག༌།
ཨིན༌ནའང༌ ས༌ཀྱད༌ དང༌ གྱ༌ཚོའེ༌ཀ༌ དུག༌ཁན༌གུན༌ལ༌
ཙམ༌ཤིག༌གི༌ ཇིགས༌ནང༌ མ༌ནོག༌, ཅིའ༌ཟེར༌ན༌ རྡུད༌གུན༌ནི༌ གོ༌བ༌
ཁྱོ༌ཞ༌གུན༌ ཡོད༌ས༌ ཐུར༌ལ༌ ཡོང༌དུག༌། ཁོ༌ སྲོའེ༌ གངས༌ཏེ༌ དུག༌
ཅིའ༌ཟེར༌ན༌ ཁོའེ༌ ལག༌ག༌ ཇིག༌རྟེན༌པ༌གུན༌ལ༌ གོབ༌སྐོར༌ཅེས༌སི༌ ཏུས༌,
ཉུ༌ངུན༌ཞིག༌ མ༌ནེ༌ མེད༌ཁན༌བོ༌ ཁོའ༌ གྱུས༌ཨིན༌ནོག༌"
13 བྲུག༌པོའ༌ ཁོ༌རང༌ ཐུར༌ལ༌ ཇིག༌རྟེན༌ནི༌ཀ༌ ཕངས༌ཏེ༌ ཨིན༌ཁན༌བོ༌ གྱུས༌ཆའ༌ཅིག༌, ཁོའེ༌, སྲས༌ ལྟམས༌ཁན༌ནི༌ བུ༌མོ༌བོའ༌ ཏེད༌ཏེ༌ ཁྱེརས༌།
14 ཨིན༌ནའང༌ ཏེ༌ བུ༌མོ༌བོའ༌ རི༌སྟོང༌ངི༌ ནང༌ང༌ གྲལ༌གྲིག༌ ཅོའ༌ ཛད༌ཁན༌ནི༌ ནས༌ས༌བོའེ༌ཀ༌ འུར༌ཏེ༌ ཆ༌ཉན༌ཅེས༌ལ༌ ལག༌ ཆེན༌མོའེ༌ ཤོག༌པ༌ ཙོགས༌ ཉིས༌ སལ༌ཏེ༌ དུག༌, ཀ༌རུ༌ དཀོན༌མཆོག༌གི༌ ལོ༌ སུམ༌ནང༌ཕེད༌ ཚག༌པ༌, ཏེ༌ བུ༌མོ༌བོའ༌ བྲུག༌གི༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ཏེ༌ ལྟ༌སྟོག༌ ཛད༌ཨིན༌།
15 ཏེ༌ནེ༌ ཏེ༌ བྲུག༌གི༌ ཁོའེ༌ ཁའ༌ནེ༌ བིང༌ཁན༌ནི༌ ཆུ༌ལོག༌ ཙོགས༌སི༌ ཆུའི༌ ནང༌ང༌ ཏེ༌ བུ༌མོ༌བོ༌ ནུབ༌ཅུགས༌ཏེ༌ སད༌ཅེས༌ ཅོས༌།
16 ཨིན༌ནའང༌ ཏེ༌ བུ༌མོའ༌ རོགས༌ ཅོ༌ཅེས༌ལ༌ ས༌ཀྱད༌པོ༌ ཕེས༌ཏེ༌ བྲུག༌གི༌ ཁའ༌ནེ༌ བིང༌ཁན༌ནི༌ ལྩངས༌པོའེ༌ ཆུ༌བོ༌ སྨིད༌ ཏངས༌།
17 ཏེ༌ནེ༌ བྲུག༌པོའ༌ ཏེ༌ བུ༌མོ༌བོའེ༌ཀ༌ མ༌སྲན༌ཏྲེ༌ སྲོ༌ ཡོངས༌, ཡང༌ བུ༌མོའེ༌ ལུས༌ཏེ༌ ཡོད༌ཁན༌ནི༌ པུར༌གྱུད༌, དཀོན༌མཆོག༌གི༌ བཀའ༌རྒྱ༌ ཁའ༌ཉན༌ཏེ༌ ཡེ༌ཤུའི༌ ལབ༌ཞ༌ གུན༌ལ༌ སྟན༌པོ༌ ཐམས༌ཏེ༌ དུག༌ཁན༌གུན༌ནི༌ གྱབ༌གལ༌ལ༌ མག༌ ཏང༌ཅེས༌ ཐག༌ཅདས༌།
18 ཏེ༌ནེ༌ བྲུག༌ གྱ༌ཚོའེ༌ ཐའ༌མའེ༌ པེ༌མའེ༌ཀ༌ ལངས༌ཏེ༌ དུགས༌།