24
པ༌འུ༌ལུ༌ དང༌ ཀའ༌ལོན༌ ཕེ༌ལིགས༌།
24:1 ནེ༌ 27
ཞག༌པོ༌ ལྔའེ༌ སྟིང༌ནེ༌ བླ༌མ༌ ཆེན༌མོ༌ ཨ༌ན༌ནི༌ཡཱས༌, འུ༌སྐྱོང༌ ཁ༌ཅིག༌ དང༌ ཏེར༌ཏུལ༌ལུས༌ ཟེར༌ཁན༌ནི༌ ཝ༌ཀྱིལ༌ ཉམ༌པོ༌ ཀའ༌ལོན༌ ཕེ༌ལིགས༌སི༌ཀ༌ པ༌འུ༌ལུའི༌ གྱབ༌གལ༌ལ༌ ཉད༌གལ༌ ཀལ༌ཁན༌གུན༌ ཤད༌ད༌ ཡོངས༌།
པ༌འུ༌ལུ༌ ཁྱོང༌ང༌ཅིག༌, ཝ༌ཀྱིལ༌ ཏེར༌ཏུལ༌ལུས༌སི༌ པ༌འུ༌ལུའི༌ཀ༌ ཉད༌ཀལ༌ཨིན༌ ཟེརས༌, "ཀྱེ༌ སྤོན༌བོ༌ ཕེ༌ལིགས༌ ཉེ༌རང༌ངི༌ ཝང༌ངི༌ ཡོག༌ག༌, ང༌ཞའེ༌ ཏུས༌ རིང༌མོ༌ཞིག༌ ཞི༌དེ༌ ཉོངས༌, ཡང༌ ཉེ༌རང༌ངི༌ ཤེས༌རབས༌ གྱུད༌ཏེ༌ འི༌ ཡུལ༌ལི༌ ནང༌ང༌ ཕན༌ཐོགས༌ཅན༌ནི༌ གྱུར༌ཇ༌ མང༌པོ༌ ཁྱོངས༌། སྤོན༌བོ༌ ཕེ༌ལིགས༌, ཏེ༌ ཚང༌མའེ༌ ཕིའ༌ ང༌ཞའེ༌ ཉེ༌རང༌ང༌ ཐུག༌རྗེ༌ཆེ༌ ཞུའད༌། ཨིན༌ནའང༌ ཉེ༌རང༌ངི༌ ཏུས༌ རིན༌ཅན༌བོ༌ གོད༌ལ༌ མ༌ཏང༌ང༌ ང༌ཞའེ༌ དོར༌ལྡུས༌ཏེ༌ ཤད༌ཅེས༌ཅན༌བོ༌ སན༌ན༌ ཛད༌། ང༌ཞའ༌ འི༌ མི༌བོ༌ ཕ༌སད༌ཕིང༌ཁན༌ཞིག༌ ཨིན༌ཁན༌ གྱུས༌སོང༌, ཁོའེ༌ ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཕྲོའ༌ ཧི༌ལིངས༌ ཕིང༌ཨིན༌ དུག༌དུག༌, ཡང༌ ཁོ༌ ན༌ཙ༌རེད༌པའེ༌ ཡམ༌ཚན༌ སྡེ༌ཞིག༌གི༌ གོ༌སྐྱོང༌ ཨིན༌ནོག༌། ང༌ཞའེ༌ ཆོད༌ཁང༌ངའང༌ ཚི༌ཏུ༌ ཅོ༌ཅེས༌སི༌ རྩོན༌གྲུས༌ ཅོས༌པ༌ ང༌ཞའེ༌ ཁོ༌ ཟུམས༌པིན༌། * 24:7 སྔུན༌མའེ༌ གིརིས༌སི༌ སྤེ༌ཆ༌ ཁ༌ཅིག༌གི༌ ནང༌ང༌ རྐང༌པ༌ 6 ཁ༌ཅིག༌, 7 གང༌པོ༌ ཡང༌ 8 ཁ༌ཅིག༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། ཏེ༌བོ༌ ནི༌ "6 ང༌ཞའེ༌ ཁོ༌ ང༌ཞ༌རང༌ངི༌ ཆོས༌ཁྲིམས༌ ནང༌ཞིན༌ ཁྲིམས༌ཅད༌ ཏངས༌ཏེ༌ ཡོད༌གྲོ༌ 7 ཨིན༌ནའང༌ མག༌སྟོང༌ངི༌ སྤོན༌བོ༌ ལི༌སི༌འས༌ ཡོངས༌ཏེ༌ འི༌ མི༌བོ༌ ང༌ཞའེ༌ ལག༌ནེ༌ ཝང༌ ཉམ༌པོ༌ ཀོགས༌ཏེ༌ ཁྱེརས༌། 8 ཡང༌ ཁོའེ༌ ཉད༌གལ༌པ༌གུན༌ ཉེ༌རང༌ངི༌ དུན༌ལ༌ ཡོང༌ཅེས༌ལ༌ བཀའ༌ ཏངས༌།" གལ༌ཏེས༌ ཁོའ༌ རྩར༌ཅོད༌ ཏང༌ན༌ ང༌ཞའེ༌ ཁོའེ༌ཀ༌ ཀལ༌ཁན༌ནི༌ སྐྱོན༌ ཚང༌མ༌ ཏན༌ཏན༌ ཨིན༌ཁན༌བོ༌ ཉེ༌རང༌ང༌ ཧ༌གོ༌ཨིན༌། ཡ༌ཧུ༌དཱ༌པ༌གུན༌ནིའང༌ ཅིག༌ སོང༌ཏེ༌ ཏེར༌ཏུལ༌ལུས༌སི༌ སྐྱོན༌ ཀལ༌ཁན༌ ཚང༌མ༌ དེན༌བ༌ ཨིན༌ནོག༌ ཟེརས༌།
10 ཀའ༌ལོན༌ནི༌ པ༌འུ༌ལུའ༌ ཟེར༌ཅེས༌ལ༌ རྡོའ༌ ཏང༌ང༌ཅིག༌, ཁོང༌ངི༌ ལན༌ཏང༌ཨིན༌ མོལས༌, "ལོ༌ མང༌པོ༌ཞིག༌ནེ༌ ཉེ༌རང༌ འི༌ གྱལ༌ཁམས༌སི༌ ཁྲིམས༌པོན༌ ཨིན༌ཁན༌བོ༌ ང༌ གྱུས༌ཡོད༌པ༌ ངའེ༌ ང༌རང༌ ནོངས༌མེད༌ ཨིན༌ཁན༌ནི༌ སྐོར༌ ཉེ༌རང༌ངི༌ དུན༌ལ༌ ཤད༌ད༌ ཐད༌ད༌རག༌། 11 ཞག༌ ཅུག༌ཉིས༌སི༌ སྔུན༌ལ༌, ང༌ ཡེ༌རུ༌ཤ༌ལེམ༌མི༌ ཆོད༌ཁང༌ང༌ དཀོན༌མཆོག༌ག༌ ཅོལ༌ལ༌ སོང༌ཁན༌བོ༌ ཉེ༌རང༌ངི༌ ལ༌མོ༌ ཉམ༌པོ༌ གྱུས༌ཅོ༌ཉན༌ཅེས༌ ཨིན༌ནོག༌, 12 མ༌ཚད༌ ངའེ༌ཀ༌ ཉད༌གལ༌ ཀལ༌ཁན༌གུན༌ནི༌ ང༌ ཆོད༌ཁང༌ངི༌ ནང༌ང༌ སུ༌ཞིག༌ ཉམ༌པོ༌ ཛིང༌མོ༌ ཏང༌ཨིན༌ ཡ༌ དུ༌ཁང༌གུན༌ ཡ༌ གྱལ༌སའེ༌ ནང༌ང༌ མི༌ཚོགས༌སི༌ ཕྲོའ༌ ཧི༌ལིངས༌ ཕིང༌ཨིན༌ མ༌ཐོང༌ང༌ ཨིན༌ནོག༌། 13 ཁོང༌གུན༌ནི༌ ངའེ༌ཀ༌ ཀལ༌ཁན༌ནི༌ ཉད༌གལ༌གུན༌ དེན༌བ༌ ཨིན༌ ཟེར༌ཏེ༌ ཉེ༌རང༌ང༌ ལྟན༌ མི༌ཐུབ༌།"
14 "ངའེ༌ མ༌ཤི༌ཀའེ༌ ལམ༌མི༌ཀ༌ གྲུལ༌ཏེ༌ ང༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ དཀོན༌མཆོག༌ག༌ ཅོལ༌ཁན༌བོ༌ དེན༌བ༌ ཡང༌ ལུང༌སྟོན༌པ༌ དང༌ བཀའ༌ཁྲིམས༌སི༌ སྤེ༌ཆ༌གུན༌ནི༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ ཚང༌མའེ༌ཀ༌ ཏད༌པ༌ ཅོའད༌, ཨིན༌ནའང༌ ཁོང༌གུན༌ནི༌ ཏེ༌བོའ༌ མི༌ཐུན༌པའེ༌ ཆོས༌ སྡེ༌ ཟེར༌དུག༌། 15 ཁོང༌གུན༌ནི༌ ནང༌ང༌, དཀོན༌མཆོག༌གི༌ མི༌ དྲང༌པོ༌ དང༌ ངན༌པ༌ ཉིས༌ཀོ༌ སོན༌ཏེའ༌ ལང༌ང༌ ཛད༌ཅེས༌སི༌ རེ༌ཝ༌ ཡོད༌ཁན༌བོ༌ ངའེ༌ ནང༌ངའང༌ ཡོད༌། 16 ཏེ༌བོའེ༌ཕིའ༌ ངའེ༌ མི༌ ཚང༌མ༌ དང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ང༌རང༌ངི༌ སེམས༌ ལག༌མོ༌ བོར༌ཅེས༌སི༌ རྩོན༌གྲུས༌ ཅོའད༌།"
17 "ལོ༌ མང༌པོ༌ཞིག༌གི༌ སྟིང༌ནེ༌, ང༌ ངའེ༌ ཡུལ༌པ༌ ཉལ༌བ༌ཅན༌གུན༌ལ༌ རོགས༌སི༌ པེ༌ནེ༌ ཁྱོང༌ཅེས༌ དང༌ དཀོན༌མཆོག༌ག༌ ཆོད༌པ༌གུན༌ ཕུལ༌ཅེས༌ལ༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ ཡོངས༌པིན༌། 18 ཁོང༌གུན༌ནི༌ ང༌ ཆོད༌ཁང༌ངི༌ ནང༌ང༌ ཐོང༌ ཟ༌ནེ༌ ང༌ ང༌ཞའེ༌ ཆོས༌སི༌ བཀའ༌ཁྲིམས༌ ནང༌ཞིན༌ལ༌ རྩང༌མ༌ སོང༌ཏེ༌ ཨིན༌པིན༌, ཡང༌ ངའེ༌ ངའེ༌ཁོར༌ལ༌ མི༌ཚོགས༌ ཡ༌ ཧི༌ལིངས༌ མེད༌པིན༌། 19 ཨིན༌ནའང༌ ཏེ༌རུ༌ ཨ༌སི༌ཨཱ༌པའེ༌ ཡ༌ཧུ༌དཱ༌པ༌ ཁ༌ཅིག༌ དུག༌པིན༌, གལ༌ཏེས༌ ངའེ༌ གྱབ༌གལ༌ལ༌ ཟེར༌ཅེས༌ ཡོད༌ན༌, ཏེ༌ནེ༌ ཁོང༌གུན༌ ཉེ༌རང༌ངི༌ དུན༌ལ༌ ང༌ སྐྱོན༌ ཀལ༌ལ༌ ཡོང༌གོས༌། 20 འི༌ཀ༌ ཡོད༌ཁན༌གུན༌ནི༌, ང༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ དུན༌ལ༌ ཡོད༌ ཟ༌ནེ༌ ཁོང༌གུན༌ལ༌ ངའེ༌ ནང༌ང༌ སྐྱོན༌ ཐོབ༌ཁན༌གུན༌ ཤད༌གོས༌། 21 'ངའེ༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ཅེས༌པོའེ༌ཀ༌ ཏད༌པ༌ ཅོས༌པ༌, དི༌རིང༌ ངའེ༌ཀ༌ ཤགས༌ ཏང༌ང༌ད༌' ཟེར༌ཏེ༌ ཀུ༌ཅོ༌ ཏངས༌ཅེས༌པོ༌ ཅིག༌པོ༌ ནི༌, ངའེ༌ སྐྱོན༌ ཨིན༌པིན༌།"
22 ཏེ༌ནེ༌ མ༌ཤི༌ཀའེ༌ ལམ༌མི༌ཀ༌ གྲུལ༌ཁན༌གུན༌ནི༌ སྐོར༌ལ༌ གྱལ༌ལ༌ གྱུས༌ཡོད༌ཁན༌ནི༌ ཕེ༌ལིགས༌སི༌, "མག༌སྟོང༌ངི༌ སྤོན༌བོ༌ ལི༌སི༌འས༌ ལེབ༌བ༌ཅིག༌, ཁྱོ༌རང༌ངི༌ ཤགས༌པོའ༌ ཐག༌ཅད༌ ཏང༌ཨིན༌" ཟེར༌ཏེ༌ མི༌ཚོགས༌ ཤོལ༌ཅུགས༌། 23 ཁོའེ༌ མག༌མི༌རྒྱའེ༌ སྤོན༌བོའ༌, པ༌འུ༌ལུའ༌ སྲུང༌ཁན༌ བོར༌ ཨིན༌ནའང༌ ཁར༌རི༌ ནང༌ གྲུལ༌ཅེས༌སི༌ རང༌ཝང༌ ཏོང༌ ཡང༌ ཁོང༌ངི༌ ཕྲོ༌པ༌གུན༌ལ༌ ཁོང༌ངི༌ སྒོས༌དོམ༌ ཁྱོང༌ཅེས༌ལ༌ སྒག༌ མ༌གོས༌ ཟེར༌ཏེ༌ བཀའ༌ ཏངས༌།
24 ཞག༌ ཁ༌ཅིག༌གི༌ སྟིང༌ནེ༌, ཕེ༌ལིགས༌ རང༌ངི༌ ན༌མ༌ གྲུརུ༌སིལ༌ལཱ༌ ཉམ༌པོ༌ ཡོངས༌, ཁོ༌ ཡ༌ཧུ༌དཱ༌མ༌ཞིག༌ ཨིན༌པིན༌། ཕེ༌ལིགས༌སི༌ པ༌འུ༌ལུའ༌ བོད༌ཁན༌ ཏངས༌ཏེ༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཏད༌པའེ༌ སྐོར༌ལ༌ པ༌འུ༌ལུའི༌ ཀ༌ནེ༌ ཉནས༌། 25 པ༌འུ༌ལུའི༌ ལས༌ དྲང༌པོ༌ ཅོ༌ཅེས༌, རང༌སེམས༌ ཅུན༌ཅེས༌ དང༌ ཡོང༌ཅེས༌ཅན༌ནི༌ དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ སྐོར༌ལ༌ ཤད༌ད༌ ཛད༌པ༌, ཕེ༌ལིགས༌ ཇིགས༌ཏེ༌ ཟེརས༌, "ཏ༌ བྲའོག༌, ཁྱོ༌རང༌ སོང༌, ཡང༌ ཞག༌ཤིག༌ ང༌ ལོང༌ ཡོད༌ ཟ༌ནེ༌ ངའེ༌ བོད༌ཨིན༌།" 26 པ༌འུ༌ལུའི༌ ཆོགས༌ནེ༌ ཕག༌སུབ༌བི༌ པེ༌ནེ༌ ཐོབ༌ཅེས༌སི༌ རེ༌ཝ༌ ཅོས༌པ༌ ཁོའེ༌ པ༌འུ༌ལུའ༌ སྤེ༌ར༌ ཏང༌ཅེས༌ལ༌ ལན༌ མང༌པོ༌ བོདས༌།
27 ལོ༌ ཉིས༌སི༌ སྟིང༌ནེ༌, ཕེ༌ལིགས༌སི༌ ཚབས༌ལ༌, ཕེས༌ཏུས༌ པོར༌ཀི༌འུས༌ ཟེར༌ཁན༌ནི༌ མི༌ཞིག༌ ཀའ༌ལོན༌ལ༌ སྐོས༌། ཕེ༌ལིགས༌ལ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཆོགས༌སྐྱོར༌ གོས༌ པ༌སང༌ ཁོའེ༌ པ༌འུ༌ལུ༌ ཙོན༌ཁང༌ངི༌ ནང༌ང༌ བོརས༌།

*24:7 24:7 སྔུན༌མའེ༌ གིརིས༌སི༌ སྤེ༌ཆ༌ ཁ༌ཅིག༌གི༌ ནང༌ང༌ རྐང༌པ༌ 6 ཁ༌ཅིག༌, 7 གང༌པོ༌ ཡང༌ 8 ཁ༌ཅིག༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། ཏེ༌བོ༌ ནི༌ "6 ང༌ཞའེ༌ ཁོ༌ ང༌ཞ༌རང༌ངི༌ ཆོས༌ཁྲིམས༌ ནང༌ཞིན༌ ཁྲིམས༌ཅད༌ ཏངས༌ཏེ༌ ཡོད༌གྲོ༌ 7 ཨིན༌ནའང༌ མག༌སྟོང༌ངི༌ སྤོན༌བོ༌ ལི༌སི༌འས༌ ཡོངས༌ཏེ༌ འི༌ མི༌བོ༌ ང༌ཞའེ༌ ལག༌ནེ༌ ཝང༌ ཉམ༌པོ༌ ཀོགས༌ཏེ༌ ཁྱེརས༌། 8 ཡང༌ ཁོའེ༌ ཉད༌གལ༌པ༌གུན༌ ཉེ༌རང༌ངི༌ དུན༌ལ༌ ཡོང༌ཅེས༌ལ༌ བཀའ༌ ཏངས༌།"